བཀའ་འགྱུར་རིན་པོ་ཆེ་

ཡོང་ཁུངས་Wikipedia

རྒྱལ་ཐང་བཀའ་འགྱུར་རིན་པོ་ཆེའི་སྐུ་ཕྲེང་དང་པོ་ཆུ་བཟང་བླ་མ་རིན་པོ་ཆེའི་དངོས་སློབ་བཀའ་འགྱུར་བ་དམ་ཆོས་བློ་བཟང་ཞུ་བ་རྒྱལ་ཐང་དུ་སྐུ་འཁྲུངས་ཤིང་སྐུ་ནར་སོན་ནས་གྲྭ་སར་ཕེབས་ཏེ་སེར་སྨད་སྤོམ་ར་ཁང་ཚན་དུ་སྒྲིག་ཞུགས་ཐོག་གཞུང་ཆེན་ཁག་ལ་གསན་བསམ་མཐར་ཕྱིན་པར་མཛད་པས་མཁས་པའི་དབང་པོར་གྱུར། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལྗགས་ལུང་གནང་བ་སོགས་ཟབ་རྒྱས་ཆོས་ཀྱི་ཆར་པས་སྐལ་ལྡན་གྱི་གདུལ་བྱའི་ཞིང་སར་དགེ་བའི་ལོ་ཏོག་བསྐྲུན་པར་མཛད་པ་སོགས་མཛད་འཕྲིན་རྨད་དུ་བྱུང་བ་དེ་ཉིད་ཀྱི་ཡང་སྤྲུལ་རིམ་པར་བྱོན་པ་ད་ལྟའི་བཀའ་འགྱུར་རིན་པོ་ཆེ་དེང་སྐབས་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོབ་པེར་སེར་སྨད་སྤོམ་ར་ཁང་ཚན་དུ་བཞུགས་མུས་འདི་ཡིན།