བཀའ་འགྱུར་བ་བློ་བཟང་ཐོགས་མེད་

ཡོང་ཁུངས་Wikipedia

བཀའ་འགྱུར་བ་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་ཐོགས་མེད་རིན་པོ་ཆེ་ཞུ་བ་ཁོང་རྒྱལ་ཐང་གཏེར་མ་རོང་བར་ལོ་ཞེས་པའི་གྲོང་དུ་སྐུ་འཁྲུངས་གྲྭ་སར་ཕེབས་ཏེ་སེར་སྨད་སྤོམ་ར་ཁང་ཚན་དུ་སྒྲིག་ཞུགས་ཀྱིས་གཞུང་ཆེན་ལ་གསན་བསམ་དཔྱིས་ཕྱིན་བར་མཛད་པས་མཁས་པའི་དབང་པོར་གྱུར། བཀའ་འགྱུར་ལྗགས་ལུང་སོགས་ཆོས་འཁོར་རྒྱ་ཆེར་བསྐོར་ཞིང་མཁས་བཙུན་བཟང་གསུམ་གང་གི་ཆ་ནས་བཀའ་གདམས་པའི་དགེ་བའི་བཤེར་གཉེན་ཆེན་པོ་དག་ལ་འགྲན་བཟོད་པ་ཞིག་བཞུགས། ཁོང་དགུངས་གྲངས་བདུན་ཅུ་དོན་ལྔ་སྐོར་ཕེབས་སྐབས་སུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་པར་གྱུར་ཏོ།