ཡོང་ཁུངས་Wikipedia

བ 1.བོད་ཡིག་གསལ་བྱེད་བཅོ་ལྔ་པ། འདིའི་ང་རོ་འདོན་ཚུལ་ལ་སྐྱེ་གནས་མཆུ་དང༌། བྱེད་པ་མཆུ། ནང་གི་རྩོལ་བ་མཆུ་གཉིས་ཕྲད་པ་དང༌། ཕྱིའི་རྩོལ་བ་སྲོག་ཆུང་སྒྲ་ལྡན། 2.མིང་གཞིའི་མོ་ཡིག་ཅིག 3.སྔོན་འཇུག་གི་ཕོ་ཡིག་ཅིག 4.རྗེས་འཇུག་ཕོ་ཡིག་གི་སྐྱེས་བུ་འབྲིང་བ་ཞིག 5.མིང་མཐའ་ཞིག་སྟེ།

             (དཔེར་ན།) འཆི་བ། དགའ་བ། འདར་བ། རྒྱལ་བ། གཏོང་བ་ཞེས་པ་ལྟ་བུ།  

6.བདག་སྒྲ་ཞིག

             (དཔེར་ན།) ཤིང་བཟོ་བ། ལྷ་ས་བ་ཞེས་པ་ལྟ་བུ།  

7. སྒོ་ཕྱུགས་བྱེ་བྲག་པ་ཞིག

             (དཔེར་ན།) བ་ལས་འོ་མ་བཞོས།  བ་ཕྲུག་ཅེས་པ་ལྟ་བུ། མིང་གི་རྣམ་གྲངས་ལ་འཇོ་མ་དང༌། དྲུས་མ། ནུ་རྒྱས་མ། བ་མོ། འབབ་བྱེད་ལུས་ལྡན། ཞོ་སྲུང་བྱེད། བཞོན་མ། འོ་འཕེལ། འོ་མ་འཆིང༌། ཡོངས་འཇོ་མ་བཅས་སོ། །
"https://bo.wikipedia.org/w/index.php?title=བ&oldid=122788"ལས་སླར་རྙེད་སོང།