ཕྱི་རོལ་པའི་གྲུབ་མཐའ་བཅུ་གཉིས་

ཡོང་ཁུངས་Wikipedia

ལྷའི་བླ་མའམ་ཕུར་བུའི་རྗེས་འབྲང་རྒྱང་འཕེན་པ། དྲང་སྲོང་སེར་སྐྱའི་རྗེས་འབྲང་གྲངས་ཅན་པ། ལྷ་ཚངས་པའི་རྗེས་འབྲང་རིག་བྱེད་པ། ཚངས་པའི་རྗེས་འབྲང་བརྡའ་སྤྲོད་པ། ཚངས་པའི་རྗེས་འབྲང་རིག་བྱེད་མཐའ་བ། ཚངས་པའི་རྗེས་འབྲང་གསང་སྟོན་པ། ལྷ་ཁྱབ་འཇུག་གི་རྗེས་འབྲང་ཁྱབ་འཇུག་པ། མུ་སྟེགས་རྒྱལ་དཔོག་གི་རྗེས་འབྲང་དཔྱོད་པ་བ། ལྷ་དབང་ཕྱུག་ཆེན་པོའི་རྗེས་འབྲང་ཡེ་སྲིད་པའམ་དབང་ཕྱུག་པ། མུ་སྟེགས་གཟན་དང་ཐུབ་པ་འུག་པའི་རྗེས་འབྲང་འུག་ཕྲུག་པའམ་བྱེ་བྲག་པ། མུ་སྟེགས་རྐང་མིག་པའི་རྗེས་འབྲང་རིག་པ་ཅན། མུ་སྟེགས་རྒྱལ་བ་དམ་པ་དང་ཁྱུ་མཆོག་གི་རྗེས་འབྲང་ཟད་བྱེད་པ་དང་བཅུ་གཉིས་སོ། །