ཕོ་རོག
ཕོ་རོག་ནི་བྱ་སྒྲོ་ནག་པོ་ལྡན་པའི་བྱ་ཁྭ་ཏ་ལས་ཅུང་ཆེ་བའི་འདབ་ཆགས་བྱའི་རིགས་ཞིག་རེད། འདི་ལ་བྱ་རོག་ཡང་ཟེར་རོ། དབྱིན་ཇིའི་སྐད་དུ་ raven ཟེར་
གསལ་བཤད།
[རྩོམ་སྒྲིག]བྱ་རོག་གི་སྐད་ལ་བརྟག་ཚུལ
[རྩོམ་སྒྲིག]ཀློང་རྡོལ་བླ་མ་རིན་པོ་ཆེས་མཛད་པའི་བྱ་རོག་གི་སྐད་ལ་བརྟག་ཚུལ། རྒྱ་གར་སྐད་དུ། ཀཱ་ཀ་ཛ་རི་ཏི། བོད་སྐད་དུ། བྱ་རོག་གི་སྐད་བརྟག་པར་བྱ་བ་འདི་ལྟ་སྟེ། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེ་རིགས་དང་། དམངས་རིགས་ཞེས་སོ། ། དེ་ལ་ཞོ་ལ་བརྩི་བ་བྲམ་ཟེའོ། ། མིག་དམར་བ་རྒྱལ་རིགས་སོ། ། གཤོག་པ་སྦུག་པ་རྗེ་རིགས་སོ། ། ཉའི་གཟུགས་ལྟ་བུ་དམངས་རིགས་སོ། ། མི་གཙང་བ་ཟ་བ་དང་། ། ཤ་འདོད་པ་ཡང་དེ་བཞིན་ནོ། ། འདི་དག་གི་སྐད་ཀྱི་རྣམ་འགྱུར་ནི། ། ཁྱིམ་བདག་གིས་ཅིག་ཅར་བདེན་པར་འགྱུར་བ་ནི་བརྗོད་པར་བྱ་སྟེ། ། ཐུན་དང་པོ། ཐུན་དང་པོ་ཤར་དུ་བྱ་རོག་སྐད་སྒྲོགས་ན་སེམས་ཅན་གྱི་འདོད་པ་འགྲུབ་པར་འགྱུར་རོ། ། ཤར་ལྷོར་བྱ་རོག་སྒྲ་སྒྲོགས་ན་དགྲ་འོང་པར་འགྱུར་རོ། ། ལྷོ་རུ་བྱ་རོག་སྐད་སྒྲ་སྒྲོགས་ན་གྲོགས་པོ་འོང་བར་འགྱུར་རོ། ། ལྷོ་ནུབ་ཏུ་བྱ་རོག་སྐད་སྒྲོགས་ན་མ་བསམ་པའི་རྙེད་པ་འོང་བར་འགྱུར་རོ། ། ནུབ་ཏུ་བྱ་རོག་སྐད་སྒྲོགས་ན་རླུང་ཆེན་པོ་འབྱུང་བར་འགྱུར་རོ། ། ནུབ་བྱང་གི་ཕྱོགས་སུ་བྱ་རོག་སྐད་སྒྲོགས་ན་མགྲོན་པོ་འོང་བར་འགྱུར་རོ། ། བྱང་དུ་བྱ་རོག་སྐད་སྒྲོགས་ན་ནོར་གཏོར་བ་རྙེད་པར་འགྱུར་རོ། ། བྱང་ཤར་དུ་བྱ་རོག་སྐད་སྒྲོགས་ན་བུད་མེད་འོང་བར་འགྱུར་རོ། ། ཚངས་པའི་གནས་སུ་བྱ་རོག་སྐད་སྒྲོགས་ན་མགྲོན་པོ་འོང་བར་འགྱུར་རོ། ། ཐུན་དང་པོའི་འཁོར་ལོ་རྫོགས་སོ།། ཐུན་གཉིས་པ། ཐུན་གཉིས་པར་ཤར་དུ་བྱ་རོག་སྐད་སྒྲོགས་ན་རང་གི་ཉེ་བ་འོང་བར་འགྱུར་རོ། ལྷོ་རུ་བྱ་རོག་སྐད་སྒྲོགས་ན་མེ་ཏོག་དང་གོ་ས་ཐོབ་པར་འགྱུར་རོ། ། ལྷོ་ནུབ་ཏུ་བྱ་རོག་སྐད་སྒྲོགས་ན་རྒྱུད་པ་འཕེལ་བར་འགྱུར་རོ། ། ནུབ་ཏུ་སྐད་སྒྲོགས་ན་ཐག་རིང་དུ་འགྲོ་བར་འགྱུར་རོ། ། ནུབ་བྱང་གི་མཚམས་སུ་སྐད་སྒྲོགས་ན་རྒྱལ་པོ་གཞན་དུ་འགྱུར་བའི་རྟགས། ། བྱང་དུ་སྐད་སྒྲོགས་ན་འཕྲིན་ལས་ལེགས་པར་ཐོབ་པར་འགྱུར་རོ། །བྱང་ཤར་དུ་སྐད་སྒྲོགས་ན་འཁྲུག་པ་འོང་པར་འགྱུར་རོ། ཚངས་པའི་གནས་སུ་སྐད་སྒྲོགས་ན་འདོད་པའི་འཇུག་པ་རྙེད་པར་འགྱུར་རོ། ། ཐུན་གཉིས་པའི་འཁོར་རྫོགས་ལོ་སོ། ། ཐུན་གསུམ་པ། ཐུན་གསུམ་པར་ཤར་དུ་བྱ་རོག་སྐད་སྒྲོགས་ན་ནོར་རྙེད་པར་འགྱུར་རོ། ། ཤར་ལྷོར་བྱ་རོག་སྐད་སྒྲོགས་ན་འཐབ་མོ་འོང་བར་འགྱུར་རོ། ། ལྷོ་རུ་སྐད་སྒྲོགས་ན་རླུང་པོ་འོང་བར་འགྱུར་རོ། ། ལྷོ་ནུབ་ཏུ་སྐད་སྒྲོགས་ན་དགྲ་འོང་བར་འགྱུར་རོ། ། ནུབ་ཏུ་སྐད་སྒྲོགས་ན་བུད་མེད་འོང་བར་འགྱུར་རོ། ། ནུབ་བྱང་ཕྱོགས་སུ་སྐད་སྒྲོགས་ན་ཉེ་བ་འོང་བར་འགྱུར་རོ། ། བྱང་ཕྱོགས་སུ་སྐད་སྒྲོགས་ན་གྲོགས་བཟང་པོ་འོང་བར་འགྱུར་རོ། ། བྱང་ཤར་དུ་སྐད་སྒྲོགས་ན་མེས་འཚིག་པར་འགྱུར་རོ། ། ཚངས་པའི་གནས་སུ་སྐད་སྒྲོགས་ན་རྒྱལ་པོས་ཐུགས་ལ་བཏགས་འི་རྙེད་པ་ཐོབ་པར་འགྱུར་རོ། ། ཐུན་གསུམ་པའི་འཁོར་ལོ་རྫོགས་སོ།།
ཐུན་བཞི་པ། ཐུན་བཞི་པར་ཤར་དུ་བྱ་རོག་སྐད་སྒྲོགས་ན་འཇིགས་པ་ཆེ་བའི་རྟགས་སོ། ། ཤར་ལྷོར་སྐད་སྒྲོགས་ན་རྙེད་པ་ཆེ་བའི་རྟགས་སོ། ། ལྷོ་རུ་སྐད་སྒྲོགས་ན་འགྲོན་པོ་འོང་བར་འགྱུར་རོ། ། ལྷོ་ནུབ་ཏུ་སྐད་སྒྲོགས་ན་ཞག་བདུན་དུ་རླུང་པོ་འབྱུང་བར་འགྱུར་རོ། ། ནུབ་ཏུ་སྐད་སྒྲོགས་ན་རླུང་པིའ་ཆར་པ་འོང་བར་འགྱུར་རོ། ། ནུབ་བྱང་གི་མཚམས་སུ་སྐད་སྐད་སྒྲོགས་ན་ནོར་གཏོར་བ་རྙེད་པར་འགྱུར་རོ། ། བྱང་དུ་བྱ་རོག་སྐད་སྒྲོགས་ན་རྒྱལ་པོ་འོང་བར་འགྱུར་རོ། ། བྱང་ཤར་དུ་སྐད་སྒྲོགས་ན་གོ་ས་རྙེད་པར་འགྱུར་རོ། ། ཚངས་པའི་གནས་སུ་བྱ་རོག་སྐད་སྒྲོགས་ན་ལྟོགས་པའི་རྟགས་སོ། ། ཐུན་ཕྱེད་དང་བཞིའི་འཁོར་ལོ་རྫོགས་སོ། ། ཉི་མ་ནུབ་པའི་ཚེ་ཤར་དུ་བྱ་རོག་སྐད་སྒྲོགས་ན་ལམ་དུ་དགྲ་འོང་བར་འགྱུར་རོ། ། ཤར་ལྷོར་སྒྲ་སྒྲོགས་ན་གཏེར་འོང་བར་འགྱུར་རོ། ། ལྷོ་རུ་སྒྲ་སྒྲོགས་ན་ནད་ཀྱིས་འཆི་བར་འགྱུར་རོ། ། ལྷོ་ནུབ་མཚམས་སུ་སྒྲ་སྒྲོགས་ན་སེམས་ཀྱི་འདོད་པ་འགྲུབ་པར་འགྱུར་རོ། ། ནུབ་ཏུ་བྱ་རོག་སྐད་སྒྲོགས་ན་ཉེ་བའ་འོང་བར་འགྱུར་རོ། ། ནུབ་བྱང་མཚམས་སུ་སྐད་སྒྲོགས་ན་ནོར་རྙེད་པའི་རྟགས་སོ། ། བྱང་དུ་སྐད་སྒྲོགས་ན་རྒྱལ་པ་ལ་བཀུར་སྟི་འོང་པར་འགྱུར་རོ། ། ཚངས་པའི་གནས་སུ་སྐད་སྒྲོགས་བསམ་པའི་རྙེད་པ་འཐོབ་པར་འགྱུར་རོ། ། ཐུན་བཞི་པའི་འཁོར་ལོ་རྫོགས་སོ། ད་ནི་འགྲོ་བའི་མཚན་ཉིད་བརྗོད་པར་བྱ་སྟེ། ། འགྲོ་བའི་དུས་སུ་བྱ་རོག་གི་སྐད་ཀྱི་མཚན་ཉིད་བརྗོད་པར་བྱ་སྟེ། ། རགས་དང་ཆུའི་འགྲམ་དག་ལ། ། ཤིང་གཅིག་ལ་ནི་དེ་བཞིན་དུ ། གྲོག་སྟོང་དང་ནི་ལམ་བཞི་ལ། ། གཡས་སུ་བྱ་རོག་སྒྲ་སྒྲོགས་ན། ། འགྲོ་བ་དེ་ནི་ལོགས་པར་ཤེས། ། ལམ་ལ་རབ་ཏུ་འགྲོ་བའི་ཚེ། ། རྒྱབ་ཏུ་བྱ་རོག་སྒྲ་སྒྲོགས་ན། ། དངོས་གྲུབ་རབ་ཏུ་འཐོབ་པར་འགྱུར། ། ལམ་དུ་འགྲོ་བའི་ཚེ་ཤོག་པ་སྤྲུག་ཅིང་སྐད་འདོན་ན། ། བར་ཆད་ཆེན་པོ་འོང་བར་འགྱུར་རོ། ། ལམ་དུ་ཞུགས་པའི་ཚེ་སྐྲ་མཆུས་གཟིགངས་ཤིང་སྒྲ་སྒྲོགས་ན་དེའི་ཚེ་འཆི་བའི་རྟགས་སོ། ། ལམ་དུ་ཞུགས་པའི་ཚེ་མི་གཙང་བ་ཟ་ཞིང་སྒྲ་སྒྲོགས་ན་ཟས་དང་སྐོམ་འོང་བའི་རྟགས་སོ། ། ལམ་དུ་ཞུགས་པའི་ཚེ་ཚེར་མ་ལ་གནས་ཤིང་སྒྲ་སྒྲོགས་ན་འགྲའི་འཇིགས་པར་ཤེས་པར་བྱའོ། ། ལམ་དུ་ཞུགས་པའི་ཚེ་འོ་མ་ཅན་གྱི་ཤིང་ལ་གནས་ཤིང་སྒྲ་སྒྲོགས་ན་དེའི་ཚེ་འོ་ཐུག་གི་བཟའ་བ་འོང་བར་འགྱུར་རོ། ། ཤིང་སྐམ་ལ་གནས་ཤིང་སྒྲ་སྒྲོགས་ན་དེའི་ཚེ་བཟའ་བ་དང་སྐོམ་པ་མེད་པའི་རྟགས་སོ། ། ཕོ་བྲང་ལ་གནས་ནས་གང་གི་ཚེ་སྐད་སྒྲོགས་ན་དེའི་ཚེ་སྡོད་ས་བཟང་པོ་རྙེད་པར་འགྱུར་རོ། ། གདན་ལ་གནས་ནས་སྒྲ་སྒྲོགས་ན་དགྲ་འོང་བར་འགྱུར་རོ། ། སྒོར་ལྟ་ཞིང་སྒྲ་སྒྲོགས་ན་མཚམས་ཀྱི་འཇིགས་པར་ཤེས་པར་བྱའོ། ། མཆུས་གོས་གཟིངས་ཤིང་བྱ་རོག་སྐད་སྒྲོགས་ན་གོས་རྙེད་པར་འགྱུར་རོ། ། ལམ་ལ་བཞུགས་པའི་ཚེ་ཐོད་པ་ག་གནས་ཤིང་སྒྲ་སྒྲོགས་ན་འཆི་བའི་རྟགས་སོ། ། སྐུད་པ་དམར་པོ་བཟུང་ནས་ཁྱིམ་གྱི་ཐོག་ཏུ་གནས་ནས་སྒྲ་སྒྲོགས་ན་ཁྱིམ་འཚིག་པར་འགྱུར། ། སྔ་དྲོའི་དུས་སུ་བྱ་རོག་མང་པོ་ཚོགས་ན་རླུང་པོ་ཆེ་བར་འོང་བར་འགྱུར་རོ། ། ལམ་ལ་ཞུགས་པའི་ཚེ་ཤིང་མཆུས་བཟུང་ནས་སྒྲོ་སྒྲོགས་ན་རྙེད་པ་འོང་བར་འགྱུར་རོ། ། ལམ་ལ་ཞུགས་པའི་ཚེ་ཉི་མ་ཤར་དུས་སུ་བྱ་རོག་སྒྲ་སྒྲོགས་ན་ནོར་རྙེད་པར་འགྱུར་རོ། ། ལམ་དུ་ཞུགས་པའི་ཚེ་སྒྲ་སྒྲོགས་ན་འདོད་པ་འགྲུབ་པར་འགྱུར་རོ། ། འདི་ལྟ་བུའི་ལམ་གྱི་མཚན་ཉིད་རྫོགས་སོ། །
གནས་པའི་བྱ་རོགས་གི་ཚང་གི་མཚན་ཉིད་ནི། ཤིང་གི་ཤར་གྱི་ཕྱོགས་ཀྱི་ཡལ་ཀ་ལ་ཚང་བྱེད་པར་གྱུར་ན། ། དེའི་ཚེ་ལ་བཟང་བ་དང་ཆར་འོང་བར་འགྱུར་རོ། ། ལྷོ་ཕྱོགས་ཀྱི་ཡལ་ག་ལ་ཚང་བྱེ་དཔར་འགྱུར་ན་དེའི་ཚེ་འབྲུ་ངན་པར་འགྱུར་རོ། ། ཤིང་གི་དབུས་ཀྱི་ཡལ་ག་ལ་ཚང་བྱེད་ན་དེའི་ཚེ་འཇིགས་པ་ཆེན་པོ་འོང་བར་འགྱུར་རོ། ། འོག་ཏུ་ཚང་བཅའ་ན་ཕ་རོལ་གྱི་དམག་ལས་འཇིགས་པར་འགྱུར་རོ། ། རྩིག་པའམ་སའམ་ཆུ་ལ་ཚང་བྱེད་ན་རྒྱལ་པོ་འཚེ་བར་འགྱུར་རོ། ། གཞན་ཡང་བཤད་པར་བྱ་སྟེ། ། ཀ་ཀ་ཞེས་བྱ་རོག་སྐད་སྒྲོགས་ན་ནོར་རྙེད་པར་འགྱུར་རོ། ། ང་ང་ཞེས་བྱ་རོག་སྐད་སྒྲོགས་ན་སྡུག་བསྔལ་འབྱུང་བར་འགྱུར་རོ། ། ཏ་ཏ་ཞེས་སྐད་སྒྲོགས་ན་གོས་རྙེད་པར་འགྱུར་རོ། ། གྷ་གྷ་ཞེས་སྒྲ་སྒྲོགས་ན་དོན་འགྲུབ་པར་འགྱུར་རོ། ། གྷ་ག་ཞེས་བྱ་རོག་སྐད་སྒྲོགས་ན་ནོར་འོང་བར་འགྱུར་རོ། ། འཇིགས་པའ་ིརྟགས་མཐོང་ན་བྱ་རོག་ལ་གཏོར་མ་དབུལ་བར་བྱའོ། ། སྦལ་བའི་ཤ་ལ་བྱ་རོག་དགའ་བར་བྱེད་པས། ། དེས་གཏོར་མ་ཕུལ་ན་བར་ཆད་མེ་པར་འགྱུར་རོ།། ཨོཾ་མི་རི་མི་རི་བཛྲ་ཏུ་ད་ཊ་གི་ལི་གྲི་ཧཱ་གི་སྲཱཧཱུ། ། འདི་ལྟ་བུའི་བྱ་རོག་གི་སྤྱོད་པ་རྫོགས་སོ། ། པཎྜི་ཏ་ཆེན་པོ་དཱ་ན་ཤི་ལས། ། ཡུལ་དབུས་ཀྱི་ཡུར་ཀླུང་ཐང་པ་ཆེའི་གཙུག་ལག་ཁང་དུ་བསྒྱུར་བའོ། །