ཕ་སྐད་གཙང་མའི་ལས་འགུལ་

ཡོང་ཁུངས་Wikipedia

ལས་འགུལ་གྱི་བྱུང་བ།[རྩོམ་སྒྲིག]

ལས་འགུལ་གྱི་རྒྱབ་ལྗོངས།[རྩོམ་སྒྲིག]

ལས་འགུལ་གྱི་དམིགས་ཡུལ།[རྩོམ་སྒྲིག]

ལས་འགུལ་སྤེལ་ཕྱོགས།[རྩོམ་སྒྲིག]

ལས་འགུལ་ཁྱབ་ཁོངས།[རྩོམ་སྒྲིག]

ལས་འགུལ་ཚོགས་པ།[རྩོམ་སྒྲིག]

ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་གྱི་བོད་སློབ་ཚོགས་པ།[རྩོམ་སྒྲིག]

སྔོན་འགྲོའི་གཏམ།[རྩོམ་སྒྲིག]

ཇི་སྐད་དུ། ཀུན་དང་མཐུན་པ་རྩ་བ་ཡིན་མོད་ཀྱང་།
ཐམས་ཅད་ལད་མོ་བྱས་ན་ཀླད་མེདཡིན།
སྐད་རིགས་སྣ་ཚོགས་ཤེས་ན་བཟང་མོད་ཀྱང་།
རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན།
ཞེས་པ་སྔོན་མེས་པོའི་གསུང་རྒྱུན་ལ་འདང་རྒྱག་ཞིག་བྱས་ནས། ང་ཚོས་ཉེ་བ་ནས་འགོ་འཛུགས་པ། ཆུང་བ་ནས་འགོ་འཛུགས་པ། རང་ཉིད་ནས་འགོ་འཛུགས་པ་བཅས་བྱས་ནས་ངེད་ལང་ཚོའི་སྙོམ་ལག་རྒྱས་པའི་རིགས་མཐུན་གྱི་འགྲིམ་སློབ་བོད་རིགས་སྤུན་ཟླ་ཡོངས་ཀྱིས་ཕ་སྐད་གཙང་མ་གང་ལེགས་སྨྲ་ཐུབ་པར་བྱ་བའི་དམིགས་བསལ་གྱི་ལས་འགུལ་ཞིག

ལས་འགུལ་གྱི་རྒྱབ་ལྗོངས།[རྩོམ་སྒྲིག]

ཚང་མས་ཤེས་གསལ་ལྟར་མི་རིགས་ཞིག་གི་སྐད་ཡིག་ཉམས་རྒུད་དུ་གྱུར་ཚེ། མི་རིགས་འདིའི་བསམ་བློའི་འཁྱེར་ཕྱོགས་དང་སྤྱོད་ལམ་སོགས་རང་ཤུགས་ཀྱི་མི་རིགས་གཞན་ཞིག་ཏུ་འགྱུར་འགྲོ་བ་དང། གཞན་དབང་ཅན་དུ་འགྱུར་སྲིད་པ། དེང་སྐབས་འུ་ཅག་བོད་ལ་མཚོན་ན་བོད་སྐད་ཀྱི་ཕྱོགས་ནས་ཉམས་རྒུད་དུ་འགྲོ་བ་ཆེས་ཚབ་ཆེ། དཔེར་ན། ཀ : རང་ག་པར་འགྲོ་ག “ཤའ་འུ”སློབ་ཚན་ཡོད་པས། ཁ :“ཤའ་འུ”སློབ་ཚན་མེད། ང“ཡིང་ཧང”ལ“ཇུས་བྱན”བྱེད་ཀ་འགྲོ་དགོས་ཡོད་ལྟ་བུ་ཕ་སྐད་གཙང་མའི་ཐོག་ནས་ལས་སླ་པོས་སྨྲ་ཐུབ་ཀྱང་། རང་གི་སྐད་ལ་མཐོང་ཆེན་དང་བཀོལ་སྤྱོད་རྒྱུན་སྐྱོང་མི་བྱེད་པར་སྣང་མེད་དུ་བོར་ཏེ་གཞན་གྱི་གཡམ་ལ་བརྒྱུགས་པའི་རྐྱེན་གྱི་རེད་བསམ།

ལས་འགུལ་གྱི་དམིགས་ཡུལ།[རྩོམ་སྒྲིག]

“ཕ་སྐད་གཙང་མའི་ཟུར”གྱི་ལས་འགུལ་འདི་ནི་རང་སློབ་བོད་རིགས་སྤུན་ཟླའི་ནམ་ཀུན་གྱི་འཚོ་བ་དང་སློབ་སྦྱོང་གྱི་ཞོར་དུ་བོད་པ་ནང་ཁུལ་གཏམ་གླེང་བྱེད་སྐབས་རང་ཉིད་ནས་འགོ་བརྩམས་སྟེ་བསྲེས་སྐད(ར་མ་ལུག་གི་སྐད)སྨྲ་བ་དག་ཇེ་ཉུང་དུ་བཏང་ནས། རང་རིགས་ཁ་བ་ཅན་གྱི་སྙིང་གི་འཕར་ལྡིང་དང་དབུགས་ཀྱི་འབྱིན་རྔུབ་དུ་འགྱུར་པའི་ཕ་སྐད་གཙང་མ་ཞིག་ངེད་སྤུན་ཟླ་ཡོངས་ཀྱི་ངག་ནས་སྨྲ་ཐུབ་པའི་དམིགས་པ་ཕྲན་བུའི་དོན་དུ།

ལས་འགུལ་གྱི་ནང་དོན།[རྩོམ་སྒྲིག]

༡.ནམ་ཀུན་གཟའ་མཇུག་སྐབས་ཀྱི་སྒོར་གཞས་འཁྲབ་ས། ༢.ལོ་མགོའི་གསར་བསུ་འདུ་འཛོམས། ༣.ལོ་མཇུག་གི་དགའ་བསྐྱེལ་འདུ་འཛོམས། ༤.དགའ་ལྡན་ལྔ་མཆོད་ཀྱི་འདུ་འཛོམས་བཅས་བཞི་གཙོ་གནས་སུ་འཛིན་ནས་བོད་པ་ནང་ཁུལ་ཕན་ཚུན་གཏམ་གླེང་བྱེད་སྐབས་གཟབ་ནན་དང་དོ་སྣང་ཡོད་དགུ་བྱས་ནས་ཕ་སྐད་གཙང་མ་ཞིག་བཤད་དགོས་པ་དང། མ་ཤེས་པ་རྣམས་ཕན་ཚུན་རོགས་རམ་དང་སློབ་སྦྱོང་གི་རྣམ་པའི་ཐོག་ནས་མཐུན་སྒྲིལ་དང་མདུན་བསྐྱོད། ཡར་རྒྱས་གྱི་གོམ་ཁ་དམ་པོར་སྤོས་ནས་ལས་འགུལ་མཉམ་སྤེལ་བྱེད་དགོས།

མཇུག་བསྡུ་པའི་གཏམ།[རྩོམ་སྒྲིག]

མཇུག་མཐར་ཞུ་རྒྱུ་ཞིག་ལ། ཤ་དང་རུས་པའི་གྲུབ་ཆ་གཅིག་ཅིང་སྐད་དང་ཡི་གེ་སོ་སོར་དབུལ་པའི་ངེད་ཚོས་འཚོ་བ་རོལ་སྟངས་ཀྱི་ཐད་ལ་དོ་སྣང་རེ་བྱས་ནས་ཤེས་རིག་གི་རྩ་ཐང་སྟེང་དུ་ཡོན་ཏན་གྱི་བང་ཁ་འགྲན་པར་བསྐྱོད་ཞོར་དུ་ཕ་སྐད་གཙང་མའི་བཞུར་རྒྱུན་ལ་ནུས་ཤུགས་གང་ལེགས་འབོངས་བའི་རེ་བ་དང་སྨོན་ལམ་ཕྲན་བུ་འཚལ།