ཕ
Appearance
ཕ 1.བོད་ཡིག་གསལ་བྱེད་བཅུ་བཞི་པ། འདིའི་ང་རོ་འདོན་ཚུལ་ལ་སྐྱེ་གནས་མཆུ་དང༌། བྱེད་པ་མཆུ། ནང་གི་རྩོལ་བ་མགྲིན་པ་ཕྱེ་བ་དང༌། ཕྱིའི་རྩོལ་བ་སྲོག་ཆེན་སྒྲ་མེད། 2.མིང་གཞིའི་མ་ནིང་གི་ཡི་གེ་ཞིག 3.སྐྱེད་བྱེད་དེ་ཨ་ཕའི་མིང་།
(དཔེར་ན།) ཕའི་མ། ཕའི་སྲིང་མོ། ཕ་བཟང་གི་བུ་མོ་རིགས་བཟང་མ། ཕ་དགའ་བུ་སྐྱིད། མིང་གི་རྣམ་གྲངས་ལ་སྐྱེ་སྲིད་ས་བོན་པ་དང༌། སྐྱོང་བྱེད། ཡབ། གསོ་བ་པོ་བཅས་སོ། །
4.ཐབས་ཀྱི་ཕྱོགས།