པེ་སག་གི་དུས་ཆེན

ཡོང་ཁུངས་Wikipedia

པེ་སག་གི་དུས་ཆེན་ཞེས་པ་ནི་འཆི་བ་ལས་ཐར་བ་ཞེས་པའི་དོན་ཡིན་ཏེ། ཡྰ་ཧུ་དའི་མི་རིགས་ཀྱི་དུས་ཆེན་ཞིག་ཡིན། སྔར་ཡེས་ར་ཨེལ་གྱི་མི་རྣམས་ཨེ་ཅིབ་རྒྱལ་ཁབ་ཀྱི་མི་སེར་ཡུལ་ནས་ཐར་བའི་དྲན་གསོའི་དུས་ཆེན་ཞིག་ཀྱང་ཡིན། དེ་ལ་སྐྱུར་མེད་བག་ལེབ་ཀྱི་དུས་ཆེན་ཡང་ཟེར།

ཐོག་མའི་པེ་སག་དུས་ཆེན།[རྩོམ་སྒྲིག]

༼དམ་པའི་གསུང་རབ༽་ཀྱི་ཞལ་ཆད་རྙིང་བའི་༼སྡེབ་ཐོན༽་དུ་བཀོད་པ་ལྟར་ན། སྐབས་དེར་ཡེས་ར་ཨེལ་རྣམས་ནི་ཨེ་ཅིབ་རྒྱབ་ཁབ་ཀྱི་བྲན་གཡོག་ཡིན། ལོ་ངོར་བཞི་བརྒྱ་རིང་ལ་ཨེ་ཅིབ་རྒྱལ་ཁབ་དུ་སྡུག་བསྔལ་གྱི་ནར། ལྷག་པར་དུ་ཡེས་ར་ཨེལ་ཡོ་སེབ་དཔོན་ས་ནས་གྲོངས་པ་དང་དེ་སྐབས་ཀྱི་རྒྱལ་པོ་གྲོངས་པའི་རྗེས་སུ་གོང་མ་ཕྱི་མས་ཡེས་ར་ཨེལ་མི་རྣམས་ཀྱི་མི་སེར་དབང་ཆ་དལ་གྱི་འཕྲོག་པ་དང་ཆབས་ཅིག་ཏུ་བྲན་གཡོག་ཏུ་སྤྱུགས། དེ་ནས་དཀོན་མཆོག་ཡ་ཧོ་ཝས་མོ་ཤེ་ལ་