Jump to content

པད་མ་འོད་སྤུངས།

ཡོང་ཁུངས་Wikipedia

གནས་ཆེན་པད་མ་འོད་སྤུངས་སམ་གནམ་གྱི་ཤུགས་སྡོང་རི་བོ་ནི་གུ་རུའི་ལུང་གིས་བསྔགས་པའི་གནས་ཞིག་ཡིན་ལ། ཁམས་ནང་ཆེན་ཀ་གཞུང་གི་གནམ་རྒྱལ་གསང་བ་ལྷ་རྩེའི་ཉེ་འགྲམས་ དུ་ཡོད། གནས་དེར་གྲུབ་ཐོབ་མང་པོ་བྱོན་མྱོང་ཞིང་ཕྱིས་དེའི་འགྲམས་དུ་ཚངས་གསར་བསོད་ནམས་ཡེ་ཤེས་ཀྱིས་ཚངས་གསར་གནམ་དགོན་བཏབ་ཤིང་། བླ་རྒྱུད་དང་། སྤྲུལ་རྒྱུད་མང་པོས་ གནས་དེར་གདན་ས་བསྐྱངས། དེ་རྗེས་གྲུབ་པའི་དབང་ཕྱུག་འཇམ་དབྱངས་བློ་གྲོས་རིན་ཆེན་གྱིས་གནས་དེར་གདན་ས་བསྐྱངས། གནས་ཆེན་པདྨ་འོད་སྤུངས་ནི་བོད་ཡུལ་གྱི་གནས་ ཆེན་དག་གི་བྱ་བྲག་ཞིག་གོ།