ནི་སྒྲ་དགར་བརྣན་གྱི་སྒྲ་ལ་འཇུག་ཚུལ་

ཡོང་ཁུངས་Wikipedia

དགར་བ་ནི་དགར་གཞི་གཞན་ལས་ལོགས་སུ་དགར་བ་དང་། བརྣན་པ་ནི་ནན་ཏན་བརྣན་པའམ་ངེས་བཟུང་གི་ཚིག་ཕྲད་དུ་འགྱུར་རོ། དགར་བ་ལ་ནི་རིགས་མཐུན་ལས་དགར་དང་། རིགས་མི་མཐུན་པ་ལས་དགར་བ་གཉིས།

དང་བོ་རིགས་མཐུན་ལས་དགར་བ་ནི། རྟ་མཆོག་ནི་རྟ་གཞན་ལས་འགྲོས་མགྱོགས་ལྟ་བུའོ།

གཉིས་པ་རིགས་མི་མཐུན་ལས་དགར་བ་ནི། རྟ་ནི་བ་ལང་ལས་འགྲོས་མགྱོགས་ལྟ་བུའོ།

དགར་གཞི་དངོས་སུ་མ་སྨོས་ཀྱང་ནི་དགར་ཚིག་ལ་འཇུག་པ། དཔེར་ན། ཡོན་ཏན་ཆེན་པོ་དང་ལྡན་པ་འདི་ནི་སློབ་དཔོན་ཆེན་པོའོ། ལྟ་བུ། ཡང་དགར་བ་ལ་མཆོག་ཏུ་དགར་བ། དམན་པར་དགར་བ། ཐ་དད་ཙམ་དུ་དགར་བ་གསུམ་ལས།

དང་བོ་མཆོག་ཏུ་དགར་བ་ནི། བསམ་འཕེལ་དབང་རྒྱལ་ནི་ནོར་བུ་རྣམས་ཀྱི་མཆོག་གོ་ལྟ་བུ། གཉིས་པ་དམན་པར་དགར་བ་ནི། རྟ་དང་བོང་བུ་གཉིས་ལས་ནི་བོང་བུ་དམན་ནོ་ལྟ་བུ། གསུམ་པ་ཐ་དད་ཙམ་དུ་དགར་བ་ནི། སྦྱོར་དངོས་རྫས་གསུམ་གྱི་དང་པོ་ནི་ལྟ་བུ་དང་། བུམ་པ་ནི་ཀ་བ་ལས་གཞན་ནོ། འགྲེལ་བ་སྔ་མ་དག་ལས་འདི་ལྟར་བཤད་མོད། ནི་མ་སྦྱར་ན་ཡང་ལས་དགར་ཚིག་ཡིན་པས་དཔྱད་གཞི་ཡོད་དོ། བརྣན་པའམ་ངེས་བཟུང་ལ་འཇུག་པ་ནི། ཁྲབ་ནི་གྱོན། གྲི་ནི་བཏགས། མདུང་ནི་བཟུང་། ལྟ་བུ་དང་། རང་རེའི་རྒྱལ་ཁབ་ལ་མི་ནི་མང་། སྟོབས་ནི་ཆེ། རང་ཅག་བོད་ལ་ས་ཁྱོན་ནི་ཡངས། ཐོན་ཁུངས་ནི་མང་། ལྟ་བུ།