Jump to content

ནད་པ་ལམ་འཁྱེར་

ཡོང་ཁུངས་Wikipedia

བདག་གཞན་སྒྱུ་ལུས་ཀྱི་ཕུང་པོ་འདི།།

ན་ན་ན་སྟེ་ན་བས་དགའ།།

སྔར་བསགས་ཀྱི་ལས་ངན་འཛད་པ་ཡིན།།

ཆོས་སྤྱོད་ཀྱི་བྱ་བ་སྣ་ཚོགས་ཀྱང་།།

སྒྲིབ་གཉིས་སྦྱོང་བའི་ཆེད་དུ་ཡིན།།

ན་བ་མེད་ན་མེད་དེ་དགའ།།

ལུས་སེམས་བདེ་ན་དགེ་སྦྱོར་འཕེལ།།

མི་ལུས་དོན་ཅན་བྱེད་པ་ཡང་།།

སྒོ་གསུམ་དགེ་ལ་སྦྱོར་བ་ཡིན།། 

འབྱོར་པ་མེད་ན་མེད་དེ་དགའ།།

སྲུང་བྲལ་གྱི་བྱ་བྲེལ་དེ་ལ་མེད།།

འཐབ་རྩོད་ཀྱི་ཁྲོ་འཁྲུག་ཇི་སྙེད་པ།།

འཛིན་ཆགས་ཀྱི་ནོར་ལས་བྱུང་བར་ངེས།།

འབྱོར་པ་ཡོད་ན་ཡོད་ཏེ་དགའ།།

བསོད་ནམས་ཀྱི་དགེ་ཚོཌ་སྤེལ་བས་ཆོག།

འཕྲལ་ཕུཌ་ཀྱི་ཕན་བདེ་ཇི་སྙེད་པ།།

བསོད་ནམས་ཀྱི་འབྲས་བུ་ཡིན་པར་ངེས།།

མྱུར་ཏུ་ཤི་ན་ཤི་བས་དགའ།།

རྐྱེན་ངན་གྱིས་བར་དུ་མ་ཆོད་ཅིང་།།

འཚམས་སྦྱོར་གྱི་བག་ཆགས་བཟང་འགྲོགས་པས།།

མ་ནོར་གྱི་ལམ་དུ་ཆུད་པར་ངེས།།

ཡུན་དུ་གསོན་ན་གསོན་པས་དགའ།།

ཉམས་མྱོང་གི་ལོ་ཐོག་སྐྱེས་པ་ལ།།

གདམས་ངག་གི་རླན་དྲོད་མ་ཡལ་བར།།

ཡུན་དུ་བསྟེན་པས་སྨིན་པར་འགྱུར།།

གང་ཡིན་ཡང་དགའ་བ་སྒོམས་ཤིག་ཨང་།།

ཅེས་པ་ས་སྐྱར་དགེ་བཤེས་གཅིག་གིས་ནད་ལ་སོཌ་པ་བྱུང་ན་ཇི་ལྟར་བྱེད་དྲིས་པའི་ལན་དུ་ནད་ལ་སོཌ་པ་ལམ་དུ་འཁྱེར་བའི་ཚུལ་འདི།ཆོས་སྨྲ་བའི་བཙུན་པ་ཐོགས་མེད་ཀྱིས་བཀོད་པའོ།། །།