ནད་དུག་རང་བཞིན་གྱི་མཆིན་ཚད་

ཡོང་ཁུངས་Wikipedia

ནད་དུག་རང་བཞིན་གྱི་མཆིན་ཚད་ནི་མཆིན་ཚད་ནད་དུག་སྣ་ཚོགས་ཀྱིས་བསླངས་བའི་མཆིན་པར་གཉན་ཚད་རྒྱས་བ་དང་ནུས་བ་ཉམས་ནས་ནད་གཞི་འགྱུར་བ་གཙོ་ཡིན་པའི་འགོས་ནད་ཅིག་ཡིན། མིག་སྔར། གཏན་ལ་ཕབ་ཟིན་པའི་ནད་དུག་རང་བཞིན་གྱི་མཆིན་ཚད་ལ་མཆིན་ཚད་ཀ་པ་དང་ཁ་པ། ག་པ་སོགས་རིགས་ལྔ་ཡོད། དཔེར་ན་མཆིན་ཚད་ཁ་པས་ནད་དུག་གིས་བསླངས་བ་ལ་མཆིན་ཚད་ཁ་པ་ཟེར་བ་དང་། མཆིན་ཚད་ཀ་པའི་ནད་དུག་གིས་བསླངས་བ་ལ་མཆིན་ཚད་ཀ་པ་ཟེར་བ་ལྟ་བུ་རེད། མཆིན་ཚད་ནད་རིགས་དེ་དག་ལ་རིགས་འདྲ་བའི་ནད་རྟགས་ཡོད་པ་མ་ཟད། འགོ་བའི་རང་བཞིན་དྲག་པོ་ཡོད་པ་དང་། ན་ཡུན་རིང་བ། གནོད་པ་ཆེ་བ་སོགས་ཐུན་མོང་གི་རང་བཞིན་ལྡན་པ་རེད། མཆིན་ཚད་ཁ་པ་དང་ག་པ་སོགས་དུས་ཐོག་ཏུ་གསོ་བཅོས་མ་བྱས་ཚེ་དལ་བའི་རང་བཞིན་གྱི་མཆིན་ཚད་དུ་འགྱུར་བ་མ་ཟད། མཆིན་པ་སྲ་འགྱུར་དང་མཆིན་སྐྲན་དུ་འགྱུར་སྲིད་པ་ཡིན།