ན་རོས་ཏེ་ལོ་བཙལ་བའི་ཚེ་དཀའ་བ་བཅུ་གཉིས་སྤྱད་པ་

ཡོང་ཁུངས་Wikipedia
དང་པོ་མཁར་གྱི་རྩེ་ནས་མཆོངས།། གཉིས་པ་མཁལ་ཁུང་ཐུར་མ་བརྒྱབ།། གསུམ་པ་མེ་དཔུང་ནང་དུ་མཆོངས།། བཞི་པ་མི་གཙང་འདམ་རྫབ་ཟོས།། ལྔ་པ་འབྲས་ཆན་སྟོན་མོ་བརྐུས།། དྲུག་པ་རྒྱལ་པོའི་བག་མ་འཕྲོག། བདུན་པ་བློན་པོའི་ཆུང་མ་བརྐུས།། བརྒྱད་པ་རང་གི་ཆུང་མ་བླངས།། དགུ་པ་རྡོ་རྗེ་ཐོ་བས་བརྡུང་།། བཅུ་པ་ཆུང་མ་རྗེ་ལ་ཕུལ།། བཅུ་གཅིག་པད་འདམ་ཟམ་པ་བྱས།། བཅུ་གཉིས་ཐང་ཆེན་མཎྡལ་ཕུལ།། བླ་མ་ཏེ་ལོ་ཤེར་བཟང་དྲུང་།། ན་རོས་དཀའ་བ་བཅུ་གཉིས་སྤྱད་དོ།།