དྲུག་ཅུ་པ་

ཡོང་ཁུངས་Wikipedia

༄༅།།དྲུག་ཅུ་བ་ཞི་དྲག་གི་འདོན་བསྒྲིགས་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ།། ༄༅།།དྲུག་ཅུ་བ་ཞི་དྲག་གི་འདོན་བསྒྲིགས་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ།།༄༅།།དྲུག་ཅུ་བའི་གཏོར་མ་བསྔོ་ཚུལ་ནི།།འཇིགས་བྱེད་ཀྱི་བདག་བསྐྱེད་གཏོར་འབུལ་བཅས་རྫོགས་མཐར།།སྟེགས་ཀྱི་ཁར་གཏོར་ཆེན་ལིང་ཚེ་བཅས་དང་།།དཀར་གཏོར་དང་མཆོད་པ་བསངས་བྱེད་ཆང་ཆུ་སོགས་ཕྱག་ལེན་བཞིན་བཤམས་ལ།།བསང་བདུག་སོགས་གཙང་སྦྲ་ཐོན་པ་བྱས་ཏེ།། ནང་མཆོད་དང་མཆོད་པ་གཞུང་ལྟར་བྱིན་གྱིས་བརླབས།།ཆོས་རྒྱལ་འཁོར་བཅས་བསྐྱེད་པ་ནི༑ ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝཱ་ཤུདྡྷཿསརྦ་ངྷརྨཿསྭ་བྷཱ་ཝ་ཤུདྡྷོ་ཉ་ཧཾ། སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་མདུན་དུ་པདྨ་དང་ཉི་མ་དང་དགྲ་བགེགས་རྣམས་ཀྱི་སྙིང་ག་ནས་བརྫིས་པའི་མ་ཧེ་རབ་ཏུ་ཁྲོས་བའི་གདན་གྱི་སྟེང་དུ༑ ཡ་ལས་ཐོད་དབྱུག་ཡས་མཚན་པ། དེ་ལས་འོད་འཕྲོས།དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་དབྱུག་ཏོ་ལ་ཐིམ། དེ་ཡོངས་སུ་གྱུར་བ་ལས་གཤིན་རྗེ་ཆོས་ཀྱི་རྒྱལ་བོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། མ་ཧེ་རབ་ཏུ་ཁྲོས་པའི་གདོང་བ་ཅན། རྭ་རྣོན་པོ་གཉིས་དང་ལྡན་པ། བསྐལ་བ་འཇིག་པའི་དུས་ཀྱི་མེའི་ཕུང་བོ་དང་མཚུངས་བའི་སྤྱན་གསུམ་སྡང་མིག་ཏུ་བལྟ་བ། ཞལ་རབ་ཏུ་གདངས་ཤིང་འབར་བའི་མཆེ་བ་རྣོན་པོ་བཞི་གཙིགས་ནས་ལྗགས་རྣམ་པར་བསྐྱོད་པ། སྨིན་མ་དང་སྨ་ར་རབ་ཏུ་འབར་ཞིང་སྐྲ་ཁམ་པ་གྱེན་དུ་འཛིངས་ལ་འཕྱར་བ། ཕྱག་གཡས་ཐོད་དབྱུག་འཕྱར་ཞིང་། གཡོན་སྡིགས་མཛུབ་རབ་ཏུ་བསྒྲེང་བས་དུས་ཀྱི་ཞགས་པ་ནག་པོ་འཛིན་པ། ཞབས་གཡས་བསྐུམས་པས་མ་ཧེ་རབ་ཏུ་ཁྲོས་བའི་རྭ་ཕྲག་ནས་བརྫིས་ཤིང་། གཡོན་བརྐྱངས་བས་མ་ཧེ་རབ་ཏུ་ཁྲོས་བའི་་ཚང་སྟེང་ནས་བརྫིས་པ། མི་རུས་ཀྱི་རྒྱན་གྱིས་སྤྲས་པ། སྦོམ་ཞིང་ཐུང་ལ་གསུས་བ་འཕྱང་བ། གཅེར་བུ་ལིངྒ་དམར་བོ་གྱེན་དུ་ལངས་པའོ།།དེའི་གཡོན་དུ་ཙཾ་དང་རྩེ་གསུམ་ལས་སྐྱེས་བའི་ཙ་མུཎྜི་ནག་མོ་ཞལ་གཅིག་ཕྱག་གཉིས་པ། ཁ་གདངས་ཤིང་མཆེ་བ་གཙིགས་པ། རལ་བ་ནག་པོ་གཡེངས་ཤིང་ནུ་མ་འཕྱང་བ། ཤིན་ཏུ་འཇིིགས་ཤིང་མི་སྡུག་པའི་གཟུགས་ཅན། དུད་འགྲོའི་པགས་པ་རློན་པ་གོས་སུ་གྱོན་པ། གཡས་རྩེ་གསུམ་དང་གཡོན་ཐོད་པ་འཛིན་པ། ཡབ་ཡུམ་གཉིས་ཀྱི་འཁོར་དུ་གཤིན་རྗེ་ཡ་བ་ཏི་བེ་ཅོན་འཛིན་པ། ཕྱྭ་བསང་འཁོར་ལོ་འཛིན་པ། རྨིག་པ་གསལ་ཤིང་འཛིན་པ། རལ་བ་ཚར་དགུ་ཅན་མདུང་འཛིན་པ་རྣམས་རྒྱལ་བོའི་ཚུལ་དང་། བློན་པོའི་ཚུལ་དང་། སྡེ་དཔོན་གྱི་ཚུལ་དང་། ཕོ་ཉའི་ཚུལ་དུ་གནས་བ། གཞན་ཡང་གཤིན་རྗེ་མིག་དམར་དང་། ཏེལ་བ་དང་། གླང་མགོ་ཅན་ལ་སོགས་པ་ལག་ན་གསལ་ཤིང་དང་། འཁོར་ལོ་དང་། མདུང་ལ་སོགས་པའི་མཚོན་ཆ་སྣ་ཚོགས་པ་ཐོགས་པ་རེ་རེའང་དགྲ་བོའི་སྲོག་ལེན་ཅིང་གཤིན་རྗེའི་ཕོ་རྒྱུད་ཀྱི་ཚོགས་དཔག་ཏུ་མེད་པས་བསྐོར་བ། གཤིན་རྗེ་ཕོ་ཉ་མོ་ནག་མོ་ལྕགས་ཀྱུ་ཐོགས་པ། དུས་ཀྱི་ཞགས་པ་མོ་ནག་མོ་ཞགས་པ་ཐོགས་པ། གཤེན་རྗེ་དམ་སྲི་མ་ནག་མོ་བེ་ཅོན་ཐོགས་པ། གཤིན་རྗེ་སྲེག་མ་ནག་མོ་མཆེ་བ་འབར་བ་ཐོགས་པ། གཞན་ཡང་དུས་མཚན་མ་དང་། གསོད་མ་དང་༑ ནག་མོ་དང་། ནམ་གྲུ་དང་། ཤ་ཀ་ལི་དང་། གཤིན་རྗེ་འབེབས་མ་དང་༑ གཤིན་རྗེ་མཚན་མོ་ནག་མོ་ལ་སོགས་པ་ལ་ལ་ལྕགས་ཀྱི་དྲེའུ་རྟ་རྐང་གསུམ་ལ་ཞོན་པ། ལ་ལ་བོང་བུ་གྭ་བ་ལ་ཞོན་པ། ལ་ལ་རླུང་ནག་འཚུབ་མ་ལ་ཞོན་པ། ལ་ལ་ཆུ་བྱ་ནག་མོ་ལ་ཞོན་པ། ལ་ལ་ལས་ཀྱི་མེ་ལོང་དང་། ལ་ལ་ནད་ཀྱི་རྐྱལ་བ་དང་༑ ལ་ལ་མཚོན་གྱི་གྲུ་ཀུ་དང་། ལ་ལ་བདུད་ཀྱི་ཁྲམ་ཤིང་དང་། ལ་ལ་ཤོ་རྡེའུ་དཀར་ནག་ཐོགས་པ། །རེ་རེའང་ནད་བདག་མ་མོ་གཤིན་རྗེ་མོ་རྒྱུད་ཀྱི་ཚོགས་དཔག་ཏུ་མེད་པས་བསྐོར་བ། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུཾ་། རང་གི་ཐུགས་ཀའི་ཧ྄ཱུཾ་ནག་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་ལྷོ་ཕྱོགས་རིམ་བ་བདུན་གྱི་ས་འོག་གཤིན་རྗེ་གྲོང་ཁྱེར་སྒོ་མེད ་ལྕགས་མཁར་བཅུ་དྲུག་གི་ནང་ནས། ཆོས་རྒྱལ་འཁོར་དང་བཅས་པ་སྤྱན་དྲངས་བར་བསམས་ལ། ལག་པ་གཡས་བེ་ཅོན་གྱི་ཕྱག་རྒྱ། སྦོས་རོལ་དང་བཅས་ཏེ། ཛཿའཇམ་དཔལ་གཤིན་རྗེའི་གཤེད་ཀྱི་བཀའ་སྡོད་མཆོག །ཆོས་ཀྱི་རྒྱལ་བོ་ཡབ་ཡུམ་ཡ་བ་ཏི༑ ༑ཕོ་ཉ་མོ་ལ་སོགས་པའི་འཁོར་དང་བཅས། །འཕྲིན་ལས་རྣམ་བཞིའི་ལས་ལ་སྤྱན་འདྲེན་ན། །གླིང་གི་མཆོག་གྱུར་འཛམ་གླིང་ལྷོ་ཡི་ཕྱོགས། །མཐར་བྱེད་ལྕགས་ཀྱི་ཐོད་མཁར་འབར་བ་ནས། །ལྷོ་སྤྲིན་ནག་པོ་རླུང་གིས་བསྐྱོད་པ་བཞིན། །བརྩེ་བའི་ཐུགས་ཀྱིས་གནས་འདིར་གཤེགས་སུ་གསོལ། ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། གཤིན་རྗེ་གཤེད་རིགས་ལྔ་མདུན་གྱི་ནམ་མཁར་སྤྱན་དྲངས། ཁྱེད་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥཱི་ཉྩ་ཧཱུཾ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་བ་ལས། རྡོ་རྗེ་ནག་པོ་རྩེ་ལྔ་བ་རེ་རེས་དབུ་བརྒྱན་པར་གྱུར། རྡོ་རྗེ་བསྡམས་པ་ལས་སྲིན་ལག་གཉིས་གཤིབས་ཏེ་བརྐྱང་བ་དམ་བསྒྲག་གི་ཕྱག་རྒྱ་དང་བཅས། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ་ཡ་མ་རཱ་ཛ་ས་བ་རི་ཝཱ་ར་ས་མ་ཡ་སྟྭཾ། ཞེས་བརྗོད། གཤིན་རྗེའི་རྒྱལ་བོ་འཁོར་དང་བཅས། །དམ་ཚིག་དབང་གིས་འདིར་བརྟན་བཞུགས། །མཆོད་པ་ཚུལ་བཞིན་བཞེས་ནས་ཀྱང་། །འཕྲིན་ལས་མཛད་ཕྱིར་ཇི་སྲིད་དུ། །ལས་གྲུབ་བར་དུ་བཞུགས་སུ་གསོལ། །ཡ་མ་རཱ་ཛཱ་ས་བ་རི་ཝཱ་ར་ས་མ་ཡ་སྟྭཾ༑ ཨོཾ་ཀཱ་ལ་རཱུ་བ་ས་བ་རི་ཝཱ་ར་ཨརྒྷཾ། པུཥྦེ། དྷཱུ་བཾ། དཱི་བཾ། གནྡྷེ། ནཻ་ཝི་དྱ། ཤཔྟ་བྲ་ཏི་ཙྪ་ཧཱུཾ་སྭཱ་ཧཱ། ཀཱ་ལ་རཱུ་པའི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཙཱ་མུཎྜིའ྾ ཡ་བ་ཏི་ལ་སོགས་པ་གཤིན་རྗེ་ཕོ་བརྒྱད་མོ་བརྒྱད་སྲིད་པ་གསུམ་གྱི་འབྱུང་བོའི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། འཇམ་དཔལ་བཀའ་ཉན་བསྟན་སྲུང་ནི། །དམ་ཅན་གཤིན་རྗེའི་རྒྱལ་བོ་སྟེ༑ ཞལ་གཅིག་ཕྱག་གཉིས་འཇིགས་གཟུགས་ཅན། །མགོན་པོ་ཁྱོད་ལ་བདག་བསྟོད་དོ། མདུན་གྱི་དྲུག་ཅུ་བ་ལ་ཆང་གི་ཆབ་བྲན། ཨོཾ་ཧྲཱིཿཥྚྲཱིཿས་བསངས་སྦྱངས། །སྟོང་བའི་ངང་ལས་ཡཾ་ལས་རླུང་གི྾ སྤེལ་བར་གྱུར། །ཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། ཕྱོགས་སྐྱོང་སྤྱན་འདྲེན་རྒྱས་པའམ། །བསྡུན། རང་གི་ཐུགས་ཀའི་ཧཱུཾསྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་ཕྱོགས་སྐྱོང་བཅོ་ལྔ་འཁོར་དང་བཅས་པ་བཀུག་ནས་ཕྱོགས་མཚམས་རྣམས་སུ་འཁོད་པ་སྐད་ཅིག་གིས་འོད་གསལ་དུ་བཅུག་པ་ལས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པའི་སྐུར་བཞེངས་བའི་མགྲོན་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་བའི་རྡོ་རྗེ་རྩེ་གཅིག་པ་དཀར་པོ་འོད་ཀྱི་སྦུ་གུ་ཅན་རྣམས་སུ་གྱུར་བར་བསམས་ལ། ། ཨོཾ་ཡ་མ་རཱ་ཛཱ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡཀྵེ་ཡ་ཙྪ་ནི་རཱ་མ་ཡ་ཧཱུཾ་ཧཱུཾཕཊ་ཕཊ་སྭཱ་ཧཱ། །ཞེས་བརྗོད། ཨོཾ་བྷུ་ཙ་ར་ནཾ། ཡ་བཱ་ཏཱ་ལ་ཙ་ར་ཡ། མནཱ་ཁེ་ཙ་ར་ཡ། ཏ་པཱུར་བ་ནི་གཱ་ནཾ། ཀ་དཀྵི་ཎ་ཏི་གཱ་ཡ། ཧཱུཾ་བཤྩི་མ་ནཾ། ཕཊ་ཨུད་ཏ་ར་ཏི་གཱ་ཡ། ཨོཾ་ཨི། ཧྲཱིཿཡ། ཥྚྲཱིཿབ། ཝི་ཀྵི། ཀྲི་ཀོ ཏཱ་ཨེ། ན་ཨ། ན་དེ། ཧཱུཾ་བྷྱོཿ ཕཊ་སརྦ་བྷུ་ཏེ་བྷྱཿ ལན་བཞི། ཨོཾ་ད་ཤ་དིཀ་ལོ་ཀ་བཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ ནས་ ཤཔྟ་པྲ་ཏི་ཙྪ་ཧཱུཾ་སྭཱ་ཧཱ། ཨོཾ་ད་ཤ་དིཀ་ལོ་ཀ་བཱ་ལ་ས་བ་རི་ཝཱ་ར་ཨོཾ་ཨཱཿཧཱུཾ། བཅོམ་ལྡན་ཆོས་རྗེ་འཇམ་དབྱངས་སྤྱན་ལམ་དུ། །བདུད་འདུལ་བསྟན་པ་བསྲུང་བར་ཞལ་བཞེས་པ། །ལས་ཀྱི་གཤིན་རྗེ་མ་མོ་མཁའ་འགྲོ་མ། །འབྱུང་བོ་རོ་ལངས་ཅི་བགྱི་བཀའ་ཉན་ཚོགས། །ཕྱི་ནང་སྐྱོང་བའི་དམ་ཅན་མ་ལུས་ལ། །བདག་ནི་རེ་བའི་སེམས་ཀྱིས་འདུད་ཅིང་མཆིས། །ཕྱོགས་སྐྱོང་འཁོར་དང་བཅས་པ་རྣམས་ཀྱིས་དམ་རྫས་བདུད་རྩི་འབར་བའི་གཏོར་མ་འདི་བཞེས་ལ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱིས་དམ་པའི་ཆོས་སྒྲུབ་པའི་ཕྱི་ནང་གི་འགལ་རྐྱེན་ཐམས་ཅད་ཉེ་བར་ཞི་བའི་འཕྲིན་ལས་མཛོད་ཅིག ཐལ་མོ་སྦྱོར། ཡང་། ཨོཾ་ཧྲཱཾཿཥྚྲཱིཿ྾ ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ། ལན་གསུམ། གཏོར་མ་ལ་ཆབ་བྲན། ཨོཾ་ཡ་མ་རཱ་ཛཱ྾ མཛོད་ཅིག སླར་ཡང་དེ་ལྟ་བུ་ཚར་གཉིས་བྱས་རྗེས། གཞན་གྱི་བསམ་སྦྱོར་ངན་པ་དང་། ཞེས་སོགས་བཟློག་པ་བྱ། དེ་ནས་གཏོར་མ་ཆེ་བ་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་འཁོར་དང་བཅས་བ་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་རྣམས་སུ་གྱུར་བས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཀཱ་ལ་རཱུ་བ་ཡ་མ་རཱ་ཛ་ས་བ་རི་ཝཱ་ར་྾ ཁཱ་ཧི། ལན་བདུན། ཙ་མུཎྜི྾ ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན། ཡ་བ་ཏི་ལ་སོགས་པ་྾ ཁཱ་ཧི། ལན་ལྔ། ཨོཾ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ ནས ཤཔྟ་པྲ་ཏི་ཙྪ་ཧཱུཾ་སྭཱ་ཧཱ། ཀཱ་ལ་རཱུ་བའི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཙ་མུཎྜིའི྾ ཡ་བ་ཏི་ལ་སོགས་པ྾ ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱ་ཧཱུཾ། ཧོཿ འཇམ་དཔལ་གཤིན་རྗེ་གཤེད་ཀྱི་བཀའ་སྡོད། ཡི་དྭགས་ཀུན་གྱི་སྡེ་དཔོན། སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་བྲན་དུ་འཁོར་བ། མ་མོ་ཀུན་གྱི་ཚོགས་རྗེ། སྐྱེ་འགྲོ་ཡོངས་ཀྱི་དབུགས་ལེན། མཐུ་དང་སྟོབས་ཀྱི་བདག་པོ། སངས་རྒྱས་བསྟན་པའི་སྲུང་མ། འཕྲིན་ལས་རྣམ་བཞི་སྒྲུབ་པ་ལ་ཐོགས་པ་མེད་པ། ལས་ཀྱི་གཤིན་རྗེ་ཆོས་ཀྱི་རྒྱལ་བོ། ཡུམ་མཆོག་ཙ་མུཎྜི། ཡ་བ་ཏི་ལ་སོགས་པའི་ཕོ་བརྒྱད། ཕོ་ཉ་མོ་ལ་སོགས་པའི་མོ་བརྒྱད། བཀའ་ཉན་ས་དང་བར་སྣང་ནམ་མཁའི་ཁྱོན་ཐམས་ཅད་གང་བ་ཁྱེད་རྣམས་ལ་དམ་རྫས་རྒྱན་དང་ལྡན་པའི་གཏོར་མ་འདི་འབུལ་ལོ། བཞེས་ལ་སྔོན་འཇམ་དཔལ་གཤིན་རྗེའི་གཤེད་དང་། ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཡབ་སྲས་ཀྱིས་བཀའ་བསྒོས། དམ་ཚིག་གཉེར་དུ་གཏད། རང་གིས་ཁས་བླངས་དམ་བཅས་པ་རྣམས་དྲན་པར་མཛོད་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས་ཤིག སྤེལ་ཞིག དར་ཞིང་རྒྱས་བར་མཛོད་ཅིག དཀོན་མཆོག་གི་དབུ་འཕངས་བསྟོད། བླ་མའི་སྐུ་ཚེ་སྲིངས། འཕྲིན་ལས་སྤེལ། ཁྱད་པར་དུ་ཡང་བདག་ཅག་དཔོན་སློབ་མི་ནོར་དགོན་གནས་དང་བཅས་བ་ཁྱེད་ལ་གཉེར་དུ་གཏད་པ་ཡིན་པས། ཕྱི་ནང་གི་བར་ཆད་ཉེར་འཚེ་ཐམས་ཅད་ལས་བསྲུང་བར་མཛོད། བསྐྱབ་པར་མཛོད། སྦ་བར་མཛོད། ཚེ་དང་བསོད་ནམས། དགེ་འདུན་གྱི་སྡེ། བསླབ་པ་གསུམ་གྱི་ཉམས་ལེན། བཤད་སྒྲུབ་ཀྱི་བྱ་བ་རྣམས་ཡར་ངོའི་ཟླ་བ་ལྟར་རྒྱས་པར་མཛོད་ཅིག བསྟན་པ་དང་། བསྟན་པ་འཛིན་པ་དང་། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་སེམས་པའི་དགྲ་བགེགས་བདུག་པ་ཅན་ཐམས་ཅད་ཀྱི་བསམ་སྦྱོར་ངན་པ་ཐམས་ཅད་ཞི་བར་མཛོད་ལ། མྱུར་དུ་དབང་དུ་བསྡུ་བའི་འཕྲིན་ལས་མཛོད་ཅིག གལ་ཏེ་ཞི་བས་འདུལ་དུ་མ་འཚལ་ན། འཛིན་བྱེད་ཀྱི་ལྕགས་ཀྱུས་ཟུངས། འཆིང་བྱེད་ཀྱི་ཞགས་པས་ཆིངས། འབར་བའི་མཚོན་ཆས་སྐད་ཅིག་ཉིད་ལ་ཐལ་བར་རློགས་ལ། སྙིང་ཁྲག་དྲོན་མོ་ཞལ་དུ་གསོལ་ཞིག མདོར་ན་ཞི་རྒྱས་དབང་དྲག་གི་འཕྲིན་ལས་གང་བཅོལ་བ་ཐམས་ཅད་ཐོགས་པ་མེད་པར་འགྲུབ་པར་མཛོད་ཅིག ཅེས་གཏོར་རྫོང་བྱ། ཆོས་རྒྱལ་ཡབ་ཡུམ་འཁོར་བཅས་ལ། །བདག་གིས་མཆོད་གཏོར་ཕུལ་པ་ཡིས། །དཀོན་མཆོག་དབུ་འཕངས་སྨོད་པ་དང་། །ཐེག་པ་ཆེན་པོ་སུན་འབྱིན་དང་། །བསྟན་པ་འཇིག་དང་དབྱེན་བྱེད་དང་། །བླ་མའི་སྐུ་ལ་བསྡོ་བ་དང་། །རྣལ་འབྱོར་བདག་ལ་སྡང་བ་རྣམས། །དེ་དག་ཆོས་ཀྱི་རྒྱལ་བོས་སྒྲོལ། །ཨ་མུ་ཀཱ་མཱ་ར་ཡ་ཕཊ། ཨོཾ་བཛྲ་ཨ་མྲྀ་ཏ་྾྾སྟོང་བའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་དཀར་གསུམ་མངར་གསུམ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ཧཱུཾ། ལན་བདུན། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་྾྾྾འཚལ་ལོ། །ཀྱེ༑ ཕུན་ཚོགས་འདོད་ཡོན་ལྔ་ལྡན་པའི། །བདུད་རྩི་རྒྱ་མཚོའི་གཏོར་མ་འདི། །ས་ཡི་ལྷ་མོ་བརྟན་མ་སོགས། །སྟོང་གསུམ་གཞི་བདག་ཚོགས་རྣམས་དང་། །ཚེ་རིང་མཆེད་ལྔ་བསྟན་སྐྱོང་བཅས། །གངས་ཅན་གནས་བ་ཐམས་ཅད་དང་། །ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི། །ཡུལ་ལྷ་གཞི་བདག་རྣམས་ལ་འབུལ། །བཞེས་ནས་བདག་ཅག་ཡོན་མཆོད་རྣམས། །ལས་དང་བྱ་བ་ཅི་བྱེད་ཅིང་། །ཀོ་ལོང་ཕྲག་དོག་མ་མཛད་པར། །མཐུན་རྐྱེན་ཡིད་བཞིན་སྒྲུབ་བར་མཛོད། །བདག་གི་བསམ་པའི་྾྾྾྾འབྱུང་གྱུར་ཅིག བསྐུལ་རིང་འདོན་པའམ། མ་བཏོན་ཀྱང་ཆོག ཧཱུཾ་འཆི་བདག་ནག་པོ་ལྷོ་ཕྱོགས་ཀྱི། །རིན་པ་བདུན་གྱི་ས་འོག་ན་། །སྲོག་ལ་རྔམ་པའི་གཤིན་རྗེ་ནི། །ནག་པོ་མ་ཧེའི་གདན་སྟེང་དུ། །ཡ་ལས་བྱུང་བའི་དབྱུག་པ་ནི། །ཐོད་པས་མཚན་པ་ལས་བྱུང་བ། །གཏིང་ནས་ཁྲོས་བ་མ་ཧེའི་གདོང་། །ཟ་བྱེད་ཞལ་གདངས་མཆེ་བ་གཙིགས། །ཁྲོས་པའི་སྤྱན་རྩ་དམར་པོ་འཁྲུག །སྐྲ་སེར་སྨ་ར་གྱེན་དུ་བརྫེས། །ལག་གཡོན་ཞགས་པས་དགྲ་བགེགས་འཆིང་། །གཡས་བ་དབྱུག་པས་རྡུལ་དུ་རློག །ཆོས་ཀྱི་རྒྱལ་བོ་གཤིན་རྗེའི་ཚོགས། །མ་མོ་ཆེན་མོ་ཙཱ་མུཎྜི། །རྩེ་གསུམ་ཐོད་ཁྲག་འཛིན་མཛད་པ། །བྲན་དང་བཅས་བའི་དུས་ལ་བབས། །ཤ་ཆེན་ཁྲག་ཞག་ཆེན་པོ་ཡི། །གཏོར་མ་རྒྱ་མཚོ་མཆོད་པར་བཞེས། །རྒྱལ་བས་བསྒོས་བའི་དམ་ཚིག་དང་། །སྙིང་རྗེས་དགྲ་བགེགས་མྱུར་དུ་སྒྲོལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །ཟུངས་ཤིག་ཆིངས་ཤིག་རྣམ་པར་སྡོམས། །ཁུག་གཅིག་དྲོངས་ཤིག་དབང་དུ་སྡུས། །སོད་ཅིག་སྐྲོད་ཅིག་རེངས་པར་གྱིས། །ཕྱེ་ཞིག་ནོན་ཅིག་རྨུགས་པར་གྱིས། །ཐུལ་ཞིག་ཆོམས་ཤིག་རྣམ་པར་ཤིག །རྡུལ་ཕྲན་ཙམ་ཡང་མེད་པར་མཛོད། །ཨོཾ་ཀཱ་ལ་རཱུ་བ་ཧཱུཾ་ཕཊ། བྷྱོཿཙ་མུཎྜི་ཧཱུཾ་ཕཊ། གཏོར་མ་རྒྱ་མཚོ་མཆོད་པར་བཞེས། ཞེས་བའི་སྐབས་སུ་གཏོར་མ་ཕྱི་རོལ་ཏུ་འཁྱེར། ཧཱུཾ་ཆོས་སྐུ་ཡངས་བའི་ཕོ་བྲང་ནས། །ཆོས་རྒྱལ་ཡབ་ཡུམ་འཁོར་བཅས་ཀྱིས། །མཐུན་པའི་དམ་རྫས་འདི་བཞེས་ལ། །རྣལ་འབྱོར་དཔོན་སློབ་འཁོར་བཅས་ལ། །གཞན་གྱི་བསམ་སྦྱོར་ངན་པ་དང་། །ཚེ་ཟོར་ཡུངས་ཟོར་འཕེན་པ་བཟློག །འབྱུང་བོའི་ཐོད་ཟོར་འཕེན་པ྾ །གཤིན་རྗེའི་འཁོར་ལོ་བསྐོར་བ྾ །བདུད་ཀྱི་ཁྲམ་ཁ་བསྟན་པ྾ །མ་མོ་ཁྲག་ཟོར་འཕེན་པ྾ །ཞང་ཞུང་བཙོ་དམར་འཕེན་པ྾ །སུམ་པ་གླང་ཟོར་འཕེན་པ྾ །བནྡྷེ་སྔགས་ཟོར་འཕེན་པ྾ །བོན་པོ་རྟ་ཟོར་འཕེན་པ྾ །སྔགས་པ་སྒོང་ཟོར་འཕེན་པ྾ །སྐྱེས་པ་མདའ་ཟོར་འཕེན་པ྾ །བུད་མེད་དམོད་ཟོར་འཕེན་པ྾ །མུ་སྟེགས་བར་ཆད་བྱེད་པ྾ །ངན་སྔགས་གདུག་པའི་རྦོད་གཏོང྾ །ཀླུ་ཡི་བྱད་དུ་བཙུག་པ྾ །ཐེའུ་རང་སྲིས་ལ་རྐུ་བ་྾ །རྒྱལ་བོ་སྨྱོ་འབོག་གཏོང་བ྾ །དྲང་སྲོང་གཟའ་ཡི་ཀི་ཀཾ྾ ལྟས་ངན་བརྒྱད་ཅུ་རྩ་བཞི྾ །ཡེ་འབྲོག་སུམ་བརྒྱ་དྲུག་ཅུ྾ །རྨི་ལམ་ངན་དང་མཚན་མ་ངན། །ལོ་སྐེགས་ཟླ་སྐེགས་ཞག་སྐེགས་དང་། །ནད་རིགས་བཞི་བརྒྱ་རྩ་བཞི྾ །མཁའ་འགྲོ་མ་དང་རོ་ལངས་དང་། །རྒྱལ་བསེན་བར་ཆད་བྱེད་པ་བཟློག །དེ་ལ་སོགས་པའི་གདུག་སེམས་རྣམས། །ཐམས་ཅད་སྡང་བའི་དགྲ་ལ་བྷྱོཿ། །ཐམས་ཅད་གནོད་པའི་བགེགས་ལ་བྷྱོཿ། །ཞེས་བཟློག་པ་དང་།ཤེར་སྙིང་འདོན་ཅིང་བཟློག་པ་བྱ། །བགེགས་རིགས་སྟོང་ཕྲག་྾དཔོན་སློབ་རྣམས་ཀྱི་ཆོས་དང་མཐུན་པའི་དོན། །ཇི་ལྟར་བསམ་བ་ཡིད་བཞིན་འགྲུབ་པ་དང་། །ནད་གདོན་བགེགས་སོགས་པར་དུ་གཅོད་པའི་ཚོགས། །ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། །ཧཱུཾ་མཐུན་པའི་དངོས་གྲུབ་སོགས་བྱ། །གཏང་རག་གི་མཆོད་བའི་སྐབས། །མགོན་པོའི་མཆོད་པའི་རྗེས་སུ། །ཨོཾ་ཀཱ་ལ་རཱུ་བ་སོགས་མཆོད་པ། ནང་མཆོད་འཕྲོར་ནང་མཆོད། བསྟོད་པའི་མཇུག་ཏུ། འཇམ་དཔལ་བཀའ་ཉན་མས་བསྟོད་པ་བྱ། གཞན་དཀྱུས་ལྟར་རོ། །དྲག་བསྔོས་བྱེད་ན། །མགོན་པོ་ཁྱོད་ལ་བདག་བསྟོད་དོ། །ཞེས་བའི་བར་དཀྱུས་ལྟར་ལ། །དེ་ནས་ཞྭ་གྱོན་ཅིང་། ཆོས་སྒྲུབ་པ་ལ་བར་དུ་གཅོད་པའི་གདོན་བགེགས་རྣམས་ལ་དམིགས་ཏེ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱིབདེན་པ་དང་། ཆོས་ཀྱི྾ དགེ་འདུན་ཀྱི྾ བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བདེན྾ ཆོས་ཉིད་རྣམ་པར་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པའི་མཐུ་ལ་བརྟེན་ནས་སྤྱིར་སངས་རྒྱས་ཀྱི་བསྟན་དགྲ །དགེ་འདུན་ཡོངས་ཀྱི་དགྲ་བོ་བདག་ཅག་དཔོན་སློབ་འཁོར་དང་བཅས་བ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་རྣམས་ཀྱི་བླ་སྲོག་རྣམ་པར་ཤེས་པ་མཐོ་སྲིད་པའི་རྩེ་མོ་ནས་དམའ་དམྱལ་ཁམས་བཅོ་བརྒྱད་ཀྱི་བར་གྱི་སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་གང་ན་གནས་ཀྱང་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་མདུན་གྱི་གཏོར་མ་འདི་ལ་ཁུག་ཅིག་བསྟིམ་ཅིག ཎི་ཡཾ་ཛཿཏྲི་ཡཾ་ཛཿདུད་ཡཾ་ཛཿཨོཾ་ཧྲཱིཿཥྚྲིཿ྾ ཕཊ། གནོད་བྱེད་དགྲ་བགེགས་ཨ་མུ་ཀ་མཱ་ར་ཡ་ཧཱུཾ་ཕཊ། ཐལ་མོ་བརྡབ། དགུག་གཞུག ལན་གསུམ། གཏོར་མ་བྱིན་རླབས་མན་སྔར་ལྟར་ལ། འདོད་གསོལ་སྐབས། ཕྱོགས་སྐྱོང་འཁོར་དང་བཅས་བ་རྣམས་ཀྱིས་ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི་བསྟན་པ་བསྟན་འཛིན་བསྟན་པའི་སྦྱིན་བདག་དང་བཅས་བ་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་ཐམས་ཅད་ཐལ་བའི་རྡུལ་ཕྲན་བཞིན་དུ་རློག་པའི་འཕྲིན་ལས་མཛོད་ཅིག །ཅས་བརྗོད་ཅིང་ཐལ་མོ་བརྡབ་པོ། གཏོར་རྫོང་སྐབས་སུ། ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། ཞེས་སྦྱོར། དཀར་གཏོར་བསྔོས་རྗེས། ཧཱུཾ་བཅོམ་ལྡན་གཤིན་རྗེའི་གཤེད་བོའི་བཀའ། །ཆོས་ཀྱི་རྒྱལ་བོ་དགོངས་སུ་གསོལ། །དེ་རིང་དྲག་པོའི་འཕྲིན་ལས་འདི། ཁྱོད་ཀྱི་ལས་སུ་འོས་པ་ཡིན། །ལྷ་དང་བཅས་བའི་འཇིག་རྟེན་ན། །ལེགས་ཉེས་ཆོས་བཞིན་གཅོད་པ་ཁྱོད། །གཤིན་རྗེའི་གཤེད་ཀྱི་བཀའ་འཁོར་ན། །བཀའ་ཉན་དམ་ཚིག་སྲུང་བ་ཁྱོད། །ལས་དང་རྐྱེན་གྱིས་འཆི་བ་ཡི། །སྲོག་ལ་དབང་བྱེད་བདག་པོ་ཁྱོད། །དེ་ཕྱིར་ལས་འདི་ཁྱོད་ལ་གཏད། །ཁྱོད་ཀྱི་འཁོར་ནི་མི་བསྲུན་ཏེ། །ཐ་མལ་སེམས་ཅན་ཉེས་མེད་ཅིང་། །གཞན་གྱིས་བསྐུལ་བར་མ་བྱས་པར། །གློ་བུར་ཕྲད་པའང་འཛིན་བྱེད་ན། །ང་ཡིས་གཏད་པའི་ལས་འདི་རྣམས། །འཇམ་དཔལ་གཞོན་ནུའི་བཀའ་བཞིན་དུ། །དམ་ཚིག་ཕྱག་རྒྱ་མིག་ལ་བསྟན། །དམ་ཚིག་སྙིང་བོ་རྣ་བར་བསྒྲགས། །རྡོ་རྗེའི་ཐ་ཚིག་སྙིང་ལ་བཞག །དམ་རྫས་མཆོད་པ་ཕུལ་ནས་ཀྱང་། །དམ་ཚིག་འཕྲིན་ལས་གཉེར་དུ་གཏད། །ལས་འདི་སྔོན་དུ་བསྒྲུབ་བར་རིགས། ཁྱོད་ཀྱིས་ལས་འདི་མ་བསྒྲུབས་ན། །དཀོན་མཆོག་གསུམ་གྱི་བཀའ་ཡང་བཅག །གཤིན་རྗེའི་གཤེད་ཀྱི་དམ་ཡང་དྲལ། །རང་གི་ཐ་ཚིག་རང་གིས་བསླུས། །དམ་ཚིག་གྲོགས་པོ་བདག་ཅག་གི །རེ་བའི་བསམ་པ་གཏིང་ནས་བཅད། །དེ་བས་ལས་འདི་བསྒྲུབ་པར་གྱིས། ཁྱོད་ཀྱི་འཁོར་གྱི་དཀྱིལ་འཁོར་ན། །ཡ་མ་དཱུ་ཏཱི་ཞེས་བྱ་བ། །ལག་ན་ལྕགས་ཀྱུ་ནག་པོ་ཐོགས། །གང་ཞིག་བཟུང་བར་འདོད་པ་དེ། །དབྱུགས་པ་ཙམ་གྱིས་འཛིན་པར་བྱེད། ཁྱོད་ལ་གཉེར་དུ་གཏད་པ་ནི། །བློ་བཟང་རྒྱལ་བའི་བསྟན་པ་དང་། །བསྟན་འཛིན་དགེ་འདུན་སྡེ་བཅས་ལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །བདུད་དང་བར་དུ་གཅོད་པའི་ཚོགས། །འདི་དག་འཁོར་དང་བཅས་པ་ཀུན། །ཁྱོད་ཀྱིས་དེ་རིང་བཟུང་བར་གྱིས། །གཞན་ཡང་འཁོར་གྱི་དཀྱིལ་འཁོར་ན། །ཀཱ་ལ་བཱ་ཤ་ཞེེས་བྱ་བ། །ལག་ན་དུས་ཀྱི་ཞགས་པ་ཐོགས། །གང་ཞིག་བཅིང་བར་འདོད་པ་དེ། །བཏབ་པ་ཙམ་གྱིས་འཆིང་བར་བྱེད། ཁྱོད་ལ་གཉེར་དུ་གཏད྾ །བློ་བཟང་རྒྱལ་བའི྾ །བསྟན་འཛིན་དགེ་འདུན྾ །སྡང་བའི་དགྲ་དང྾ ། བདུད་དང་བར་དུ྾ །འདི་དག་འཁོར་དང྾ ཁྱོད་ཀྱིས་དེ་རིང་བཅིང་བར་གྱིས། །གཞན་ཡང་འཁོར་གྱི་དཀྱིལ་འཁོར་ན། །ཡ་མ་དཎྜི་ཞེས་བྱ་བ། །ལག་ན་པེ་ཅོན་ནག་པོ་ཐོགས། །གང་ཞིག་བསད་པར་འདོད་པ་དེ། །ཕྱར་བ་ཙམ་གྱིས་འཆི་བར་བྱེད། །ཁྱོད་ལ་གཉེར་དུ྾ །བློ་བཟང་྾ །བསྟན་འཛིན྾ །སྡང་བའི྾ །བདུད་དང྾ །འདི་དག྾ །ཁྱོད་ཀྱིས་དེ་རིང་བསད་པར་གྱིས། །གཞན་ཡང་འཁོར་གྱི་དཀྱིལ་འཁོར་ན། །ཡ་མ་དཾཥྚྲི་ཞེས་བྱ་བ། །ཟ་བྱེད་མཆེ་བ་འབར་བ་ཅན། །གང་ཞིག་ཟ་བར་འདོད་པ་དེ། །གཙིགས་པ་ཙམ་གྱིས་ཟ་བར་བྱེད། །ཁྱོད་ལ྾ །བློ་བཟང྾ །བསྟན་འཛིན྾ །སྡང་བའི྾ །བདུད་དང྾ །འདི་དག྾ ཁྱོད་ཀྱིས་དེ་རིང་ཟ་བར་གྱིས། །གཞན་ཡང་འཁོར་གྱི་དཀྱིལ་འཁོར་ན། །ཀཱ་ལ་ར་ཏྲི་ལ་སོགས་པ། །གསོད་པ་མོ་དང་ནག་མོ་དང་། །ནཾ་གྲུ་ཤ་ཀ་ལི་ལ་སོགས། །བུད་མེད་ཚོགས་ཀྱིས་བསྐོར་བ་ནི། །ལ་ལ་ལས་ཀྱི་མེ་ལོང་ཅན། །ལ་ལ་ནད་ཀྱི་རྐྱལ་བ་ཅན། །ལ་ལ་ཚོན་གྱི་གྲུ་གུ་ཅན། །ལ་ལ་བདུད་ཀྱི་ཁྲམ་བམ་ཅན། །ལ་ལ་ཤོ་རྡེའུ་དཀར་ནག་ཅན། །ལ་ལ་ལྕགས་ཀྱི་དྲེའུ་རྟ་ཅན། །ལ་ལ་བོང་བུ་གྭ་བ་ཞོན། །ལ་ལ་རླུང་ནག་འཚུབ་མ་ཞོན། །ལ་ལ་ཆུ་བྱ་ནག་མོ་ཞོན། །ལ་ལ་ནམ་གྱི་གུང་ལ་རྒྱུག །ལ་ལ་ཆུ་བོའི་གཞུང་ལ་རྒྱུག །ལ་ལ་ཉི་མའི་ཟེར་ལ་རྒྱུག །ཀུན་ཀྱང་གཞན་སྲོག་འཕྲོག་པར་བྱེད། ཁྱོད་ལ྾ །བློ་བཟང྾ །བསྟན་྾ །སྡང་བའི྾ །བདུད྾ །འདི་དག྾ ཁྱོད་ཀྱིས་དེ་རིང་བརླག་པར་གྱིས། །གཞན་ཡང་ནང་གི་དཀྱིལ་འཁོར་ན། །ཡ་བ་ཏི་དང་ཕྱ྄་བསང་དང་། །རྨིག་པ་རལ་བ་ཚར་དགུ་སོགས། །ལ་ལ་རྒྱལ་བོའི་ཚུལ་དུ་གནས། །ལ་ལ་བློན་པོའི་ཚུལ་དུ་གནས། །ཁ་ཅིག་དག་ནི་སྡེ་དཔོན་ཚུལ། །ལ་ལ་ཕོ་ཉའི་ཚུལ་དུ་གནས། །ལག་ན་བེ་ཅོན་འཁོར་ལོ་དང་། །གསལ་ཤིང་མདུང་སོགས་མཚོན་ཆ་ཐོགས། །སོ་སོའི་སྡེ་དཔོན་མངགས་པ་དང་། །ཕོ་ཉ་ཕྱག་བརྙན་བཅས་པ་ལ། །འཕྲིན་ལས་གཉེར་དུ་གཏད་པ་ནི། །བློ་བཟང་རྒྱལ་བའི་བསྟན་པ་དང་། །བསྟན་འཛིན་དགེ་འདུན་སྡེ་བཅས་ལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །བདུད་དང་བར་དུ་གཅོད་པའི་ཚོགས། །འདི་དག་འཁོར་དང་བཅས་པ་ཀུན། ཁྱོད་ཀྱིས་དེ་རིང་ཚར་ཆོད་ཅིག །ཅེས་དང་། འཆི་བདག་མའི། སྡང་བའི་དགྲ་དང་གནོད་པའི་བགེགས། །ཞེས་བའི་སྐབས་སུ་གཏོར་མ་ཕྱི་རོལ་ཏུ་འཁྱེར། གཞན་རྣམས་ཞི་བསྔོས་ཇི་ལྟ་བ་བཞིན་བྱའོ། བཅོམ་ལྡན་འཇམ་དཔལ་བཛྲ་བྷཻ་ར་ཝ། བཀའ་སྡོད་ལས་གཤིན་ཆོས་ཀྱི་རྒྱལ་བོ་ཡི། ཕྱི་ནང་གསང་གསུམ་དྲེགས་པ་ཕོ་མོའི་ཚོགས། འཁོར་དང་བཅས་ལ་སྙིང་ནས་ཕྱག་བགྱིད་དོ། །དབྱུག་གུའི་གཏེར་སྔོས་གསར་བསྐྲུན་ཏུ་སྦྱོར་བ། ཐེབས་བརྒྱ་བུ་མང་སྨན་པ་བློ་བཟང་ནས། ལྷག་བསམ་དག་པས་ཡོན་སྦྱར་དགེ་ཚོགས་མཐུས། ཕྱི་ནང་ཉེས་འཚེ་གཡུལ་ལས་རྣམ་རྒྱལ་ཏེ། ཕྲལ་ཡུན་འདོད་དོན་ལྷུན་གྱི་འགྲུབ་པ་དང་། ཆོས་འབྱོར་བདེ་སྐྱིད་དཔལ་ལ་རྟག་རོལ་ཅིང་། བླ་མེད་བདེ་བ་མཆོག་གི་ལམ་བཟང་དེར། བགྲོད་པའི་སྐལ་བཟང་མངོན་དུ་འགྱུར་བར་ཤོག ། ཅེས་དྲུག་ཅུ་བ་ཞི་དྲག་གི་འདོན་སྒྲིག་འདི་ནི་ཀུན་སྤངས་རི་ཁྲོད་པ་རྣམས་ཀྱི་ཚོགས་འདོན་ཇི་ལྟ་བ་བཞིན་དུ་དགེ་ལྡན་བཀྲ་ཤིས་ཆོས་སྡིངས་སུ་པར་དུ་བསྒྲུབས་པའོ།། །། །།