དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས

ཡོང་ཁུངས་Wikipedia

གངས་ཅན་ཡུལ་གྱི་ས་ལ་སྤྱོད་པའི་མཐོ་རིས་རྒྱལ་བློན་གཙོ་བོར་བརྗོད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཞེས་བྱ་བ་འདི་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱལ་མཚོས་རབ་བྱུང་བཅུ་གཅིག་པའི་ཆུ་ལུག་ལོར་མཛད། བརྗོད་བྱ་ཆོས་སྲིད་གཉིས་ལས་སྲིད་ཕྱོགས་གཙོ་བོ་དང་། དུས་རབས་སྔ་ཕྱི་གཉིས་ལས་ཕྱི་རབས་གླང་དར་མན་ཆད་གཙོ་བོར་བསྟན་ཅིང་། ལྷག་པར་དུ་ས་སྐྱ་པ་དང་ཕག་གྲུ་གཉིས་འཕེལ་འགྲིབ་བམ་དར་རྒུད་ཀྱི་ལོ་རྒྱུས་རྒྱས་པར་བཀོད་ཡོད། གསུང་འབུམ་གྱི་ཛ་བམ་དུ་ཤོག་གྲངས་བརྒྱ་དང་བཅུ་གསུམ་ཡོད། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་ཀྱང་ལྕགས་པར་དུ་བསྐྲུན་ཡོད།