དམེ་ཤུལ་ཚོ་བཞི་

ཡོང་ཁུངས་Wikipedia

དམེ་ཤུལ་ཚོ་བ་བཞི་ནི་བསང་ཆུ་རྫོང་གི་ཤར་ལྷོར་གནས་ཤིང་། ཤར་དུ་ཀླུ་ཤོད་དང་། ནུབ་ཏུ་ཀླུ་ཆུ་རྫོང་གི་ཨ་ལ། ནུབ་བྱང་དུ་ཨ་མཆོག་དང་འབོ་ར་བཅས་དང་ས་མཚམས་འདྲེས། ཡུལ་ཚོ་ཁ་ཤས་ནི་སྒྱིས་ཚང་ཁང་ཁོངས་སུ་གནས་སོ། །དམེ་ཤུལ་ཚོ་བཞིའི་མི་རྒྱུད་ཀྱི་གོང་མ་ནི་ཡུལ་གསུམ་ནས་འོངས་ཏེ་དང་པོ་ཀླུ་ཤོད་ནས་མི་ཁྱིམ་ཞིག་འོངས་ཏེ་མགོ་དཀར་ནང་དུ་གཞི་བཅས་ཏེ་ས་བཟུང་། ཁྱིམ་དེར་བུ་གཅིག་དང་བུ་མོ་གཅིག་བྱུང་བ་སོ་སོར་གྱེས་ཏེ་བསྡད་དེ་རིམ་བཞིན་དབང་སྐོར་དང་ངོ་ཀླད་ཚོ་བ་གཉིས་སུ་འཕེལ། དེ་རྗེས་ཨ་མཆོག་ནས་མི་ཁྱིམ་ཞིག་འོངས་ཤིང་། དེའི་རྒྱུད་པ་ལས་རི་རྫི་ཚོ་བ་མཆེད། ཡང་དེ་དང་དུས་མཉམ་དུ་ཀླུ་ཆུའི་ཨ་ལ་ནས་མི་ཁྱིམ་ཞིག་འོངས་པས་ཨ་ལ་ཚོ་བ་ཆགས་སོ། །

དམེ་ཤུལ་ཚོ་བ་བཞི་ནི་དབང་བ་ཀླུ། དཔོན་སྐོར། ར་དེའུ། ཨ་ལ་བཅས་སོ། །ཚོ་བ་བཞིར་སྡེ་ཚན་བཅོ་ལྔ་མཆིས་ཤིང་སྡེ་ཚན་བཅོ་ལྔ་ནི་འགག་རྩ་དང་། ལོ་འབྲུག སྒར་ཉིན། ཆུ་ཞོལ། དམེ་ཚ། བལ་ལུང་། རྒོད་གཅོད་སྟོད། རྒོད་གཅོད་སྨད། མུ་ཏོ། སྒ་ཁུག དམའ་རུ་སོགས་སོ། །