དཔལ་འབར་རྫོང་།
དཔལ་འབར་རྫོང་ནས། བོད་ཤར་ཕྱོགས་ཆབ་མདོ་ས་ཁུལ་མངའ་ཁོངས་སུ་ཡོད་ཅིང་། མཐོ་ཚད་རྒྱ་མཚོའི་ངོས། རྨིད་༣༥༠༠/༣༦༠༠ ཙམ་ཡོད། སྤྱིར་ས་མ་འབྲོག་ལས། ཞིང་པ་ཤས་ཆེ་ཙམ་ཡིན། མཛེས་སྡུག་ལྡན་པའི་ཡུལ་ལྗོངས་མང་པོ་ཡོད་པ་ལས། དཔེར་ན། ཕུ་ཡུལ་ཤང་དུ་རིགས་གསུམ་མགོན་པོའི་བླ་མཚོ་གསུམ་ཡོད་པ་ལས། མཚོ་དཀར་པོ་སྤྱན་རས་གཟིགས་ཀྱི་བླ་མཚོ། སེར་པོ་འཇམ་དཔལ་དབྱངས་ཀྱི་བླ་མཚོ། ནག་པོ་ཕྱག་ན་རྡོ་རྗེའི་བླ་མཚོ་ཞེས། ངོ་མཚར་ཅན་གྱི་མཚོ་གསུམ་ཡོད་པ་དེ། ལོ་རྒྱུས་ཐོག་ཆུ་ལ་རང་བྱུང་གི་ཚོན་ཁྲ་ཡོད་པའི་མཚོ་དེ། རྒྱལ་སྤྱིའི་ཐོག་ཨང་དང་པོ་དེ་ཡིན། གཞན་ཡང་རྔོད་པ་ཤང་ཞེས་པ་དེ། གང་བ་ཕུག་མོ་ཞེས་པའི་དབྱར་དགུན་དུས་བཞིར། ལོ་ངོ་སྟོང་ཕྲག་དུ་མའི་གངས་རྒན་དེ་དག་དཀར་ཞིང་བརྗིད་ལ་མཐོ་ཞིང་རྔམས། གངས་འདབས་ན་སྔོ་ལྗང་ཅན་གྱིས་སྤངས་ལྗོངས་དང་ནག་ཚལ་མཛེས་ཤིང་ཉམས་དགའ་བ་དེ་དག། དངོས་སུ་སླེབ་ན་མ་གཏོག་བཤད་ན་ཡིད་ཆེས་དཀའ་བའི་མཛེས་ལྗོངས་ཤིན་ཏུ་མང་པོ་ཡོད། དཔལ་འབར་རྫོང་ཁོང་ཆེས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་སུའི་སི་ལི་གཉིས་པ་ཞེས་པ་དེ་ས་སྟེང་ཤང་དུ་ཡོད་པ་དང་། རྒྱལ་སྤྱིའི་ཐོག་ཆེས་སྙན་གྲགས་ལྡན་པའི་མཁས་མཛང་གཉིས་ལྡན་ཤར་སྤྲུལ་སྐུ་ཕྲེང་གསུམ་པ་དམ་ཆོས་རྒྱ་མཚོ་ཞེས་པ་དེ་འཁྲུངས་ཡུལ་ཡང་ས་སྟེང་ཤང་རྐེ་ཉིན་གྲོང་བྱིའུ་ཚང་ཞེས་པའི་མི་ཚང་དེ་དཔལ་འབར་རྫོང་ཁོང་དུ་ཡོད།། །།