དགོངས་པ་ཟང་ཐལ།

ཡོང་ཁུངས་Wikipedia

སྔ་འགྱུར་རྙིང་མའི་གཏེར་སྟོན་མཆོག་གི་སྤྲུལ་སྐུ་རྣམ་གསུམ་གྱི་ཡ་གྱལ། གཏེར་སྟོན་རིག་འཛིན་རྒོད་ལྡེམ་གྱིས་བྱང་ཟང་ཟང་ལྷ་བྲག་གི་སྐེད་དབུས་བསེ་སྒྲོམ་སྨུག་པོའི་ནང་ནས་བཞེས་པའི་རྫོགས་པ་ཆེན་པོའི་ཟབ་ཆོས་ཤིག་སྟེ། སྔ་འགྱུར་རྙིང་མའི་ལུགས་སུ་ཐེག་པ་རིམ་པ་དགུ་ལས། ཐེག་པའི་རྩེ་མོ་ཨ་ཏི་ཡོ་ག ཨ་ཏི་ཡོ་གར་སེམས་ཀློང་མན་ངག་གི་སྡེ་གསུམ་ལས། མན་ངག་གི་སྡེའི་ཕྱོགས་སུ་གཏོགས།