Jump to content

དགེ་རྒན་དུས་ཆེན་

ཡོང་ཁུངས་Wikipedia

དགེ་རྒན་དུས་ཆེན་ཞེས་པ་ནི་དགེ་བའི་བཤེས་གཉེན་ལ་ཐུགས་རྗེ་ཞུ་བའི་དུས་ཆེན་ཞིག་ཡིན་པ་དང་རྒྱལ་ཁབ་ཁག་གི་དགེ་རྒན་དུས་ཆེན་གྱི་དུས་ཚེས་འདྲ་ཡི་མེད། ་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྐམ་ས་ཆེན་པོའི་ས་ཁུལ་གྱི་དུས་ཆེན་ནི་ཟླ་༩པའི་ཚེས་༡༠ཉིན་མོར་ཡིན།ཀྲུང་གོའི་ཉེ་རབས་དང་དེང་རབས་ཀྱི་ལོ་རྒྱུས་ཐོག་དགེ་རྒན་དུས་ཆེན་གྱི་དུས་ཚེས་མི་འདྲ་བ་མང་པོ་ཐོན་མྱོང་ཡོད།༡༩༨༥ལོར་སྐབས་དྲུག་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དགེ་རྒན་དུས་ཆེན་གཏན་ཁེལ་བྱེད་པའི་གྲོས་གཞིར་གྲོས་འཆམ་བྱུང་སྟེ་༡༩༨༥ལོའི་ཟླ་༩པའི་ཚེས༡༠ཉིན་དེ་དངོས་སུ་ཀྲུང་གོའི་དགེ་རྒན་དུས་ཆེན་ཐེངས་དང་པོར་གཏན་ཁེལ་བྱས་ཡོད།

དགེ་རྒན་དུས་ཆེན་གཏོང་དགོས་པའི་དོན་སྙིང་ནི་མི་དམངས་དགེ་རྒན་གྱི་ཆབ་སྲིད་གནས་བབས་དང་སྤྱི་ཚོགས་གནས་བབས་གོང་མཐོར་བཏང་སྟེ་དགེ་རྒན་གྱི་ལས་ཀ་དེ་དོན་ངོ་མའི་སྒོ་ནས་སྤྱི་ཚོགས་ཐོག་མི་གཞན་གྱིས་བརྩི་བཀུར་ཐོབ་པ་དང་ཡིད་སྨོན་སྐྱེས་པའི་ལས་རིགས་ཤིག་ཏུ་གྱུར་ནས་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན།ཤེས་བྱར་དོ་བཀུར།ཤེས་ལྡན་མི་སྣར་བརྩི་བཀུར་བཅས་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུར་ཕན་པ་ཡོད་པ།སྤྱི་ཚོགས་ཡོངས་སུ་སློབ་གསོའི་བྱ་གཞག་ལ་དོ་ཁུར་གྱིས་ཀྲུང་ཧྭ་མི་རིགས་ཡོངས་ཀྱི་ཚན་རིག་རིག་གནས་བྱང་ཚད་གོང་མཐོར་འགྲོ་རྒྱུར་ཕན་པ་ཡོད།

པར་རིས་བར་འཁྱམས།

[རྩོམ་སྒྲིག]

ད་དུང་གཟིགས།

[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།

[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག

[རྩོམ་སྒྲིག]