དགེ་འདུན་ཚུལ་ཁྲིམས་

ཡོང་ཁུངས་Wikipedia

དགེ་འདུན་ཚུལ་ཁྲིམས། འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་དྲུག་ཅུ་རེ་ལྔ་པ་ཁྲི་ཆེན་དགེ་འདུན་ཚུལ་ཁྲིམས་མཆོག་རྒྱལ་ཐང་གི་མངའ་ཁུལ་ཡང་ཐང་དུ་བོད་རབ་བྱུང་བཅུ་གཉིས་པའི་མེ་སྦྲུལ་ལོར་སྐུ་འཁྲུངས་ཤིང་གཞོན་ནུའི་དུས་ནས་ཆོས་སྒོར་ཞུགས། དབུས་ཀྱི་གྲྭ་སར་ཕེབས་ཏེ་སེར་སྨད་སྤོམ་ར་ཁང་ཚན་དུ་སྒྲིགས་ཞུགས་ཐོག་གཞུང་ཆེན་བཀའ་པོད་རྣམ་ལྔ་སོགས་ལ་གསན་སྦྱངས་མཐར་ཕྱིན་པར་མཛད་པས་མཁས་ཤིང་གྲུབ་པའི་ཡང་རྩེས་སོན། དེ་ནས་དཔལ་ལྡན་རྒྱུད་སྟོད་པའི་སྔགས་གྲྭར་ཞུགས་རིམ་གྱིས་རྒྱུད་པའི་བླ་མ་དབུ་མཛད་དང་། མཁན་པོ། ཤར་ཆོས་རྗེ་བཅས་གནང་རྗེས་རབ་བྱུང་བཅུ་གསུམ་པའི་ཤིང་ཡོས་ལོར་དགའ་ལྡན་ཁྲི་རིན་པོ་ཆེའི་མཚན་འགན་བཞེས་ཏེ་རབ་བྱུང་དེ་གའི་ལྕགས་བྱ་ལོའི་བར་ཁྲི་ལོ་བདུན་ལེགས་པར་སྐྱངས། ཁྲི་ཟུར་ལོ་མང་བཞུགས་རིང་བསྟན་འགྲོའི་དོན་ཆེན་རྨད་དུ་བྱུང་བ་ཞིག་མཛད་འདུག་པ་ནི་ཡོངས་སུ་གྲགས་པ་ཡིན་ནོ།