དགུ་རོང་སྤུན་གྲོལ་

ཡོང་ཁུངས་Wikipedia

དགུ་རོང་སྤུན་གྲོལ་ལགས་ནི་བོད་ཀྱི་ན་གཞོན་སྲིད་དོན་དཔྱད་བརྗོད་པ་དང་། དབྱིན་བོད་ལོ་ཙཱ་བ་བཅས་རེད། ཁོང་ནི་ལོ་རབས་བརྒྱད་བཅུ་བའི་སྟོད་དུ་མདོ་སྨད་དགུ་འདུས་པད་མོའི་རོང་དུ་དཔལ་དོན་གྲུབ་རྒྱལ་གྱི་ནུ་བོར་སྐྱེས། ཁོང་དང་ཐོག་གྲྭ་བཙུན་གྱི་སྡེ་རུ་ཞུགས་ནས་རོང་པོ་དགོན་ཆེན་དུ་ཐོག་མར་སུམ་རྟགས་དག་གསུམ་དང་སྙན་ངག་སོགས་སྦྱངས་ཤིང་། བར་དུ། རོང་པོ་དགོན་ཆེན་ཐོས་བསམ་ནོར་གླིང་དུ་འཛུལ་ནས་བསྡུས་གྲྭ་དང་བློ་རྟགས་སྦྱངས། ལོ་གསུམ་གྱི་རིང་དེ་གར་བསྡད་པའི་ཡུན་ལ་རྗེ་ཙོང་ཁ་པས་མཛད་པའི<<བྱང་ཆུབ་ལམ་རིམ་ཆེན་མོ་>>ཉིན་རེར་ཤོག་ངོས་བཅུ་རེར་བློ་འཛིན་གྱིས་གྲྭ་མང་འདུས་པའི་དབུས་ནས་ཚོགས་རྒྱུགས་སུ་ཕུལ་བས་རེབ་གོང་དུ་སྙན་གྲགས་ཁྱབ། དབུས་ཀྱི་སེ་ར་ཐེག་ཆེན་གླིང་དུ་ཕར་ཕྱིན་ཟུར་སྦྱོང་གནང་། དེ་གར་ལོ་གཅིག་བསྡད་རྗེས་བྱེས་སུ་ཕྱིན་ཏེ་དགའ་ལྡན་དགོན་པར་ཞུགས། ཕར་ཕྱིན་འཛིན་གྲྭ་སྐབས་བཞི་པའི་དུས་སུ་ལམ་རིམ་ཆེན་མོ་བསྐྱར་དུ་བློ་འཛིན་བགྱིས་ཏེ་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཚོགས་རྒྱུགས་ཕུལ་ནས་བྱེས་ཀྱི་གདན་ས་གསུམ་གྱི་གདན་རབས་ལོ་རྒྱུས་ཀྱི་ཟིན་ཐོ་བསྐྲུན། ཁོང་གི་དྲ་རྩོམ<<ངེད་ཀྱི་བསྒྲགས་གཏམ་གསར་མ་ཞིག་>>ཅེས་པའི་ནང་། བོད་ཀྱི་མཚན་ཉིད་རིག་པར་ཐོས་བརྩོན་གང་འཚམས་བྱས་མྱོང་ལ། ནུབ་ཀྱི་ཤེར་རྟོགས་རིག་པར་ཡང་ཐོས་བརྩོན་བྱས་དང་བྱེད་བཞིན་ཡོད་ཅེས་འཁོད་འདུག དེ་ནས་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་། ནང་སེམས་ཀྱི་འགྱུར་བ་ལ་བརྟེན་ནས་བྱེས་ཀྱི་རྡ་སར་དབྱིན་ཡིག་སྦྱང་པ་མཛད་ནས་བསམ་བློའི་ཁ་དེ་སྲིད་དོན་གྱི་སྲིད་ཀྱི་ཕྱོགས་ལ་སྒྱུར་པ་རེད།
སྤྱི་ལོ་༢༠༠༩ལོར། གནའ་མཁར་ཟི་ལིང་དུ་རང་གྲོལ་ཞིབ་འཇུག་གི་ལས་ཤག་བཙུགས་ཏེ། ད་ལྟའི་ཚུན་དུ་དེབ་གྲངས་གསུམ་ཙམ་གཙོ་སྒྲིག་བྱས་ཚར་བ་རེད་ལ། ད་ལྟ་ཡང་སྔར་མུས་བཞིན་དེའི་ཕྱོགས་སུ་ཕྱག་ལས་མཛད་གིན་འདུག ཡང་ཁོང་གིས་<<མདའ་སྨྱུག་ཞིབ་འཇུག་གི་གསལ་བརྡ>>ཞེས་པའི་པོད་རྩོམ་བཀོད་ནས་ཞོགས་དུང་ཞིབ་འཇུག་རྗེས་ལ་བསྐྱུར་ནས་མདའ་སྨྱུག་ཞིབ་འཇུག་སྔོན་དུ་བསྒྲུབ་རྒྱུའི་གསལ་བརྡ་བཀྲོལ་འདུག ཁོང་གིས་ནུབ་ཀྱི་སྲིད་དོན་རིག་པ་ལ་སློབ་གཉེར་བྱས་ནས། ཆེད་དེབ<<བློ་འབྱེད་རེག་ཟིག་>>ཅེས་པ་དཔར་དུ་བསྐྲུན་པ་དང་། དེ་ལས་གཞན་རྩོམ་ཡིག་དང་། གཏམ་བཤད་བཅས་ཀྱི་ལས་དོན་གཉེར་གིན་ཡོད་པ་རེད། མ་ཟད། ཧྥ་རན་སིའི་གསར་བརྗེའི་བསམ་བློ་བ་ཝོའུ་སོ་ལགས་ཀྱི་གྲགས་ཅན་བརྩམས་དེབ<<སྤྱི་ཚོགས་གན་ཆིངས་>>ཀྱང་བོད་ཡིག་ཏུ་སྒྱུར། ཁོང་གི་དྲ་རྩོམ་མང་ཆེ་བ་སྤུན་གྲོལ་པོད་ཕྲན་དུ་འཁོད་འདུག་པས། མོས་པ་ཅན་གྱིས་pundrol ཞེས་པའི་པོད་མིང་བཙལ་ནས་དེ་གའི་ཁོང་གི་དྲ་རྩོམ་དག་ཀླག་ན་འགྲིག

ནང་མི།[རྩོམ་སྒྲིག]

དགུ་རོང་སྤུན་གྲོལ་གྱི་སྤོ་བོ་ལགས་ནི་གྲུབ་ཆེན་ཞིག་ཡིན་པ་དང་། མཚན་ལ་གྲུབ་ཆེན་ཀླུ་འབུམ་རྒྱལ་ཟེར། ཡིན་ནའང་རྗེས་སོར། ཁྱིམ་ཚང་ཟིན་ནས་བུ་མོ་དྲུག་དང་། བུ་གཅིག་བྱུང་བ་རེད། བུ་གཅིག་པུ་དེ་གཞོན་དུས་ནས་ཚེ་ལས་འདས། ཁོང་གི་བུ་མོ་གཉིས་པས་བུ་ཞིག་བཙས་པ་ལ། བུ་དེ་ནི་བོད་ཀྱི་རང་མོས་སྙན་ངག་སྲོལ་གཏོད་མཁན་རང་གྲོལ་རེད། རང་གྲོལ་ལ་ནུ་བོ་ཞིག་ཡོད་དེ། དགུ་རོང་སྤུལ་གྲོལ་ལགས་རེད། སྤུན་གྲོལ་གྱི་ཨ་མ་རང་ལོ་༢༡སྐབས་སུ་རང་གྲོལ་གྱི་ཕ་གྲོངས་ཏེ། རང་གྲོལ་མ་བུ་གཉིས་མི་ཡུལ་ས་ཐོག་ཏུ་ལུས། རང་གྲོལ་ཉིད་རང་ལོ་༣༢དུས་རང་སྲོག་བཅད་དེ། ཨ་མ་རྒན་མོ་དང་། ནུ་བོ་སྤུན་གྲོལ་གཉིས་ས་ཐོག་ཏུ་གཅིག་པུར་ལུས། མ་ཟད། རང་གྲོལ་གྱི་འདས་པའི་གནས་ཚུལ་སྤུལ་གྲོལ་གྱི་ཨ་མས་གོ་དུས། ངའི་བུ་འཛམ་གླིང་འདྲ་བོ་མེད་ཅེས་སྐྱོ་གདུང་གི་ངུ་སྐད་གྲག་པ་ཁོང་གི་འཆར་ཟིན་དྲ་རྩོམ་དུ་མཐོང་རྒྱུ་འདུག དེ་ཡང་རང་གྲོལ་ལ་ང་ཚོས་རྒྱུན་དུ་དོན་གྲུབ་རྒྱལ་ཞེས་འབོད། རང་གྲོལ་ཨ་མས<<ང་ཡི་བུ་དོན་གྲུབ་རྒྱལ་>>ཞེས་པའི་དཔེ་ཆ་ཞིག་ཀྱང་འདོན་འཆར་ཡོད་པ་དགུ་རོང་སྤུན་གྲོལ་གྱི་པོད་ཕྲན་པར་རྣམ་ཅན་གྱི་དྲ་རྩོམ<<སྤོ་བོ་ལགས། དེ་རིང་ཁྱོད་དང་ཕུ་བོ་རང་གྲོལ་གཉིས་ཀྱི་མཛངས་ཡོན་དང་སྒམ་དཀྱེལ་དྲན་བྱུང>>ཞེས་པའི་ནང་འཁོད། ད་དུང་དྲ་རྩོམ་དེའི་ནང་དུ་གསལ་དོན། འབྱུང་འགྱུར། ཁོ་བོས་ལུང་ཤར་ཁྱིམ་ཚང་གི་ལོ་རྒྱུས་བཞིན་ངེད་ཚང་གི་ཁྱིམ་ཚང་གི་ལོ་རྒྱུས་ཤིག་འབྲི་བསམ་ཡོད་ཅེས་འཁོད་འདུག་པས། ང་ཚོས་རེ་སྒུག་བྱ། སྤུན་གྲོལ་གྱི་གཅེན་པོ་རང་གྲོལ་གྱིས་ཁྲིམས་ཐོག་གི་གཉེན་སྒྲིག་ཡི་གེ་གསུམ་བླངས་མྱོང་བ་དང་། ཆུང་མ་དང་པོའི་མིང་ལ་ལྕགས་མོ་རྒྱལ་ཟེར། ཡིན་ནའང་། ལྕགས་མོ་རྒྱལ་ལ་མི་གཞན་གྱི་ཕྲུ་གུ་འཁོར་ནས། དེའི་རྐྱེན་གྱིས་ཁོ་གཉིས་ཁ་གྱེས་པ་རེད། རང་གྲོལ་གྱི་ཆུང་མ་གཉིས་པའི་མིང་ལ་རིན་ཆེན་སྐྱིད་ཟེར། ཁོང་གཉིས་ལ་བུ་མོ་ཞིག་དང་བུ་ཞིག་བཙས། བུ་མོ་ཚེ་ལས་འདས་པ་དང་། བུ་ཞིག་ཀྱང་བྱུང་བས་མིང་ལ་ཆོས་དར། ད་ལྟ་ཟི་ལིང་དུ་སྤྱི་གཉེར་ཁང་ཞིག་གཉེར་གིན་བསྡད་ཡོད་པ་འདྲ། དོན་གྲུབ་རྒྱལ་གྱི་ཆུང་མ་གསུམ་པ་ནི། སོག་མོ་ཡུམ་སྐྱིད་རེད། ཁོང་གཉིས་ལའང་བུ་མོ་ཞིག་བྱུང་བར། མིང་ལ་གངས་ལྷ་སྒྲོལ་མ་ཟེར། གནས་ཚུལ་དེ་དག་སྤུན་གྲོལ་གྱིས་སྤྱི་ལོ་༢༠༡༦ལོའི་ཟླ་༢ཚེས་༡༨ཉིན་སྤེལ་བའི<<སྲང་ལམ་གྱི་ཅ་ཅོ"བདེན་པར"སྨྲ་བའི་ལྗང་བུའི་མོག་བཤད་ཁག་ཅིག་ཤན་འབྱེད་པ་>>ཞེས་པའི་དྲ་རྩོམ་དུ་འཁོད་འདུག

རང་གྲོལ་སྨྱུག་གསར་དྲ་བ།[རྩོམ་སྒྲིག]

(དྲ་གནས། https://web.archive.org/web/20160309110239/http://www.rdrol.net/ ད་ལྟ་དྲ་སྒོ་རྒྱབ་ཟིན་)
དགུ་རོང་སྤུན་གྲོལ་གྱིས་དྲ་མིང་pundrol ཞེས་པའི་སྒེར་གྱི་པོད་ཕྲན་དུ<<ངེད་དྲ་བའི་སྒོ་བཀག་རྗེས་ཀྱི་གཏམ་ཞེན་དམར་པོ་>>ཞེས་པའི་དྲ་རྩོམ་ཞིག་སྤེལ་ནས། ཁོང་གི་བསམ་བློའི་དགྲ་ཕྱོགས་སུ་ལངས་པའི་རུལ་སུངས་ཆོས་སྲིད་སྡེ་ཁག་ལ་སུན་འབྱིན་བྱས་འདུག རྩོམ་དུ་འཁོད་པར་ཞིག་ན། དེའི་སྔོན་ཆད་དུའང་སྨྱུག་གསར་དྲ་བའི་སྒོ་ཐེངས་གཅིག་བཀག་མྱོང་ཡོད་སྐད། ཁོང་གིས་དྲ་བྱང་དང་དྲ་གནས་བརྗེ་བསོར་བརྒྱབ་སྟེ་བསྐྱར་དུ་ཤར་གཏོང་བྱས་ཡོད་འདུག རྩོམ་དེའི་ནང་ཁོང་གིས་བཤད་དོན། སྤུན་གྲོལ་ནས་བོད་ཀྱི་སྒེར་གཉེར་དྲ་ཚིགས་ཁག་ལ་ཡིག་ཐོག་ནས་འབྲེལ་བ་བྱས་ཏེ། སྨྱུག་གསར་དྲ་བ་ཁོ་ཚོའི་དྲ་ཚིགས་ཀྱི་མཛའ་འབྲེལ་དྲ་བ་རུ་འཇུག་རོགས་ཞེས་པའི་རེ་བ་ཞུས་ནའང་། ལྷ་ལུང་གཡུ་མཚོའི་དྲ་བ་མ་གཏོགས་གཞན་གང་གིས་ཀྱང་མཛའ་འབྲེལ་དུ་བཞག་མ་སོང་ཟེར།

བསྒྱུར་དེབ།[རྩོམ་སྒྲིག]

ཁོང་གི་བསྒྱུར་དེབ་དང་པོ་ནི། ཚེ་རིང་ཤཱཀྱ་ལགས་ཀྱིས་བྲིས་པའི<<དོན་གྲུབ་རྒྱལ་དང་བོད་ཀྱི་དེང་རབས་རིང་ལུགས་འཚོལ་ཞིབ་>>ཅེས་པ་དེ་དང་། བསྒྱུར་དེབ་གཉིས་པ་ནི། སྐུ་ཞབས་རྒེ་ཉོང་ལགས་ཀྱིས་བརྩམས་པའི<<ཉེན་ཁའི་དུས་སྐབས་ཁྲོད་ཀྱི་གྲངས་ཉུང་མི་རིགས་རྣམས་ཏེ། མི་རིགས་ཀྱི་འགན་དབང་དང་མི་རིགས་ཀྱི་ཀློད་སྒྲོལ་ལ་བསྙེག་པའི་ལམ་སྣེ་གསར་པ་>>ཞེས་པ་དེ་རེད། འོན་ཀྱང་། བསྒྱུར་གཉིས་པ་དེའི་དཔར་བསྐྲུན་དབང་ཆ་ཁོང་ལ་མེད་ཅེས་ལབ་འདུག གསུམ་པ་ནི། ཧྥ་རན་སིའི་བློ་འབྱེད་བསམ་བློ་བ་ཝོའུ་སོ་ལགས་ཀྱིས་བརྩམས་ཆོས་གྲགས་ཅན་<<སྤྱི་ཚོགས་གན་ཆིངས་>>ཞེས་པ་དེ་རེད། "ད་ནི་ཝོའུ་སོ་ལགས་ཀྱི་མི་ལོ་བཅུ་དྲུག་རིང་བྲིས་པའི་ཁོ་རང་གི་རང་རྣམ<<འགྱོད་བཤགས་རེག་ཟིག་>>བོད་ཡིག་ཏུ་བསྒྱུར་རྒྱུའི་ཐག་བཅད་པ་ཡིན་"ཞེས་ཁོ་རང་གི་དྲ་རྩོམ་<<ངེད་ཀྱི་བསྒྲགས་གཏམ་གསར་མ་ཞིག་>>ཅེས་པ་དེའི་ནང་འཁོད་འདུག དེ་ཡང<<འགྱོད་བཤགས་རེག་ཟིག་>>དེ་དབྱིན་ཡིག་ཏུ་བསྒྱུར་མི་འདྲ་བ་གསུམ་ཡོད་པ་ལ། སྤུན་གྲོལ་གྱིས་ཧྥ་ཡིག་མ་དེབ་ལ་ཐོ་གཏུགས་ནས། སྐུ་ཞབས་ཁོར་ལིའི་དབྱིན་ཡིག་བསྒྱུར་མ་དེ་ད་ལྟའི་བོད་བསྒྱུར་གྱི་མ་ཡིག་ལྟ་བུ་རུ་བདམས་ཡོད་སྐད། ཡང་ཁོ་རང་གི་<<གནངས་ཉིན་ཁོ་བོའི་འཆད་ཁྲིད་ཀྱི་འགོ་གཟུག་རྒྱུ་ཡིན་>>ཞེས་པའི་དྲ་རྩོམ་དུ། ཁ་སང་དེ་རིང་ཝོའུ་སོ་ལགས་ཀྱི་ཐོག་མའི་བརྩམས་ཆོས་གྲགས་ཅན་<<ཚན་རིག་དང་སྒྱུ་རྩལ་གྱི་རྣམ་བཤད་>>ཅེས་པ་བོད་ཡིག་ཏུ་བསྒྱུར་གྲུབ་ནས་དེའི་གཞུག་གི་བརྩམས་ཆོས་གྲགས་ཅན་ཏེ་<<མི་དང་མིའི་དབར་འདྲ་མཉམ་མེད་པའི་འབྱུང་ཁུངས་དང་གཞི་རྩའི་རྣམ་བཤད་>>ཅེས་པ་བསྒྱུར་བཞིན་འདུག་ཡོད་ཅེས་ལབ་འདུག

བསྒྱུར་རྩོམ།[རྩོམ་སྒྲིག]

གཅིག <<ཚན་རིག་དང་སྒྱུ་རྩལ་གྱི་རྣམ་བཤད་>>ཝོའུ་སོ།
གཉིས། <<སྲིད་ལུགས་རྙིང་པ་དང་། གསར་བརྗེ་ཆེན་པོ་>>(སྔོན་གླེང་)ཐྲོ་ཀུ་ཨེས་ཝེལ།
གསུམ། <<ཝོའུ་སོ་སུ་རེད་>>དབྱིན་ཇི་བ་ཁིར་སི་ཐྲོན།
བཞི། <<བུད་མེད་ཀྱི་བྱ་ལེ་འབྲེག་གཅོད་བྱེད་པའི་ཁ་ཆེ་དང་ཡ་ཧུ་དའི་ཆོས་ལུགས་ཀྱི་ཆོ་ག་>>ཁེ་ལ་ཀུ་ལེ།
ལྔ། <<བླ་མ་གསང་མྱུལ་པ་ཞིག་གི་འདྲ་རིས་>>ཚེ་རིང་ཤཱཀྱ། ༢༠༡༢|༢|༡༡
དྲུག <<དོན་གྲུབ་རྒྱལ་བོད་ཀྱི་དེང་རབས་རིག་པའི་དཔའ་བོར་ཇི་ལྟར་གྱུར་ཚུལ་>>ཨ་རི་བ་ཁེ་ཕུ་སི་ཐེན།

བརྩམས་དེབ་<<བློ་འབྱེད་རེག་ཟིག་>>[རྩོམ་སྒྲིག]

<<བློ་འབྱེད་རེག་ཟིག་>>ནི་ཁོ་རང་གི་ཆེད་དེབ་བརྩམས་ཆོས་ཤིག་ཡིན་པ་དང་། མ་ཟད། དམིགས་གསལ་དུ་སྒེར་དེབ་<<བློ་འབྱེད་རེག་ཟིག་>>གི་ཐ་སྙད་ཁ་ཤས་ལ་མཆན་འགྲེལ་བགྱིས་པའི་དྲ་རྩོམ་<<མི་བཤད་ཐུ་མེད་ཀྱི་བརྡ་འགྲེལ་ཐོར་བུ་>>ཞེས་པ་ཞིག་ཀྱང་སྤེལ་འདུག དྲ་རྩོམ་དེའི་ནང་དུ་སྲིད་དོན་སྐོར་གྱི་ཐ་སྙད་མང་པོ་ཞིག་ལ་འགྲེལ་བཤད་རྒྱབ་འདུག ཐ་སྙད་དེ་ཚོ་ནི། [དཀྱུས་དམངས] [ཡུལ་མི་] [མང་གཙོ]དང་[དམངས་གཙོ] [མཁར་བཙན་རྒྱལ་ཁབ](City-State) [མི་རིགས་རྒྱལ་ཁབ་] (Nation State) [ས་ཁོངས་རྒྱལ་ཁབ་](Territory State) [ལེགས་བྱང་]བཅས་རེད།

བསྒྱུར་དེབ་<<སྤྱི་ཚོགས་གན་ཆིངས་>>[རྩོམ་སྒྲིག]

དེ་ནི་སྤུན་གྲོལ་ལགས་ཀྱིས་མི་ལོ་གསུམ་ཙམ་རིང་དུ་བཀའ་སྤྱད་འབད་བརྩོན་གྱིས་བོད་བསྒྱུར་མཛད་པའི་བསྒྱུར་རྩོམ་གྲགས་ཅན་ཞིག་རེད། སྤྱི་ཚོགས་གན་ཆིངས་ནི་མ་རྩོམ་ཧྥ་ཡིག་གིས་ཧ་ཅང་གོ་བཀའ་བའི་ལམ་ནས་བརྩམས་པས། ཧྥ་དབྱིན་ཟུང་སྐད་ཀྱིས་དེ་དང་འབྲེལ་བའི་བརྩམས་དེབ་༤༣ཙམ་ལས། དེབ་བཅུ་དྲུག་ནི་ཀློག་འགྲེལ་ཡིན་པ་དང་། མ་ཟད་དབྱིན་ཡིག་བསྒྱུར་མི་འདྲ་བ་༤དང་། རྒྱ་ཡིག་བསྒྱུར་མི་འདྲ་བ་༢༤ལྷག་ཙམ་ཡོད་སྐད། དེ་ཡང་གོ་བཀའ་བས་རྐྱེན་གྱིས་བསྒྱུར་མ་འདྲ་བ་མང་པོ་བྱུང་རེད་ཅེས་ཁོང་གི་དྲ་རྩོམ<<སྤྱི་ཚོགས་གན་ཆིངས་བཀླགས་ཙམ་གྱིས་གོ་ན་ཁྱོད་ནི་འཇར་མན་གྱི་ཁཱན་ཐི་ཡིན་པའོ་>>ཞེས་པའི་ནང་གསལ། <<སྤྱི་ཚོགས་གན་ཆིངས་>>ཀྱིས་ཤུགས་རྐྱེན་ཐེབས་ཡུལ་ནི། ཐད་ཀར་ཆབ་སྲིད་ལ་ཡིན་པས། མ་རྩོམ་ཧྥ་ཡིག་གི་<<སྤྱི་ཚིགས་གན་ཆིངས་>>དཔར་བསྐྲུན་བྱས་འཕྲལ་དུ་ཧྥ་རན་སི་རུ་དེའི་གཏིང་ལོན་མཁན་མི་གསུམ་མ་གཏོགས་བྱུང་མེད་ཅེས་བཤད་སྲོལ་ཡོད་པ་དང་། དེ་གསུམ་ནི་ཧྥ་རན་སིའི་གསར་བརྗེའི་ལས་རབས་དང་པོ་སླང་དགོས་ཟེར་མཁན་གྱི་མི་སྣ་རུ་གྱུར་པ་དང་། དེ་གསུམ་ལས་གཞན་གཅིག་གིས་ཧྥ་རན་སིའི་གསར་བརྗེའི་ལས་རབས་དང་པོ་བསླངས་པ་རེད། ནུབ་ཕྱོགས་ཀྱི་མཐོ་རིམ་སློབ་ཆེན་ཁག་གི་ཤེར་རྟོགས་རིག་པའི་སྡེ་ཁག་ཏུ་<<སྤྱི་ཚོགས་གན་ཆིངས་>>འཆད་ཉན་གྱི་སྒོ་ནས་གཞུང་དོན་གྱི་གོ་བརྡ་བཀྲོལ་གིན་ཡོད་པ་རེད། བོད་དུའང་། སྤུན་གྲོལ་ལགས་ནས་དེ་སྐོར་ལ་འཆད་ཁྲིད་བྱ་གིན་ཡོད་པ་ལ། <<གནངས་ཉིན་ཁོ་བོའི་འཆད་ཁྲིད་ཀྱི་འགོ་གཟུག་རྒྱུ་ཡིན་>>ཞེས་པའི་གསལ་བརྡའི་དྲ་རྩོམ་སྤེལ་འདུག
<<སྤྱི་ཚོགས་གན་ཆིངས་>>ནི་ཐོག་མར་ཧྥ་རན་སིའི་སྐད་དུ་སྤྱི་ལོ་༡༧༤༣ལོར་བྲིས་ཞིང་། སྤྱི་ལོ་༡༧༦༢ལོར་དཔར་དུ་བསྐྲུན། དེ་རྗེས་རིམ་བཞིན་སྐད་ཡིག་མང་པོར་ཕབ་བསྒྱུར་བྱས་པ་ཞིག་རེད། རྒྱ་ཡིག་ཏུ་སྤྱི་ལོ་༡༨༨༢ལོར་བསྒྱུར་པ་དང་། སྒྱུར་མཁན་ཡང་ཉི་ཧོང་གི་མི་ཞིག་ཡིན་སྐད། ད་ལྟའི་བར་དུ་བསྒྱུར་མ་འདྲ་བའི་རྒྱ་ཡིག་<<སྤྱི་ཚོགས་གན་ཆིངས་>>མ་༢༤ལྷག་དང་པར་གཞི་མི་འདྲ་བ་༤༠ལྷག་ཐོན་ཡོད་པ་སྤུན་གྲོལ་ལགས་ཀྱི་དྲ་རྩོམ་<<ཝོའུ་སོ་བོད་ཡུལ་དུ་འབྱོར་བའི་གཏམ་དང་གཞན་དག་>>ཅེས་པའི་ནང་འཁོད་འདུག
གནས་ཚུལ་གཞན་ཞིག་ནི་པོད་མིང་མགོན་པོ་བཀྲ་ཤིས་ཞེས་པའི་མི་བུ་ཞིག་གིས་དགུ་རོང་སྤུན་གྲོལ་གྱི་པོད་ཕྲན་དྲ་རྩོམ་ཞིག་ལ་ཞབས་མཆན་བཀོད་ནས། "ཁྱོད་འགྲིག་སོང་། དེ་སྔོན་ཁྱོད་ཀྱིས་བསྒྱུར་བའི་སྤྱི་ཚོགས་གན་ཆིངས་ཀྱི་མ་ཡིག་ངས་ལྟས་ཚར། ཁྱོད་ཀྱིས་གོ་ལོག་རྐྱང་བསྒྱུར་འདུག ད་གཟབ་ཙམ་གནང་རོགས་"ཞེས་རྒྱ་ཡིག་ནས་བྲིས་འདུག སྤུན་གྲོལ་ནས་ཀྱང་ཧྥ་ཡིག་ལམ་ནས་དྲ་འབུ་མགོན་བཀྲ་ལ་ལན་སློག་ཀྱང་། ཧྥ་ཡིག་མ་ཤེས་པས་ནང་དོན་གང་ཡིན་ཤེས་མ་སོང་། མུ་ནས། སྤུན་གྲོལ་གྱིས། <<ངས་ཁྱོད་ལ་བཤད་>>ཅེས་པའི་དྲ་རྩོམ་བཀོད་ནས་ངས་དབྱིན་ཡིག་ལས་བསྒྱུར་བ་རེད། དེའི་ཕྱིར། དེ་རྒྱ་ཡིག་གི་བསྒྱུར་དང་བསྡུར་བ་ནི་གློའུ་ཞིག་གི་ལས་ཀ་རེད་ཅེས་མཐའ་ཚིག་དྲང་འདུག

སྲིད་དོན་དཔྱད་བརྗོད་ཀྱི་དྲ་རྩོམ་ཁག[རྩོམ་སྒྲིག]

(རང་གྲོལ་སྨྱུག་གསར་དྲ་བའི་སྟེང་འཁོད་)

  • མཉམ་འབྲེལ་རྒྱལ་ཚོགས་སྟེང་གི་ཨོ་བྷ་མའི་སྐད་ཤུགས། 2010/9/25
  • དུས་རབས་ཀྱིས་བཙུར་གནོན་བྱས་པའི་རྒྱ་ནག་གི་འགྱུར་བ། 2010/5/30
  • སྐུ་ཞབས་གྷེ་ནར་ལགས་ཀྱི་མིག་ལམ་གྱི་རྒྱ་ནག 2010/9/18
  • བྷིན་ལ་ཏན་དང་རྒྱལ་སྤྱིའི་སྐྱོམ་འདར། 2011/5/10
  • ཧུའུ་ཅན་ཐོ་ཡི་སྡོམ་པ་ཤོར་གྲབས་འདུག 2011/9/5
  • ཨ་རྒྱ་གཉིས་ཀྱི་ཛ་དྲག་སྦས་སྲིད། 2011/11/20
  • 9.11དོན་རྐྱེན་དང་ཁ་ཆེ་ཐལ་མཐའ་རིང་ལུགས་པ། 2011/12/4
  • ཀྲུའུ་ཝེ་ཆོན་གྱི"འགད་རྫས"དང་རྒྱལ་ཁབ་ཀྱི"བརྟན་ལྷིང"། 2012/3/3
  • བོད་ཀྱི་རྒྱ་རྡོ་གང་ན་འདུག 2012/3/30
  • ཝིན་ཅ་པའོ་ཡི་འགྱོད་བཤགས་དང་ངེད་ཀྱི་ལྟ་ཚུལ། 2012/3/14
  • པེ་ཅིན་གྱི་རླུང་འཚུབ་སྐྱ་བོ། 2012/5/28
  • པེ་ཅིན་ན་གཙང་ཕྱགས་ཀྱི་རྡུལ་འཚུབ་ཅིང་རྡ་ས་ན་གཙང་བཟོ་ཡི་གར་འཁྲབ། 2013/12/28

པོད་ཕྲན་དུ་འཁོད་པའི་དྲ་རྩོམ་ཁག[རྩོམ་སྒྲིག]

  • ཁམས་ཕྱོགས་ཀྱི་ན་གཞོན་རྩོམ་དགའ་དག་ལ་ཕུལ།
  • ཁྱོར་ཆུ་སྙིང་ལ་ཐིམ་པའི་ན་ཟུག༼༡༽༼༣༽༼༣༽
  • གཅན་རྫོང་སློབ་འབྲིང་གཉིས་པའི་འབྲེལ་ཡོད་འགོ་ཁྲིད་དག་གིས་དོན་གྲུབ་རྒྱལ་སོགས་རྫོག་དགོས་དོན་ཅི་ཡིན་ནམ།
  • གཅིག་དགུ་གྱ་བཞིའི་བཀླགས་ཚོར་ཐན་ཐུན།
  • གནད་དུ་བཤད་ན། ལོ་ཙཱ་ནི་ཤིན་ཏུ་ཁག་པར་སེམས། ༢ཧ༡༦|༡|༡༦
  • གཟའ་གྲིབ་ཕོག་པའི་སྤྱི་ཚོགས་འདིས་ག་དུས་ཡིན་ཀྱང་གྱོད་ཡ་འབོར་བའི་སྣང་ཚུལ་འདི་སྐྱོ། -ཁ་བ་སྙིང་ལྕགས་འཆི་བའི་རྗེས་ཀྱི་སྣང་ཚུལ་ལ་དཔྱད་པ།
  • གོ་ལའི་ལོ་རྒྱུས་སུ་བོད་ཅིའི་ཕྱིར་མ་ཚུད་པའི་དྲི་བར་ཤེས་ཚོད་ཀྱིས་ལན་བཏབ་པ།
  • གྱེས་ཁ་མའི་བྲེལ་འཚུབ། སྙན་རྩོམ།
  • གྲྭ་པ་ཞིག་གིས་རྒྱ་མོ་ཞིག་ལ་རྒྱོ་ཚ་པོ་བརྒྱབ་པ།
  • ང་ནི་དྲ་བའི་ལྟ་རྟོག་འོག་ན་འདུག
  • ང་ཚོ་སུ་ལའང་ཁྲིམས་ལུག་གི་གོ་རྟོགས་དགོས་བསམ་གྱིན་འདུག
  • ང་ཚོའི་ཨ་དཀོན་དྲན་སྟངས་ནི་འདི་འདྲ་མིན་ཏེ།
  • ང་ཚོར་དཔལ་འབྱོར་གྱི་ཚ་དྲོད་རྒྱས་ཡོད་དམ།
  • ང་ཚོས་ཡ་ཧུ་དཱའི་དཔེ་ཀློག་སྙིང་སྟོབས་ཚུར་ལེན་བྱ། ༢༠༡༦|༡|༢༨
  • ང་ལྟ་ལོག་པ་ཞིག་ཡིན།
  • ངུ་ཚོས་མཉམ་འུར་ཟེར་བ་འདིའི་ནུས་པ་གཅིག་ཐོན་པ་དེ་ནི་ཡིག་ནོར་བསྐྱར་བཅོས་བྱེད་པ་དེ་ཡིན་ནམ།
  • ཅི་ཞིག་ལ་དྲང་གཏམ་ཟེར།
  • ཆབ་སྲིད་མངའ་ཁོངས་ཅན་དང་དཔལ་འབྱོར་གོ་ལ་ཅན་གླེང་པ།
  • ཆོས་ནི་སྒོམ་རྒྱུ་ཞིག་རེད། སྙན་ངག་ནི་བྲི་རྒྱུ་ཞིག་རེད།
  • ཤེར་རྟོགས་རིག་པ་ནི་དོགས་པས་དཔྱད་རྒྱུ་ཞིག་རེད།
  • ཐུན་མོང་དང་སྒེར།
  • ཐོག་མར་རང་ཉིད་ཀྱི་འཚོ་བའི་ཁྲོད་ཀྱི་བྱ་སྤྱོད་ལ་སོམས།
  • དད་པ་བསྒྱུར་མཁན་ནི་གཤེད་མ་རང་རེད།
  • དཔལ་དོན་གྱི"བརྩམས་ཆོས"རེ་ཟུང་ཐད་ནས་གསལ་བཤད་ཅིག་བྱ། ༢༠༡༦|༡|༡༠
  • དབྱིན་ཡིག་ཤེས་མཁན་ཚོར་སྨྲས་པ།
  • དུས་དེ་རིང་བདག་པོ་རྒྱག་མཁན་མེད་པའི་གྲོགས་ཞོགས་ལྗང་དྲན་པར་བྱེད།
  • དེ་ནི་གནས་ལུགས་དང་བདེན་པ་རེད་ཀྱང་དེ་ལྟར་མ་བཤད་ཨེ།
  • དེ་རིང་གཅན་ཚའི་བུད་མེད་སྐོར་ཞིག་གིས་རིན་ཐང་ལྟ་ཚུལ་གླེང་བར་ཉན་པ་ཡིན།
  • དུག་གི་ཟིན་པའི་བདག་ཉིད་གླེང་བ།
  • དོ་ནུབ་ཀྱི་ཟླ་འོད།
  • དོ་ནུབ་ཁྲོ་ལང་བའི་གདོང་ཐུག་ཅིག་བྱུང་།
  • དོ་ནུབ་གློ་བུར་དུ་ཡུམ་ཆེན་དྲན་བྱུང་།
  • དོ་ནུབ་ཏག་ཏག་ཕུ་བོ་དྲན་གི
  • དོན་དམ་དུ་འོ་ཅག་ལ་རྙིང་ཞེན་དགོས་སམ་ཡར་རྒྱས་དགོས།
  • དོན་ལོག་སྒྲ་ལོག་ཏུ་བསྒྱུར་བའི་མཁས་དབང་འཇུ་སྐལ་བཟང་སོགས།
  • དོན་གྲུབ་རྒྱལ་དང་འབྲེལ་ཡོད་ཀྱི་མི་སྣ་ལ་བཅར་འདྲི་བྱས་པའི་སྒྲ་མཛོད་ལས་ལྗང་བུའི་སྒྲ་ཕབ། ༢༠༡༦|༢|༢༠
  • དོར་ཞི་སོགས་ལ་དགོད་ཤོར་བྱུང་།
  • དྲན་སྟངས་ལ་ནི་སྣ་ཚོགས་པ་ཡོད།
  • ཕུགས་ཀྱི་གནད་མ་གོ་ཚེ་བརྡ་འཕྲོད་པར་དཀའ། ༢༠༡༦|༣|༣
  • བདུད་ལྷ་རྒྱལ་ཉོག་གིན་འདུག
  • བཙོན་དུ་ཚུད་པའི་ངེད་ཀྱི་ཚ་བོ་དང་ངེད་གཉིས་ཀྱི་ལབ་གླེང་།
  • བཟོད་གསོལ།
  • བསམ་བཞིན་དུ་འཆི་བར་བསྙེགས་པ་ནི་འཚེ་བའི་ལས་ཡིན་ནམ།
  • བསམ་བློ་བའི་མཚན་བྱང་དེ་གང་འདོད་ཀྱིས་རྩེད་ཆས་མ་བྱེད་རོགས།
  • བསོད་དར་དང་ཚུལ་བློ། ལྡོང་ཡོན་སོགས་ཀྱིས་རྫུན་བཤད་ཆོག་གམ།
  • བོང་རྫི་ལ་བསྐུར་བའི་སྐད་འདི་ཁོང་ལ་འཁྲོད་པར་ཤོག
  • བོད་ཀྱི་དེང་རབས་རྩོམ་རིག་དང་སྐད་ཡིག་གི་གནད་དོན།
  • བོད་ཀྱི་དྲ་ཇག་བཏགས་པ་བ་ཁྱེད་ཚོ་མྱི་ཞིག་བཅའ་རོགས། ༢༠༡༦|༣|༢
  • བོད་ནི་སྙན་ངག་གི་འབྲི་མ་ཤེས་པར་རྗེས་ལུས་ཐེབས་པ་ལར་ནས་མིན།
  • བོད་པའི་གཉེན་སྒྲིག་ནི་གདེང་ཚོད་མེད་པའི་བརྩེ་དུངས་ཀྱིས་གྲུབ་ཡོད་པ་འདྲ།
  • བོད་པའི་བསླག་དེབ་སྒྲིག་སྟངས་དེ་འཛམ་གླིང་ལ་ཁ་ཕྱོགས་དགོས།
  • བོད་བྱང་ཐང་གི་འུག་པ་ཚན་སྡེབ་ཅིག་ལ་སྤྲེངས།
  • བོད་འདི་ནང་ལ་གྱོད་བརྒྱབ་ན་ངར་ཞིང་གྱོད་དེའི་སྟེང་ནས་སྒོར་བླངས་ནའང་ངར།
  • བོད་ཡུལ་གྱི་སློབ་ཆེན་ཁག་ཏུ་ཡོད་པའི་དྲ་གྲོགས་སྐོར་ཞིག་ལ་སྤྲེངས།
  • བྱ་དངོས་གང་འདྲ་ཞིག་ལ་ཀྱང་དེའི་ལེགས་ཉེས་དེ་དུས་ཚོད་ཀྱི་འགྱུར་བག་ཁྲོད་ནས་འབྱུང་གིན་ཡོད།
  • བྱ་བརྒྱ་འུར་རྡོ་གཅིག་གིས་དེད་ན་འདི་ལྟ་སྟེ།
  • བླ་མའི་རྒྱལ་ཁབ་ཤི་བ་ཞེས་པའི་དེབ་ཀྱི་མཚན་བྱང་ཏུར་གྱིས་གླེང་བ།
  • མཁན་པོ་ཚུལ་ཁྲིམས་བློ་ཁྲིམས་ལ་བསྐུར་བའི་མངོན་བསྒྲགས་ཡི་གེ། ༼༡༽༼༢༽
  • མཁས་དབང་འཇུ་སྐལ་ལ་ཆེད་དུ་སྤྲིངས་པ།
  • དངུལ་གྱིས་ཚོས་པའི་བོད་ཀྱི་གླུ་གཞས་སྒྱུ་རྩལ།༼༡༽༼༢༽༼༣༽༼༤༽
  • མདའ་སྨྱུག་ཞིབ་འཇུག་གི་གསལ་བརྡ།
  • མདའ་སྨྱུག་ལ་འགག་འདོད་པ་རྣམས་ཀྱིས་ཐོག་མར་དེབ་འདི་གོ་དགོས།
  • མཚོ་སྔོན་དགེ་ཐོན་ཚང་གི་བོད་ཡིག་དགེ་རྒན་མཁས་བརློམ་དག་ལ་འདི་སྐད་དུ་སྨྲ།
  • མི་ནི་ངོ་བསྟོད་ཀྱིས་བརླགས་པར་མ་གཏོགས་སྐྱོན་བརྗོད་ཀྱིས་བརླགས་པ་མེད།
  • མི་བཤད་ཐུ་མེད་ཀྱི་བརྡ་འགྲེལ་ཐོར་བུ།༼༡༽༼༢༽
  • མི་མང་ག་འདྲ་ཞིག་ཡིན་ན་དེའི་སྲིད་གཞུང་ཡང་དེ་འདྲ་ཞིག་གོ
  • མི་རིགས་སློབ་གླིང་གི་དགེ་རྒན་ཆེན་མོར་ཁས་འཆེས་པའི་ཁག་ཅིག་གིས་ངའི་སྐད་སྒྲ་བཀག་ཚུལ་གླེང་བ། ༢༠༡༦|༢|༡༥
  • མི་སྒེར་རིང་ལུགས་དང་རང་བཞིན་གནས་རིགས་གཉིས་ཀྱི་བསྡུར་བ།
  • མིང་གྲགས་ཇི་ལྟར་ཆེ་ན། འགན་འཁྲི་དེ་ལྟར་ལྕི།
  • མིའི་རྒྱུད་ཀྱི་འདོད་སྲེད་འགོག་པའི་ཆོས་སྨྲ་བ་དག་ལ་འདི་སྐད་དུ་འདྲི།
  • མུན་ཁྲོད་དུ་དཀར་མེ་འདེགས་པ།
  • མེ་ཆུ་གཉིས་ཀྱི་རྫས་རྒྱུན་མི་གཅིག་གོ
  • ཚེ་རིང་བསམ་འགྲུབ་ཟེར་བར་ཐོལ་གྱིས་ལན་ཐུང་ཞིག་འབྲི་དགོས་བྱུང་།
  • ཞལ་མཇལ་ཐེངས་གཉིས་ཀྱི་དྲན་པ།-སྐུ་ཞབས་རང་གྲོལ་སྐུ་འཁྲུངས་ནས་ལོ་འཁོར་༦༠འཁོར་བའི་དུས་དྲན་དུ་ཕུལ།
  • འཇར་པན་གྱི་བུད་མེད་ཅིག་ལ་སྤྲིངས། ༢༠༡༦|༢|༡༥
  • འུ་ཚོའི་དྲན་པ་དང་ཆགས་སྡང་།
  • འབའ་ཕུན་གྱི་ནག་ཉེས་དེ་ལོ་རྒྱུས་ཀྱིས་བརྗེད་མི་སྲིད།
  • འབོལ་རྩོམ་རབ་ཅིག་བྲི་བསམ་ནས་བྲིས་ན་ཕྲིས་དཀའ།
  • འབྲོག་རུ་པ་ཚེ་རིང་བསམ་འགྲུབ་ཟེར་བར་སྤྲིངས་དོན།
  • འབྲོང་གཡག་གི་མཚེར་ཤུལ། སྒྲུང་།
  • འུ་ཚོའི་ཁོར་ཡུག་ནས་ཁྱེད་ལ་སྙན་གྲགས་རྒྱས་འདོད་ན་ཆ་རྐྱེན་འདི་དག་ཚང་དགོས།
  • འུག་པ་ཚོ་ནམ་ལངས་སོང་།
  • འོ་ཅག་གི་མི་ཚུལ་བསམ་བློའི་ཚངས་ཐིག་གང་ཡིན་ནམ། ༢༠༡༦|༢|༡༤
  • ཡང་ང་ཚོས་རྗེས་དྲན་ཞུ་སྟངས་ནོར་འདུག་སྙམ།
  • ཡོ་རོབ་ཀྱི་མིག་སྔའི་འཇིགས་སྐུལ་དོན་རྐྱེན་ལས་བོད་ལ་བལྟས་པ།
  • རང་གྲོལ་ལགས་ཁྱེད་ཀྱི་འཇིག་རྟེན་འབྱམས་ཀླས།
  • རང་རྟོན་གྱི་མདུན་ལྗོངས་ཤིག་ཇི་ལྟར་བཙལ་ན་འགྲིག་གམ། སློབ་གྲོགས་ཚོ།
  • རྒྱ་ནག་གི་འཕྱོར་གོས་འཚམ་པའི་འུ་ཚང་གི་གཡམ་རྒྱུག་པ་ཚོར།
  • རྒྱ་ནག་ཏུ་ཡོད་པའི་ཤེས་ཡོན་ཅན་ཟེར་བ་དག་གི་དམངས་གཙོའི་ལྟ་ཚུལ་ལ་དཔྱད་པ་༼༡༽༼༢༽༼༣༽༼༤༽༼༥༽༼༦༽
  • རྒྱའི་སྙན་ངག་པ་ཡི་དམ་ཚེ་རིང་གི་རྗེས་དྲན་ལ་ཕུལ་བའི་སྐད་ཆ་ཟུར་གསུམ་མ།
  • ལྗང་བུ་ལ་དྲིས་པའི་ཀ་རྟགས་ཅན་གྱི་དྲི་བ་ལྔ། ༢༠༡༦|༢|༢༡
  • རྡ་སའི་མང་གཙོ་ལ་གྱེས་བརྡ་གཏོང་གི་ཡིན།
  • རྩ་བ་སྒུལ་ནས་ལོ་མ་སར་ལྷུང་བའི་ཐོག་རྐང་པ་སྤོ་བར་ཅུང་ཙམ་སེར་ན་ཡོང་གིན་འདུག
  • རྩོམ་རིག་གི་དར་ཐོག་ན་རོ་ལངས་རྒྱག་མཁན་དག་ལ་འདི་སྐད་དུ་འདྲི།
  • ལེགས་མིན་དང་ཡིན་མིན་བརྩད་ན་སྙིང་པི་ཆེར་མེད།
  • ལྗང་བུ་དང་ཁོང་གི་ཉན་ཐོས་དག་གིས་ངེད་ལ་བསྙོན་འདོགས་མ་བྱེད། ༢༠༡༦|༢|༢༠
  • ལྡེའུ་ཞེས་པ་ནི་གསང་བའི་གནད་ཅིག་ཡིན་པ་འདྲ།
  • སངས་ཆོས་ཀྱིས་བསྐྱེད་པའི་འདུ་ཤེས་འཛིན་སྟངས་འདིས་བོད་མིའི་འཚོ་གནས་ལ་གེགས་བྱེད་དམ།
  • སེར་སྣ་དང་སེར་ན་གཉིས་ཀྱི་གོ་དོན་ཁ་ཁ་རེད།
  • སྐད་ཆ་འདི་ཁོ་བོའི་ཀློག་མཁན་དག་ལ་བཤད་འདོད་བྱུང་།
  • སྐུ་ཉིད་ངེད་ཀྱི་མི་གཤིས་ལ་མཚར་ན་ང་དང་གྱེས་ཆོག
  • སྐྱབས་བདེ་ལ་བདེ་མོ་བཞག་ནས་ཚེ་བསམ་ལ་འགོ་འཛུགས་རྒྱུ་ཡིན།
  • སྐྱབས་བདེ། ང་བྲོས་མེད། ཁྱོད་ཀྱིས་ལན་རྒྱག་གི་མིན་ཟེར་བ་མིན་ནམ། ཧུ་ཧུ།
  • སྲང་ལམ་གྱི་ཅ་ཅོ"བདེན་པར"སྨྲ་བའི་ལྗང་བུའི་མོག་བཤད་ཁག་ཅིག་ཤན་འབྱེད་པ། ༢༠༡༦|༢|༡༨
  • སྙན་ངག་འབྲི་བ་དང་མ་ནི་འདོན་པ་གཉིས་གཅིག་འདྲ་ཡིན་པར་སེམས།
  • སྟོན་པ་ཤཱཀྱ་ཐུབ་པ་ལགས། ངས་སྐུ་ཉིད་ལ་བཀའ་འདྲི་ཞིག་ཞུས་ཆོག་པར་གནང་།
  • སྤོ་བོ་ལགས། དེ་རིང་ཁྱོད་དང་ཕུ་བོ་རང་གྲོལ་གཉིས་ཀྱི་མཛངས་ཡོན་དང་སྒམ་དཀྱེལ་དྲན་བྱུང་།
  • སྤྱི་ཚོགས་གན་ཆིངས་བཀླགས་ཙམ་གྱིས་གོ་ན་ཁྱེད་ནི་འཇར་མན་གྱི་ཁན་ཐི་ཡིན་པའོ།
  • སློབ་གྲྭ་ལས་ཐོན་པའི་མི་སྐོར་ཞིག་ལ་འདི་སྐད་དུ་སྨྲ།
  • སློབ་ཆེན་དགེ་རྒན་གྲོགས་པོ་ཨ་རིན་ལ་སྤྲིངས་པའི་ཡི་གེ་ཞིག
  • ཨ་མ་ལགས། ཁྱོད་མ་ངུ་རོགས།
  • ཨ་མདོའི་བརྙན་འཕྲིན་ཁང་ལས་སྐད་འཕྲིན་ལ་ཤན་སྟོབས་ཆེ་བ་བདེན་པར་འདུག
  • ཨི་ཏི་ཧྭ་སར་སྤྲིངས་པའི་ཡི་གེ་སྔོན་མོ།
  • ཨེ་འགོག་རང་འདེམ་པ་དག་ལ་སྤྲིངས་པ།

དཔྱད་གཞིའི་ཡིག་ཆ།[རྩོམ་སྒྲིག]

༼༡༽རྩོམ་རིག་གླེང་ངམ་ཞེས་པའི་གླེང་སྟེགས་མདོ་འཛིན་པས་བྲིས་པའི<<སྲིད་དོན་དཔྱད་བརྗོད་པ། དབྱིན་བོད་ལོ་ཙཱ་བ་>>
༼༢༽སྤུན་གྲོལ་ལགས་ཀྱི་དྲ་རྩོམ་ཁག
༼༣༽རང་གྲོལ་ཞིབ་འཇུག་པ་དགུ་རོང་སྤུན་གྲོལ་ལགས་ལ་ཐད་འདྲི་བྱས་པ།

དྲི་བ་གཏོང་མཁན། ལྷ་འགྲོན་བུ་མགོན་པོ། (པེ་ཅིན)
གདན་ཞུའི་སྐུ་མགྲོན། དགུ་རོང་སྤུན་གྲོལ། (ཟི་ལིང་།)
བཅར་འདྲིའི་དུས་ཚོད། ༢༠༡༡ ༤ ༡༧
འབྲེལ་ལམ། ཁེའུ་ཁེའུ་གླེང་མོལ།