Jump to content

དགའ་ལྡན་སྟག་རྩེ་སྒྲུབ་མཆོད།

ཡོང་ཁུངས་Wikipedia

ལོ་ལྟར་འཆར་ཅན་བོད་ཟླ་གཉིས་པའི་ཚེས་གསུམ་ནས་དགའ་ལྡན་སྟག་རྩེ་སྒྲུབ་ མཆོད་ཀྱི་དུས་ཆེན་ཡིན་པ་དང་དེ་ནི་སྟག་རྩེ་མི་དབང་གིས་སྦྱིན་བདག་ གནང་བའི་རྗེ་ཙོང་ཁ་པའི་མཛད་ཆེན་བཞིའི་ནང་གི་ཡ་གྱལ་ཞིག་རེད། གཅིག འོལ་ཁ་རྫིང་ཕྱིའི་བྱམས་པར་ཉམས་གསོ་གནང་བ་དང་། གཉིས། གཉན་ལུག་ར་ཟེར་བ་ཤས་ཚོང་རྒྱག་ས་དེ་ཆོས་རར་བསྒྱུར་གནང་མཛད་པ། གསུམ། ལྷ་ས་སྨོན་ལམ་ཆེན་མོར་ཇོ་བོར་དཔྲོག་ཞུ་སྒྲོན་གནང་བ། བཞི། སྟག་རྩེ་སྒྲུབ་མཆོད་འཛུགས་གནང་བ་བཅས་རེད། མདོར་བསྡུས་ནས་ཞུས་ན། ཞག་བདུན་གཅིག་སྒྲུབ་མཆོད་ཚུགས་རིང་དུ་ཙ་རིའི་གནས་ཀྱི་ལྷ་ཚོགས་མཐའ་ དག་དགའ་ལྡན་དུ་བཞུགས་སུ་གསོལ་བ་ལ་བརྟེན་ནས་དེའི་རིང་དུ་དགའ་ལྡན་ གླིང་སྐོར་དུ་ཕེབས་ན་ཙ་རི་དངོས་སུ་བསྐོར་བ་དང་བྱིན་རླབས་དབྱེར་མ་མཆིས་ པ་ཐོབ་རྒྱུ་གདོན་མི་ཟ་བར་བླ་མའི་ངག་ལས་བྱུང་བ་རེད། སྒྲུབ་མཆོད་དུ་ལྷ་ས་ དང་། ལྷོ་ཁ། བྱང་། འབྲི་གུང་། འཕན་པོ། མལ་གྲོ་སོགས་ནས་མང་ཚོགས་ རྒྱ་ཆེན་པོ་ཕེབས་ཀྱི་ཡོད།