དགའ་བ་འཕེལ་གྱི་མངའ་རིས་རྒྱ་ཁྱོན།

ཡོང་ཁུངས་Wikipedia

བེ་རི་འཇིགས་མེད།

དགའ་བ་འཕེལ་གྱི་མངའ་རིས་རྒྱ་ཁྱོན།

དགའ་བ་འཕེལ་གྱི་མངའ་རིས་དེ་རྒྱ་ཆེན་པོ་ཡོད་ཚོད་ཀྱང་ག་ཚོད་ཡོད་མེད་གཏན་གཏན་ཤེས་པར་དཀའ་སྟེ་ལོ་རྒྱུས་སམ། བྱུང་རབས་སྨྲ་བ་ཚོའི་བཞེད་པ་མི་མཐུན། དེ་ལྟ་ན་ཡང་བྱུང་རབས་མཁས་པ་མཁས་དབང་ཝི་ཀེ་སིམིཐ་ (Dr. V K Smith) མཆོག་ གིས་གསུངས་པ་ལྟར་ན་དགའ་བ་འཕེལ་གྱིས་ནུབ་ཕྱོགས་མྰལཝཱ་བར་དུ་རྒྱ་བསྐྱེད་གནང་ཡོད་འདུག གང་ལྟར་དཔལ་ལྡན་དགའ་བ་འཕེལ་གྱི་རྒྱལ་སྲིད་ཆེ་ཤོས་སྐབས་ནི་ཁོང་གི་ རྒྱལ་སྲིད་མཇུག་རྫོགས་ཉེའི་སྐབས་ཡིན་ཞིང་། དེ་དུས་ཀྱི་ས་ཁྱོན་ཕྱོགས་མཚམས་ཁག་གི་ས་མཚམས་རག་ཙམ་བཤད་ན། ཤར་ཕྱོགས་ཀྱི་ས་མཚམས་ཨསམ་ཀཱམརཱུཔ། ལྷོ་ཕྱོགས་སུ་ཏཱཔྟཱ་གཙང་པོ་བཊལ། ལྷོ་ཤར་དུ་ཨུརྰིསྰ། གཾཇྰམ་(ཨུ་རུ་ས)བར། ནུབ་ཕྱོགས་ཀྱི་ས་གནས་གུཇརཱཏ། (ཀཱ་ཋིཡྰཝཱར་ལྟ་བུ་རྣམས་དགའ་བ་འཕེལ་༧གོང་མའི་མངའ་རིས་སུ་མ་༢༩༨ འཕགས་ཡུལ་གྱི་བྱུང་བ་བརྗོད་པ། གཏོགས་ཀྱང་ཁོང་གི་མངའ་ཐང་ལ་ངོས་ལེན་ཞུས་ཡོད་ཚོད།) ནུབ་བྱང་ཕྱོགས་ཀྱི་ས་མཚམས་པཾཇྰབ་ཀྱི་ཇོལེནདར། བྱང་ཕྱོགས་ཀྱི་ས་མཚམས་བལ་ཡུལ། བྱང་ཤར་གྱི་ས་མཚམས་བངྒལ། བཅས་ཡིན། ས་གནས་དེ་དག་གི་ངོས་འཛིན་དང་ངོ་སྤྲོད་རགས་ཙམ་ཞུ་ན། ༡ ཀཱ་མ་རུྰ་པ། कामरूप ཀཱ་མ་རཱུ་པ་ཞེས་བྱ་བ་གང་ཡིན་པ་རིག་བྱེད་ཀྱི་གཞུང་ནང་གསལ་བ་ལྟར་ཏུ་ད་ལྟའི་རྒྱ་གར་གྱི་ཨ་སམ་མངའ་སྡེའི་གྲོང་ཁྱེར་རྙིང་པ་དེ་ཡིན། ད་ལྟ་ཨ་ས་མ་ཡི་གུ་བཱ་ཧཱ་ཊཱི་गुवाहाटी དང་ཏེ་ཛ་པུར་तेजपुर ཞེས་བྱ་བ་ཀཱ་མ་རུྰ་པ་བཅས་གསུམ་ལ་གོ་བ་ཡིན། གྲོང་པ་འདི་ཀོ་ཆུ་མོ་ཡ་ཀླུང་གཙང་པོའི་རྒྱུན་བྲ་ཧྨ་པུ་ཏྲ་ब्रह्मपुत्रनदीཞེས་བྱ་བའི་ཆུ་བོ་བར་དང་། བཾ་གཱ་ལའི་བྱང་རྒྱུད། उत्तरीबंगालབཾ་གླཱ་དེ་ཤཱི་बांग्लादेशཞེས་བྱ་བ་ཡུལ་དེའི་ཆ་ཤས་འགའ་རེའི་བར་དུ་ཆགས་པ་ཡོད། འོན་ཀྱང་ཕྱིས་སུ་དུས་རབས་བཅུ་གཉིས་པའི་སྐབས་སྔར་གྱི་གྲོང་པ་དེ་མེད་པར་གྱུར་ནས་ད་ཆ་གྲོང་པ་ཆུང་ཆུང་འགའ་ཤས་ལ་བགོ་ཆ་ཐེབས་ཏེ་ཡོད། དུས་རབས་བཅོ་ལྔའི་སྐབས་སུ་ཁ་ཆེའི་དམག་अलाउद्दीनहुसैनशाह སླེབས་པ་དང་དེའི་སྐབས་ཀྱི་དངུལ་ཀྲམ་ལ་ཀ་མྲུའམ་कम्रु ཀ་མྲུ་ད྄་कम्रुद् ཞེས་ཡོད་པ་གསལ། ད་ཆ་ཀཱ་མ་རཱུ་པ་ཞེས་བྱ་བ་དེ་རྒྱ་ཨ་ས་མ་གྱི་གྲོང་དལ་ཆུང་ཆུང་ཞིག་ཆགས་ཡོད། དེ་ལ་དགའ་བྱེད་ཀྱི་རྟོགས་བརྗོད་ནང་དུ་པྲཱ་གྫྱོ་ཏི་ཙྷ་प्राग्ज्योतिच्ह ཞེས་འཐོན་གྱི་ཡོད། མ་ཟད་ས་ཆ་འདིའི་སྐོར་སྔར་གྱི་ཕྱི་རྒྱལ་མཁས་པ་རྒྱ་གར་དུ་ཡོང་བ་དཔེར་ན་པོ་ཏོ་ལེ་མ་Ptolemy ཡིས་མཛད་པའི་ས་ཁམས་རིག་པ་Geographia ཞེས་བྱ་བ་དེབ་དེའི་ནང་ཀི་རྷཱ་དཱི་Kirrhadia ཞེས་དང་། ད་ལྟ་ཨི་ལཱ་ཧཱ་བཱ་ད་इलाहाबादལ་ཡོད་པའི་དུས་རབས་བཞི་པ་རྒྱ་མཚོ་སྦས་པའི་समुद्रगुप्तསྐབས་ཀྱི་རྡོ་རིང་ཐོག་ཏུ་ཡང་ཀཱ་མ་རཱུ་པ་ཞེས་གསལ་གྱི་ཡོད། དུས་རབས་བདུན་པ་རྒྱའི་བཙུན་པ་ཧྱན་ཙང་རྒྱ་གར་ལ་སླེབས་པའི་སྐབས་སུ་ཀཱ་མ་རཱུ་པ་ཞེས་བྱ་བའི་ཡུལ་དེ་རྒྱལ་པོ་སྣང་བྱེད་གོ་ཆའི་དབང་འགྱུར་འོག་ཡོད། https://hi.wikipedia.org/wiki/%E0%A4%95%E0%A4%BE%E0%A4%AE%E0%A4%B0%E0%A5%82%E0%A4%AA ༢ ལྷོ་ཕྱོགས་སུ་ཏཱཔྟཱ་གཙང་པོ་བཊལ། ༣ ལྷོ་ཤར་དུ་ཨུརྰིསྰ། གཾཇྰམ་(ཨུ་རུ་ས)བར། ཨོ་ཌི་ཤཱ ओड़िशाओडिशा རྒྱལ་ས། བྷུ་བ་ནེ་ཤྭ་ར།भुवनेश्वर གྲོང་པ་ཆེ་ཤོས། བྷུ་བ་ནེ་ཤྭ་ར།भुवनेश्वर མི་འབོར། ༤༡༩༧༤༣༥༨ སའི་མཐོ་ཚད། ༢༦༩།༢ २६९.२ /किमी² སའི་རྒྱ་ཁྱོན། ༡༥༥།༧༠༧ १५५,७०७किमी² གྲོང་སྡེ། ༣༠ ཡུལ་སྐད། ཨོ་ཊི་ཨཱ། ཨོ་ཊི་ཤཱ་ཞེས་བྱ་བ་དེའི་སྔར་གྱི་མིང་ལ་ཨུ་ཊི་སཱ་ཞེས་ཀུན་ལ་གྲགས་པ་དང་། རྒྱ་གར་ཤར་ཕྱོགས་རྒྱ་མཚོའི་ངོགས་ཀྱི་མངའ་སྡེ་ཞིག་ཡིན། མངའ་སྡེ་དེའི་བྱང་ཕྱོགས་སུ་ཛྷཱ་ར་ཁཾ་ཊ་झारखंड དང་། བྱང་ཤར་གྱི་ཕྱོགས་སུ་ནུབ་བཾ་གཱ་ལ། पश्चिमबंगाल ལྷོ་ཡི་ཕྱོགས་སུ་ཨཱཾ་དྷྲ་མངའ་སྡེ་आंध्रप्रदेश དང་། དེ་སྔར་རྨ་བྱའི་རྒྱལ་རྒྱུད་ཀྱི་རྒྱལ་པོ་མྱ་ངན་མེད་अशोक ཀྱིས་སྤྱི་ལོའི་སྔོན་གྱི་ལོ་༢༦༡སྐབས་སུ་དབང་འགྱུར་བྱས་པའི་ཀ་ལིཾ་ག་कलिंग ཞེས་པའི་རྒྱལ་ཁབ་དེ་རང་ཆགས་ཡོད། ད་ལྟའི་ཨུ་རི་སའི་མངའ་སྡེ་གང་ཡིན་པ་དེ་དངོས་སུ་སྤྱི་ལོ་༡༩༣༦སྤྱི་ཟླ་༤ཚེས་༡གཏན་འབེབས་ཆགས་པ་ཞིག་ཡིན། ཨོ་ཊི་ཤ་ཞེས་པའི་ཡུལ་སྐད་དེ་ད་ལྟའི་རྒྱ་གར་གྱི་ནང་ནས་སྐད་ཐོག་ནས་བེད་སྤྱོད་མང་ཤོས་ཀྱི་སྐད་ཞིག་ཡིན། མངའ་སྡེ་དེ་རྒྱ་མཚོའི་ངོགས་སུ་ཆགས་པས་གྲུ་ཁའི་གཞི་རྒྱ་ཆེ། གྲོང་སྡེའི་ནང་དུ་ཞིང་ལས་འདེབས་ཚུགས་ཡོད་ན་ཡང་འཐོན་ཁུངས་ཆུང་ཆུང་ཡིན། འོན་ཀྱང་ལྷོ་ཕྱོགས་སུ་གཙང་པོ་ཆེན་པོ་དང་། ཆུ་བོ་བྲཱ་ཧྨ་ནཱི། ཆུ་བོ་སཱ་ལཾ་དཱི་དང་། གཙང་པོ་བཻ་ཏ་ར་ཎཱི་ཡོད་སའི་ས་ཕྱོགས་སུ་ཞིང་ལས་འདེབས་ཚུགས་ཀྱི་འཐུན་ཁུངས་ཆེན་པོ་ཡོད། མངའ་སྡེ་དེའི་འདེབས་ཚུགས་ཀྱི་འཐུན་ཁུངས་ཆེ་ཤོས་དེ་ཆུ་འབྲས་ཆགས་ཡོད། མངའ་སྡེའི་ནང་ནས་མི་ཉུང་ས་ཕལ་ཆེ་བ་རི་བོས་སྐོར་བ་ཤ་དག་ཡིན། མངའ་སྡེ་དེའི་ནང་ནས་དེ་བ་མཱ་ལཱི་ཞེས་བྱ་བའི་ས་ཁོངས་དེ་མཐོ་ཤས་ཆགས་ཡོད། དེའི་མཐོ་ཚད་ནི་རྒྱ་མཚོའི་ངོས་ནས་སྤྱི་ལི་༡༦༧༢ཡོད། མངའ་སྡེའི་དེ་ལ་རྒྱུན་གཏན་ནས་རླུང་འཚུབ་ཤུགས་ཆེན་པོ་ཡོང་གི་ཡོད། རླུང་འཚུབ་ཆེ་ཤོས་དེ་སྤྱི་ལོ་༡༩༩༩ལོའི་ཟླ་༡༠ཚེས་༡ཡིན་རིམ་པ་ལྔ་པ་བར་བརྒྱབ་ཡོད། དེའི་སྐབས་སུ་གནོད་འཚེ་ཆེན་པོ་བྱུང་བ་མ་ཟད་ཁྱོན་བསྡོམས་པའི་མི་གྲངས་༡༠༠༠༠ ལྷག་ལ་ཤི་སྐྱོན་བྱུང་ཡོད། ཨུ་རི་ས་མངའ་སྡེའི་སཾ་བ་ལ་པུར་संबलपुर ཞེས་བྱ་བ་དེ་གར་ཆུ་རྫིང་ཆེན་པོ་ཞིག་ཡོད། ཆུ་རྫིང་དེ་འདམ་ལས་གྲུབ་པའི་ཆུ་རྫིང་ཆེ་ཤོས་དེ་ཆགས་ཡོད། ཡུལ་འཁོར་སྤྲོ་འཆམ་འགྲོ་སའི་ས་ཆ་མང་པོ་ཡོད། དེ་དག་གི་ནང་ནས་པུ་རི་དང་ཀོ་ཎཱ་རྐ། कोणार्क བྷུ་བ་ནེ་ཤྭ་ར་भुवनेश्वर གཙོ་བོ་ཡིན། དེ་དག་རྒྱ་གར་ཤར་ཕྱོགས་ཀྱི་གསེར་གྱི་ཟུར་ཁ་གསུམ་པ་ཞེས་འབོད་པ་ཡིན། པུ་རི་ཞེས་བྱ་བའི་གྲོང་པ་དེའི་ནང་གི་འཇིག་རྟེན་མགོན་པའི་ལྷ་ཁང་जगन्नाथमंदिर དང་དེ་ལ་གནས་མཇལ་བ་དེ་ཡོངས་གྲགས་ཡིན། ཀོ་ཎཱ་རྐ་གྲོང་པའི་ཉི་མའི་ལྷ་ཁང་सूर्यमंदिर མཇལ་མཁན་འབུམ་ཕྲག་མང་པོ་ཡོད། ཚངས་པའི་གྲོང་ब्रह्मपुर ཞེས་བྱ་བ་དེའི་འགྲམ་གྱི་ཛཽ་ག་དཱ་ཞེས་བྱ་བ་ས་གནས་དེ་ལ་རྒྱལ་པོ་མྱ་ངན་མེད་ཀྱི་རྡོ་རིང་དང་། ཀ་ཊ་ཀ་ས་གནས་ཀྱི་ཕོ་བྲང་རྙིང་པ། དེ་གཉིས་ལོ་རྒྱུས་ཐོག་ཏུ་གསལ་བའི་གནའ་བོའི་ཤུལ་བཞག་གནད་འགག་ཆེན་པོ་ཁག་གཉིས་ཡིན། ཨུ་རི་སའི་ལོ་རྒྱུས། མངའ་སྡེ་དེའི་མིང་ཇི་ལྟར་བྱུང་བ། ཨོ་ཊི་ཤཱ་ཞེས་བྱ་བའི་སྒྲ་འདི་ཀོ་ལེགས་སྦྱར་གྱི་སྒྲ་ཨོ་ཊྲ་ཞེས་བྱ་བ་ཨོ་ཊྲའི་ཡུལ་ལས་བྱུང་། ཨོ་ཊྲ་རྒྱལ་རྒྱུད་ཀྱི་ཨོ་ཊྲ་ཞེས་བྱ་བ་ཡིན། དེའི་སྐོར་ནང་པའི་ལེགས་སྦྱར་དང་པཱ་ལཱི་ཡི་སྒྲ་ཨོ་ཊྲ་དང་ཨོ་དྡཱ་ཀ་དང་། ཡུ་ནཱ་ནཱི་ཡི་སྐད་ཀྱི་ནང་དུ་ཨོ་རེ་ཊ་ས་ओरेटस (Oretes) ཞེས་འཁོད་ཡོད། རྒྱ་གར་གྱི་གཏམ་རྒྱུད་ཆེན་པོའི་ནང་དུ། ཨུ་རི་སའི་དེ་པཽ་ནྡྲ། पौन्द्र ཨུ་ཏྐ་ལ། उत्कल མེ་ཀ་ལ། मेकल ཀ་ལིཾ་ག་कलिंग དང་ཨཱཾ་དྷྲ་आंध्र བཅས་གསལ་གྱི་ཡོད། ༤ ནུབ་ཕྱོགས་ཀྱི་ས་གནས་གུཇརཱཏ། (ཀཱ་ཋིཡྰཝཱར་ལྟ་བུ་རྣམས་དགའ་བ་འཕེལ་གོང་མའི་མངའ་རིས་སུ་མ་ གཏོགས་ཀྱང་ཁོང་གི་མངའ་ཐང་ལ་ངོས་ལེན་ཞུས་ཡོད་ཚོད།) ནུབ་བྱང་ཕྱོགས་ཀྱི་ས་མཚམས་པཾཇྰབ་ཀྱི་ཇོལེནདར། བྱང་ཕྱོགས་ཀྱི་ས་མཚམས་བལ་ཡུལ། བྱང་ཤར་གྱི་ས་མཚམས་བངྒལ། ༥ ནུབ་བྱང་ཕྱོགས་ཀྱི་ས་མཚམས་པཾཇྰབ་ཀྱི་ཇོལེནདར། པཾ་ཛཱ་བ། (पंजाब) པཾ་ཛཱ་བ་ཞེས་བ་ས་འདི་སྔར་རྒྱ་གར་དང་ཨཱི་རཱ་ན་གཉིས་ཀྱི་ཕྱོགས་ན་ཡོད་པའི་མཚམས་ཞིག་ལ་གོ་བ་དང་། དེ་གར་སྔར་རྨ་བྱའི་རྒྱལ་རྒྱུད་དང་། བཻ་ཀྚྲི་ཡ་ན། ཡུ་ནཱ་ནཱི། ཤ་ཀ། ཀུ་ཥཱ་ཎ་དང་། སྦས་པའི་རྒྱལ་རྒྱུད་བཅས་རིམ་པས་འཛིན་མྱོང་བ་ཡིན། དུས་རབས་བར་པའི་སྐབས་སུ་ཁ་ཆའི་དབང་འགྱུར་འོག་ལྷུངས་བ་དང་། དེ་གར་ག་ཛ་ན་བཱི། གོ་རཱི། ཀི་ལ་ཛི། ཏུ་ག་ལ་ཀ ལོ་དཱི་དང་། མུ་ག་ལ་བཅས་ཀྱི་དབང་འཛིན་བྱས་ཡོད། དེ་ནས་རིམ་པས་དུས་རབས་བཅོ་ལྔ་དང་བཅུ་དྲུག་གི་སྐབས་སུ་སི་ཁ་བླ་མ་ནཱ་ན་དེ་བ་ नानकदेव ཞེས་བྱ་བ་དེ་བྱུང་བ་དང་། དེས་མི་རྣམས་ལ་ཁ་ཕྱོགས་གཅིག་འགྱུར་བསམ་བློའི་བློ་སྦྱོང་གི་ཆོས་བསྟན། དེ་ཡང་དམིགས་ཡུལ་གཙོ་བོ་ནི་སྤྱི་ཚོགས་དང་ཆོས་ཕྱོགས་ཀྱི་མི་འགྲིག་པའི་ས་དེ་དག་དངོས་སུ་ཕྱིར་སྟོན་དང་མེད་པ་བཟོ་ཆེད་དུ་ཡིན་ཟེར། དེ་ནས་སི་ཁ་ཡི་བླ་མ་བཅུ་པ་གོ་བིཾ་ད་སིྃ་ཧ་ गोविंद सिंह ཞེས་བྱ་བ་དེས་ཁཱ་ལ་སཱ་खालसा ཞེས་བྱ་བའི་ཆོ་ག་ཞིག་གསར་གཏོད་མཛད། རིམ་པས་མུ་གོ་ལ་ཡིས་བཙན་གནོན་འོག་ནས་འགྱེན་ལངས་ཀྱིས་པཾ་ཛཱ་བཱི་ཞེས་བྱ་བའི་རང་བཙན་ལུང་པའམ་མངའ་སྡེ་ཞིག་འཛུགས་སྐྲུན་བྱས། དེ་སྔ་ཕར་སི་ फ़ारसी ཞེས་བྱ་བའི་ལུང་པ་དེའི་མཁས་པ་ཞིག་གིས་པཾ་ཛཱ་བ་ཞེས་བྱ་བའི་ལུང་པ་དེའི་རྒྱལ་པོ་ར་ཎ་ཛིཏ་སིཾ་ཧ་रणजीत सिंहཞེས་བྱ་བ་དེས་ལུང་པ་དེ་ལྷ་ཡུལ་དང་མཉམ་པར་བྱས་སོ་ཞེས་བྲིས་འདུག། དེ་ནས་རྒྱལ་པོ་དེ་དགོངས་པ་རྫོགས་ནས་སྤྱི་ལོ་༡༨༤༩ལོར་དབྱིན་ཇིས་དབང་བསྒྱུར་བྱས། རྨ་བྱའི་རྒྱལ་རྒྱུད་ཀྱི་རྒྱལ་པོ་ཟླ་བ་སྦས་པ་དང་པོ་དུས་རབས་སྤྱི་སྔོན་གྱི་ལོ་ (322-298) བར་དེའི་སྐབས་སུ་རོ་མ་ནས་སེ་ལཱུ་ཀ་ས་ཡི་དམག་བྱུང་སྟེ་མཐར་པཾ་ཛ་བ་བར་དུ་སླེབས་ཞེས་པའི་ཐ་ཚིག་དེ་རང་ངོས་འཛིན་བྱས་ནས་པཾ་ཛཱ་བ་ཞེས་བྱ་བ་དེ་སྔར་གྱི་དྲི་ཟའི་གྲོང་དང་། དེའི་ཉེ་འཁོར་སིནྡྷུའི་ས་ཁྱོན་ལ་ཡོད་པའི་ས་གནས་ཁག་ལ་གོ་དགོས་ཀྱི་ཡོད་པ་འདྲའོ༎ དེ་དངོས་སུ་ད་ཆ་རྒྱ་གར་གྱི་གཙོ་བོ་བྱང་རྒྱུད་ཁག་དང་པཱ་ཀི་སྟ་ན་ནང་གི་ཕྱོགས་གཅིག་ལ་གོ་བ་ཡིན་པ་དེ་ཤེས་པར་བྱོས་ཤིག

༧ བྱང་ཤར་གྱི་ས་མཚམས་བངྒཱ་ལ། ཡུལ་བངྒཱ་ལ།बंगाल རྒྱལ་ས་ཆེ་ཤོས་དེ་ལ་ཀོ་ལ་ཀཱ་ཏཱ་ཞེས་བྱའོ༎ སའི་གོ་ལའི་ཐིག་ཚད།23.34° N 88.22° E འམ 23.42° N 90.22° E ཡུལ་སྐད། བཱཾ་གླཱ ས་ཆའི་སྤྱིར་རྒྱ་ཁྱོན། 45,110कीमी མི་འབོར། (2001) 209,468,404[1][2] སའི་མཐོ་ཚད། 951.3/km²[1][2] ལེགས་སྦྱར་སྒྲ་ལ་ཨཾ་ག་འམ་བཾ་ག་अंग, वंगཞེས་བྱ་བ་གཞུང་ཁག་ལས་གསལ། བྱང་ཤར་དང་ལྷོའི་མཚམས་ཀྱི་ཨེ་ཤི་ཡའི་ཡུལ་གྲུ་ཞིག་དང་། ད་ལྟའི་ཆ་ལ་བཾ་གཱ་ལ་རང་བཙན་རྒྱལ་ཁབ་བཱཾ་གླཱ་དེ་ཤ་ཞེས་བཾ་གཱ་ལ་ཡི་ཤར་ཕྱོགས་ན་ཡོད་པ་ཞིག་དང་། ཡང་རྒྱ་གར་གྱི་མངའ་ཁོངས་སུ་ཡོད་པ་རྒྱ་གར་གྱི་མངའ་སྡེ་ཞིག་སྟེ་ནུབ་བཾ་གཱ་ལ་ཞེས་བྱ་བ་ཡིན། དེ་ཡང་བཾ་གཱ་ལཱིའི་མངའ་སྡེའི་གྲོང་སྡེ་མང་པོ་ཞིག་སྔར་གྱི་རྒྱལ་པོ་ཁག་དང་དབྱིན་ཇིའི་བཙན་འཛུལ་གྱི་སྐབས་སུ་ཉེ་འཁོར་གྱི་མངའ་སྡེ་ཏྲི་པུ་རཱ་དང་། ཨུ་རི་སཱ། བི་ཧཱ་ར་བཅས་ལ་ཤོར། ལོ་རྒྱུས་ཀྱི་རྒྱབ་ལྗོངས། མནའ་བོའི་དུས་སུ་བཾ་གཱ་ལ་ཞེས་བྱ་བ་ནི་རྒྱ་གར་གྱི་ཡུལ་དབུས་འགྱུར་འཆང་मगध དང་། ཨཾ་གའི་अंग གྲོང་གི་མངའ་ཁོངས་ཡིན། དུས་རབས་བར་པའི་སྐབས་སུ་དི་ལླཱི་दिल्ली མངའ་ཁོངས་སུ་གྱུར། https://hi.wikipedia.org/wiki/%E0%A4%AC%E0%A4%82%E0%A4%97%E0%A4%BE%E0%A4%B2