Jump to content

ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ།

ཡོང་ཁུངས་Wikipedia

ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་ནི་མདོ་སྨད་ཕོ་རོད་འབྱང་གྲུའི་ཕྱོགས་ཕུན་ཚོགས་ལུང་བར་པྲ་སྟིའི་རིགས་ལས་ཡབ་དཔུང་སྐྱབས་རྒྱལ་དང་། ཡུམ་བ་རི་བཟའ་ཆོས་མཚོ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་མེ་སྦྲུལ་ལོར﹙༡༧༣༧﹚སྐུ་བལྟམས། ཀུན་མཁྱེན་འཇིགས་མེད་དབང་པོ་དང་ཕུར་ལྕོག་བྱམས་པ་རིན་པོ་ཆེ། ལྕང་སྐྱ་རོལ་བའི་རྡོ་རྗེ་སོགས་དམ་པ་མང་པོ་ཚུལ་བཞིན་བསྟེན་ཏེ་མཁས་གྲུབ་ཆེན་པོའི་གོ་འཕང་བརྙེས། བསྟན་འཛིན་གྱི་བུ་སློབ་མང་དུ་བསྐྱངས།

མན་ཇུ་གོང་མའི་བཀའ་བཞིན་རྒྱ་ནག་ཏུ་ཐེངས་གཉིས་ཕེབས་ཏེ་དཔོན་འབངས་ལ་བཀའ་ཆོས་གནང་བ་སོགས་ལུགས་ཟུང་གི་འཕྲིན་ལས་ནམ་མཁའ་དང་མཉམ། གསུང་རྩོམ་ལ་ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར་དང་། གྲུབ་མཐའ་ཤེལ་གྱི་མེ་ལོང་སོགས་པོད་བཅོ་ལྔ་བཞུགས། དགུང་ལོ་རེ་དྲུག་པ་རབ་བྱུང་བཅུ་གསུམ་པའི་ཆུ་ཁྱི་ལོར﹙༡༨༠༢﹚གཟུགས་སྐུའི་བཀོད་པ་བསྡུས།

ཡོང་ཁུངས། བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་ཡིག་གཅེས་བསྡུས་ཀྱི་མཛད་པ་པོ་ངོ་སྤྲོད་ལས་བཤུས།