ཐཱན་སྔོན

ཡོང་ཁུངས་Wikipedia

ལྗང་མདོག་སྐྱེ་དངོས་ནི་འོད་སྦྱོར་ནུས་པ་བརྒྱུད་དབྱང་གཉིས་ཐཱན་འགྱུར་གཏན་གནས་བྱེད་པར“ཐཱན་ལྗང”ཟེར་བ་དང་། “ཐཱན་སྔོན”ནི་རྒྱ་མཚོའི་ཡོམ་འགུལ་དང་རྒྱ་མཚོའི་སྐྱེ་དངོས་ལ་བརྟེན་ནས་རླུང་ཁམས་ཆེ་མོའི་ཁྲོད་ཀྱི་དབྱང་གཉིས་ཐཱན་འགྱུར་འཐེན་པ་མ་ཟད། དེ་རྒྱ་མཚོའི་ཁྲོད་དུ་གཏན་གནས་དང་གསོག་ཉར་བྱེད་པའི་བརྒྱུད་རིམ་དང་། འགུལ་སྐྱོད། ལམ་སྲོལ་བཅས་ལ་ཟེར།[༡]}}

ཐཱན་སྔོན་ལ་ནུས་པ་ཁྱད་པར་གང་འདྲ་ཡོད་དམ།[རྩོམ་སྒྲིག]

རྒྱ་མཚོར་སའི་གོ་ལའི་དབྱང་གཉིས་ཐཱན་འགྱུར་93%ཙམ་གསོག་ཉར་བྱས་ཡོད་པ་དེ་ནི་ཚོད་རྩིས་བརྒྱབ་ན་ཏུན་དུང་ཕྱུར་ཁྲི་40ཙམ་ཡིན་ཞིང་། སའི་གོ་ལའི་ཐཱན་འདུས་ཕུང་པོ་ཆེ་ཤོས་ཡིན་པ་རེད། ལོ་ལྟར་མཁའ་རླུང་ཁྲོད་ཕུད་པའི་དབྱང་གཉིས་ཐཱན་འགྱུར་30%ཡན་གཙང་སེལ་བྱེད་ཀྱི་ཡོད།

ཐཱན་སྔོན་གྱི་སྐྱེ་ཁམས་མ་ལག་ཆེ་གྲས་གསུམ།[རྩོམ་སྒྲིག]

སྡོང་དམར་ནགས་ཚལ་དང་། མཚོ་རྩྭ་སྐྱེ་ས། ཚྭ་འདམ་བཅས་རེད། རང་རྒྱལ་ནི་འཛམ་གླིང་དུ་ཐཱན་སྔོན་སྐྱེ་ཁམས་མ་ལག་ཆེ་གྲས་འདི་གསུམ་དུས་གཅིག་ལ་དབང་བའི་རྒྱལ་ཁབ་ཉུང་ཤས་ཀྱི་གྲས་ཤིག་རེད། ཐཱན་སྔོན་འཕེལ་རྒྱས་གཏོང་བའི་བཟང་ཆ་ནི། ཐཱན་འབུད་ཀྱི་གནོན་ཤུགས་ཆུང་དུ་གཏོང་བ་དང་། དབྱང་གཉིས་ཐཱན་འགྱུར་འཐེན་པ། ཏན་དང་ལིན་རྫས་སེལ་བ། རྒྱ་མཚོའི་སྐྱེ་ཁམས་ལ་སྲུང་སྐྱོབ་ཐུབ་པ། རྒྱ་མཚོའི་ཆུ་གཙང་མ་བཟོ་བ།

པར་རིས་བར་འཁྱམས།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག:

  1. Pendleton, Linwood; Donato, Daniel C.; Murray, Brian C.; Crooks, Stephen; Jenkins, W. Aaron; Sifleet, Samantha; Craft, Christopher; Fourqurean, James W.; Kauffman, J. Boone (2012). "Estimating Global "Blue Carbon" Emissions from Conversion and Degradation of Vegetated Coastal Ecosystems". PLOS ONE. pp. e43542. Bibcode:2012PLoSO...743542P. doi:10.1371/journal.pone.0043542Freely accessible. PMC 3433453Freely accessible. PMID 22962585. 

དཔྱད་གཞིའི་དཀར་ཆག[རྩོམ་སྒྲིག]