ཐང་སྐོར

ཡོང་ཁུངས་Wikipedia

ཐང་སྐོར་ནི་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་ཞང་ཞིག་ཡིན། རྒྱ་སྐད་ 塘克 དང་ དབྱིན ཇིར་ Thangkor ཟེར། མིང་དུ་གྲགས་པའི་རྨ་ཆུའི་དགུ་ཁུག་དང་པོ་ཡུལ་དེར་ཡོད་། ཡུལ་དེའི་མི་ཚང་མ་འབྲོག་ལས་གཉེར་མཁན་ཤ་སྟག་ཡིན་ལ་རྩྭ་ས་རྨ་ཆུའི་ཆུ་རྒྱུད་དུ་ཡོད་པས་འདི་གའི་རྟ་ནོར་ལུག་གསུམ་ཧ་ཅང་ཤ་ཤེད་བཟང་པར་གྲགས། ལྷག་པར་དུ་ས་ཆ་འདིར་སོག་ཚང་མ་ཞེས་པའི་རུ་སྡེ་ཞིག་ཡོད་པ་དེའི་རྟ་རྣམས་བང་རྩལ་ཧ་ཅང་ལེགས་པོ་ཡོད་པར་བཤད།

མིང་ཐོགས་ཚུལ།[རྩོམ་སྒྲིག]

ལྗོངས་རྒྱུ།[རྩོམ་སྒྲིག]

རི་བོ་ཨ་སྐྱ་ནི་ཐང་སྐོར་ཡུལ་གྱི་རི་བོ་མཐོ་ཤོས་དང་གཞི་བདག་གཙོ་བོ་དེ་ཡིན། རྨ་ཆུའི་ཁུག་པ་དང་པོ། སྐ་ཆུ་དང་དུད་ནག་སོགས་ཆུ་བོ་འགའ་ཡོད། ཐང་སྐོར་དུ་ད་དུང་ཨ་སྐྱའི་ན་འདམ་དང་། ཆོས་རིའི་ཁ་དཀར་ན་འདམ་སོགས་རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་རླན་ས་འགའ་ཡོད། ན་འདམ་དེ་དག་འཁོར་ཡུག་སྲོང་སྐྱོབ་ལས་ལ་གལ་གནད་ཧ་ཅང་ཆེན་པོ་ཡོད་དེ་སའི་གོ་ལའི་ནང་ཁྲོལ་ལྟ་བུ་རེད་


ཁ་དཀར་ན་ཁ[རྩོམ་སྒྲིག]

= མཚོ་ཆ་ལེམ་གོང་འོག་བར་གསུམ[རྩོམ་སྒྲིག]

རྐ་ཆུ[རྩོམ་སྒྲིག]

རྨ་ཆུའི་དགུ་ཁུག་དང་པོ[རྩོམ་སྒྲིག]

སོག་ཚང་དགོན[རྩོམ་སྒྲིག]

ཨ་སྐྱའི་ན་ཁ[རྩོམ་སྒྲིག]

རྒྱ་མཁར་མཁར་ཤུལ[རྩོམ་སྒྲིག]

མཐོང་རི[རྩོམ་སྒྲིག]

མཚོ་དཀར་ལྡང[རྩོམ་སྒྲིག]

ཆོས་རི[རྩོམ་སྒྲིག]

དུད་ནག་ཆུ་ཕྲན[རྩོམ་སྒྲིག]

ཚོ་ཁག[རྩོམ་སྒྲིག]

༡ སོག་ཚང་མ་སྡེ་བ། ༢ སྐ་བར་མ་སྡེ་བ། ༣ དཔོན་སྐྱ་སྡེ་བ། ༤ མདོ་དཔལ་སྡེ་བ། ༥ འགོ་གསེར་སྡེ་བ། ༦ གཙང་བ་སྡེ་བ། ༧ ཕྱུགས་ར་སྡེ་བ།

ལོ་རྒྱུས།[རྩོམ་སྒྲིག]

ཡུལ་སྲོལ།[རྩོམ་སྒྲིག]

ཡུལ་འདིའི་ཡོང་འབབ་གཙོ་བོ་འབྲོག་ལས་ཁོ་ནར་བརྟེན་ཡོད།

སློབ་གསོ།[རྩོམ་སྒྲིག]

ཐང་སྐོར་ཡུལ་ཚོའི་ལོ་གསར་སྤྲོ་ཚོགས། རིག་རྩལ་སྤྲོ་ཚོགས་འདི་ནི་སྤྱི་ལོ་༢༠༠༦ས་གནས་ཀྱི་སློབ་མ་ཚོས་རང་དབང་རང་འཐད་དུ་དང་ལེན་བྱས་ནས་སྒྲུབ་པ་ཡིན་ཞིང་། གཙོ་བོ་ཕ་ཡུལ་དམངས་ཚོགས་ཀྱི་འདོད་བློ་དང་དགའ་མོས་དབུས་སུ་བཟུང་ནས་ཞོར་དུ་དམངས་ཚོགས་ལ་སློབ་གསོ་གཏོང་བའི་བསམ་པ་བཟང་བོས་ཀུན་ནས་བསླངས་ཏེ་འགོ་བཙུགས་ཤིང་རྒྱུན་བསྐྱངས་ནས་ལོ་ངོ་འགའ་འགོར་སོང་། ཐང་སྐོར་སློབ་བུ་ཚོགས་པའི་རིག་རྩལ་སྤྲོ་ཚོགས་ཞེས་ཕ་ཡུལ་ན་ཀུན་གྱིས་གླེང་གིན་ཡོད། འདི་ནི་སྐབས་གསམ་པ་ཡིན་པ་དང་། ཁ་དཔེ་ལ་ཁ་དྲོན་མོ་རང་གི་ལག མགོ་ནག་སྐྱིད་སྡུག་གནམ་གྱི་ལག་ཅེས་པ་ལྟར་མགོ་ཚང་ལ་ས་སྐྱོན་སོགས་ང་ཚོ་དགའ་ཐབས་མེད་པའི་དོན་རྐྱེན་རེ་བྱུང་མྱོང་བའི་དུས་སུ། ང་ཚོས་ཀྱང་ལོ་གསར་ལ་དགོང་ཚོགས་ཤིག་ག་ནས་བརྩེ་བར་འདོད་དམ། དེ་བས་ལོ་ལྟར་བརྩིས་ན་བར་ཆད་བྱུང་ཡོད།

ཚོགས་གཞུགས་ཁྱབ་ཁོང་། ཐང་སྐོར་ཡུལ་ཚོའི་མཐོ་འབྲིང་ནས་སློབ་ཆེན་དང་ཞིབ་འཇུག་སོགས་སློབ་མའི་མིང་ཅན་ཚང་མར་ཞུགས་ཆོག སློབ་ཆུང་དང་དམའ་འབྲིང་གི་སློབ་གྲོགས་སྒྱུར་རྩལ་པ་ཚོ་མ་གཏོགས་བསྡུ་བཞིན་མེད། གཞན་དམངས་ཁྲོད་རྡུང་ལེན་པ་དང་གླུ་བ། གཏམ་བཤད་པ་སོགས་ཀྱང་བསྡུ་བཞིན་ཡོད།

མི་གྲངས། ལོ་རེ་རེར་མི་མཚུངས་པ་དང་། ལས་གཉེར་བ་དང་འཁྲབ་སྟོན་པ་ཚང་མར་ཆ་སྙོམས་བྱས་ན་མི་གྲངས་བརྒྱ་ཙམ་ཞིག་འདུ་ཐུབ།

དཔལ་འབྱོར་ཡོང་ཁུངས། རུ་སྡེ་སོ་སོའི་ལོ་རེ་རེ་འོས་འཚམ་ཀྱི་འགྲོ་སོང་འགན་ཁུར་བ་མ་ཟད། སྤྲོ་ཚོགས་མཇུག་པའི་དགོང་མོར་འཁྲབ་སྟོན་པ་ཚོར་སྤྲོ་གསེང་གཏོང་བའི་འགྲོ་སོང་ཡང་ཕུལ་བཞིན་ཡོད། གཞན་དགོན་པ་དང་མི་སྒེར་མང་བོས་ལམ་བཟུང་དྲོན་པོ་མཉམ་དུ་བསྲིངས་པས། འཁྲབ་གོས་དང་རྒྱུན་མཁོའི་འགྲོ་འདུག་འདང་གི་ཡོད། ལྷག་པར་ཡུལ་མི་ལྷག་བསམ་ན་ལྡོང་གི་འཁྲང་ཁོ་ཞེས་པ་ཞིག་གིས་རྣམ་ཐར་འཁྲབ་གོས་བཟོ་བྱེད་ལ་དམངས་སྒོར་ཁྲི་དྲུག་ཕུལ་རྒྱུ་ཁས་ལངས་པ་མ་ཟད། དམངས་སྒོར་ཁྲི་གསུམ་རིག་རྩལ་འདོ་འཛིན་པའི་ལག་ཏུ་འབྱོར་ཡོད།

རིག་རྩལ་རྣམ་གྲངས། ལོ་རེར་ལོ་གསར་ཚེས་༥དང་༦གཉིས་ལ་བརྩེ་ཞིང་། ཉིན་རེ་རིག་རྩལ་རྣམ་གྲངས་༡༢ཡས་མས་བརྩེ་བཞིན་ཡོད། དེ་ལྟར་ན་ལོ་རེར་རིག་རྩལ་༢༣ནང་༢༧བར་གྲ་སྒྲིག་བྱེད་ཀྱིན་ཡོད། གཙོ་བོ་ཞབས་བྲོ། ཁ་གཤགས་སམ་བཞད་གད། གར་ཆུང་། རྣམ་ཐར། གླུ་བཅས་ཡོད་ཅིང་། གླུ་ལ་རྡུང་ལེན་དང་དམངས་གླུ། གླུ་དབྱངས་སོགས་ཀྱང་ཡོད། ལོ་རེ་རེའི་ཚོགས་གཞུགས་མི་སྣའི་གནས་ཚུལ་ལྟར་གྲ་སྒྲིག་བྱེད་ཀྱི་ཡོད།