ཐང་རྒོད་ཅན་
༡༩༩༢ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་དང་འཕེལ་རྒྱས་ཚོགས་ཆེན་ཐོག“ཐང་རྒོད་ཅན་ནི་གནམ་གཤིས་འགྱུར་ལྡོག་དང་མིའི་རིགས་ཀྱི་ལུགས་དང་མི་མཐུན་པའི་དཔལ་འབྱོར་བྱེད་སྒོའི་རྒྱུ་རྐྱེན་ལས་ཐོན་པ་དང་། ཐན་སྐྱོན་དང་ཕྱེད་ཐན་སྐྱོན་དང་ཐན་སྐྱོན་གྱི་གནོད་འཚེ་ཐོན་ཁུལ་ཕྱོགས་ཡོར་འོས་འཚམས་ལྡན་པའི་ཕྱེད་བཞའ་ཚན་ཆེ་བིའི་ས་ཁུལ་གྱི་ས་ཆ་ཞན་འགྱུར་འགྲོ་གི་ཡོད”ཅེས་མིང་འགྲེལ་དེ་ལྟར་བྱས་ཡོད། ས་ཆ་གསར་སྦོལ་བྱས་ནས་ས་ཞིང་དུ་གྱུར་རྗེས། སྣོད་བཅུད་ཁོར་ཡུག་ལ་རྩ་བའི་འགྱུར་ལྡོག་ཕྱིན་ནས་ཐར་ཐོར་གྱི་ཞིང་ལས་སྐྱེ་དངོས་ཀྱིས་དྲག་ཆར་གྱིས་ས་རྒྱུ་འཕྲོ་བརླག་གཏོང་བ་འགོག་ཐུབ་ཀྱི་མེད། སྔོ་ཁེབས་ཉུང་བས་ས་ངོས་ལ་ལྷགས་རླུང་དང་ཉི་འོད་ཀྱིས་བཞའ་དང་ལུད་རྣམས་ཇེ་ཉུང་དུ་བཏང་གི་ཡོད། སྣ་གཅིག་ཅན་གྱི་ལོ་ཏོག་གིས་སའི་ནང་གི་ལུད་དང་བཅུད་རྣམས་བསྡུ་ལེན་བྱས་ནས་ས་ཞིང་གི་ཕྱིར་ཁྱེར་བས། དེ་ལྟར་ལོ་ནས་ལོ་སོང་རྗེས། ས་ཞིང་ནང་གི་ལུད་བཅུད་རྣམས་ཇེ་ཉུང་དུ་སོང་ནས། ས་ཞིང་ཡང་ཇེ་གཞན་དུ་སོང་སྟེ། ས་ཆུའི་ཤོར་ཚད་ཡང་དེ་བས་མང་དུ་འགྲོ་གི་ཡོད།[༡]
པར་རིས་བར་འཁྱམས།
[རྩོམ་སྒྲིག]ད་དུང་གཟིགས།
[རྩོམ་སྒྲིག]ཕྱི་ཕྱོགས་དྲ་མཐུད།
[རྩོམ་སྒྲིག]- ↑ "聯合國環境規劃署"水土流失和荒漠化控制專案的成功故事"". Archived from the original on 2010-09-21. Retrieved 2023-04-05.