ཉེ་དུས་བོད་ཤར་ཁུལ་དུ་གཏེར་འདོན་བྱ་བ་ཤུགས་ཆེར་སྤེལ་རྒྱུ།

ཡོང་ཁུངས་Wikipedia

ཉེ་དུས་བོད་ལྗོངས་གསར་འགྱུར་ལས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ནང་གི་སྐད་གྲགས་ཆེ་བའི་ཁེ་ལས་ཁག་ཅིག་དང་བོད་ནང་གི་གཏེར་ལས་སྤེལ་མཁན་མཉམ་འབྲེལ་གྱིས་བོད་ཀྱི་ཤར་ཁུལ་དུ་གཏེར་འདོན་གྱི་ལས་གྲྭ་ཤུགས་ཆེར་སྤེལ་རྒྱུ་ཡིན་པ་འདྲ་འདུག མ་གཞི་དེང་སང་བོད་ཀྱི་འབྱུང་ཁམས་འཁོར་ཡུག་གི་ཐད་རྒྱལ་ཁབ་ནས་སྲུང་སྐྱོབ་གང་ལེགས་ཐུབ་ཡོད་རུང་། གཏེར་འདོན་གྱི་བྱ་བའི་ཐད་མུ་འཐུད་དུ་ཤུགས་ཆེར་འགྲོ་བ་ལས་དེ་ཐད་ཤུགས་ཆེའི་བཀག་འགོག་སོགས་བྱེད་ཐུབ་མེད་པ་འདྲ་འདུག གཏེར་ལས་ཀྱིས་མ་ཐར་བོད་ཀྱི་ཁོར་ཡུག་ལ་ཤུགས་ཆེའི་གཙོག་སྐྱོན་དང་འབྱུང་ཁམས་ལ་གཏོར་སྐྱོན་སོགས་འཐེབ་རྒྱུ་ནི་བརྗོད་མི་དགོས་པ་ཞིག་རེད། འོན་ཀྱང་ང་ཚོས་ལས་རིགས་དེ་ཚོར་བཀག་འགོག་ཐུབ་རྒྱུ་ལྟ་ཅི་དམངས་ཀྱི་སོ་སོའི་སྐབས་ཕྲལ་གྱི་ཡོང་འབབས་ལ་བསམ་ནས་ལས་རིགས་དེ་ཚོར་རྒྱབ་སྐྱོར་དང་། སྲིད་གཞུང་ནས་ནི་དེ་ཚོར་དགོས་ངེས་ཀྱི་བཀག་འགོག་ཐུབ་ཀྱི་མེད་པ་བཅས་ལ་བལྟས་ན་དངོས་གནས་ང་ཚོས་སོ་སོའི་ཕ་ཡུལ་གྱི་ཁོར་ཡུག་གཙང་མ་དེར་སྲུང་སྐྱོབ་ཡག་པོ་རྩ་ནས་ཐུབ་ཀྱི་མིན་འདུག