ཉིས་ཁྲི་ཆིག་སྟོང་དྲུག་བརྒྱའི་སྡེ་

ཡོང་ཁུངས་Wikipedia

ཉིས་ཁྲི་ཆིག་སྟོང་དྲུག་བརྒྱའི་སྡེ་ཞེས་པ་ནི་རྡོ་རྗེའི་ལུས་གྲུབ་པའི་ཚེ་ཁྱབ་བྱེད་ཀྱི་རླུང་དང་། མཉམ་གནས་ཀྱི་རླུང་། གྱེན་རྒྱུའི་རླུང་། ཐུར་སེལ་གྱི་རླུང་སོགས་རྩ་བའི་རླུང་ལྔ་དང་། ཀླུའི་རླུང་། རུས་སྦལ་གྱི་རླུང་། རྩངས་པའི་རླུང་། ལྷས་བྱིན་གྱི་རླུང་། ནོར་ལས་རྒྱལ་གྱི་རླུང་སྟེ་ཡན་ལག་རླུང་ལྔ་སྟེ་རླུང་བཅུ་རག་པ་གྲུབ་པ་ན། འབྱུང་འཇུག་གི་མཚན་ཉིད་ཅན་དུས་སྦྱོར་གྱི་རླུང་ཞག་གཅིག་ལ་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་ཕྱི་ནང་དུ་འགྲོ་འོང་བྱེད་པ་ཡིན་ལ། 《ཆོས་ཀྱི་རྒྱལ་པོ་ངག་དབང་རྣམ་པར་རྒྱལ་བ་ལ་ཕུལ་བའི་ཞུ་འཕྲིན་རིག་འཛིན་ཕོ་ཉ》ཞེས་པར་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱའི་སྡེ་ཞེས་པ་ནི་དེ་ལ་ཟེར་བའོ། །