ཆོས་ལུགས་་གཤིབ་བསྡུ་རིག་པ།

ཡོང་ཁུངས་Wikipedia
Jump to navigation Jump to search

ཆོས་ལུགས་ཞིབ་འཇུག་གི་ཐབས་ཤེས་ཤིག་དུས་རིམ་གྱིས་རིག་པའི་རྣམ་པར་འགྱུར་བ་སྟེ། རིག་པ་འདིའི་ཤིང་རྟ་སྲོལ་འབྱེད་པ་ནི་འཇར་མན་གྱི་ཆོས་ལུགས་རིག་པའི་མཁས་དབང་མཱ་ཁེ་སུ་མུའུ་ལེའུ་ཟེར་བ་དེ་རེད། ཁོང་གི་དགོངས་པ་ལྟར་ན། ཆོས་ལུགས་ཞིབ་འཇུག་ནི་ངེས་པར་གཤིབ་བསྡུར་གྱི་ཐབས་ལམ་སྤྱད་ནས་ཞིབ་འཇུག་བྱེད་དགོས་པ་དང་། གཤིབ་བསྡུར་བྱེད་པའི་ཡང་སྙིང་ནི་གྲུབ་མཐའ་དང་ཆོས་ཕྱོགས་སོ་སོ་དམིགས་སུ་བགར་ནས་ཕྱོགས་རེས་བཟོ་བ་མ་ཡིན་པར། གཞན་གྱི་ཐུན་མོང་མ་ཡིན་པའི་ཆོས་ལུགས་ཀྱི་སྣང་ཚུལ་ལ་དོན་དང་ལྡན་པའི་བསམ་གཞིགས་གཏོང་བ་དང་། ཀུན་དང་མཐུན་པའི་ཆོས་ལུགས་དད་མོས་དང་ཆོས་ལུགས་ཀྱི་སྣང་ཚུལ་དག་ཕྱོགས་གཅིག་ཏུ་བསྡུས་ནས་ཆོས་ལུགས་སྤྱིའི་ཆོས་ཉིད་འཚོལ་ཞིབ་བྱེད་པའི་རིག་ལམ་ལ་ཟེར།