ཆོས་རྒྱལ་སྒྲུབ་ཕུག་

ཡོང་ཁུངས་Wikipedia
Jump to navigation Jump to search

ཆོས་རྒྱལ་སྒྲུབ་ཕུག[རྩོམ་སྒྲིག]

པོ་ཏ་ལ་ཕོ་བྲང་དམར་པོའི་བྱང་ཟུར་དུ་ཡོད་པའི་བྲག་ཕུག་ལྷ་ཁང་གི་རྣམ་པར་ཡོད་པ་ཞིག་སྟེ། སྔར་རྒྱལ་པོ་སྲོང་བཙན་སྒམ་པོས་པོ་ཏ་ལའི་ཕོ་བྲང་མ་བརྩེགས་གོང་སྒོམ་སྒྲུབ་གནང་བའི་གནས་ཡིན། འདིའི་ནང་རྒྱལ་པོ་སྲོང་བཙན་སྒམ་པོ། རྒྱ་བཟའ། བལ་བཟའ། མོང་བཟའ། སྲས་གུང་རི་གུང་བཙན། བློན་པོ་མགར། ཐོན་མི། རྗེ་ཙོང་ཁ་པ། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་སོགས་ཀྱི་འདྲ་སྐུ་ཡོད།