ཆོས་རྒྱལ་ཟླ་བཟང་

ཡོང་ཁུངས་Wikipedia

ཆོས་རྒྱལ་ཟླ་བཟང་ནི་ཆོས་རྒྱལ་ཟླ་བ་བཟང་པོ་སྟེ། རྒྱལ་པོ་འདི་ནི་བྱང་ཤམྦྷ་ལའི་རྒྱལ་པོ་ཉི་མའི་འོད་དང་བཙུན་མོ་རྣམ་པར་རྒྱལ་བའི་སྲས་སུ་སྐུ་འཁྲུངས། ཕྱག་ན་རྡོ་རྗེའི་སྤྲུལ་པ་ཡིན་པར་གྲགས་སོ། །

ཆོས་རྒྱལ་ཟླ་བཟང་ནི་ཆོས་རྒྱལ་ཟླ་བ་བཟང་པོ་སྟེ། རྒྱལ་པོ་འདི་ནི་བྱང་ཤམྦྷ་ལའི་རྒྱལ་པོ་ཉི་མའི་འོད་དང་བཙུན་མོ་རྣམ་པར་རྒྱལ་བའི་སྲས་སུ་སྐུ་འཁྲུངས། ཕྱག་ན་རྡོ་རྗེའི་སྤྲུལ་པ་ཡིན་པར་གྲགས། རྒྱལ་པོ་འདིས་སྟོན་པ་སངས་རྒྱས་ལ《དུས་འཁོར་རྩ་རྒྱུད》ཤོ་ལོ་ཀ་སྟོང་ཕྲག་བཅུ་གཉིས་ཞུས། རྒྱལ་པོ་འདི་དང་། འདིའི་སྲས་ས་སྙིང་སྤྲུལ་པ་རྒྱལ་པོ་ལྷ་དབང་། དེའི་སྲས་གཤིན་རྗེའི་གཤེད་ཀྱི་སྤྲུལ་པ་རྒྱལ་པོ་གཟི་བརྗིད་ཅན། དེའི་སྲས་སྒྲིབ་སེལ་སྤྲུལ་པ་རྒྱལ་པོ་ཟླ་བས་བྱིན། དེའི་སྲས་རྨུགས་བྱེད་སྤྲུལ་པ་རྒྱལ་པོ་ལྷའི་དབང་ཕྱུག དེའི་སྲས་ཁེངས་བྱེད་སྤྲུལ་པ་རྒྱལ་པོ་སྣ་ཚོགས་གཟུགས། དེའི་སྲས་ནམ་སྙིང་སྤྲུལ་པ་རྒྱལ་པོ་ལྷའི་དབང་ལྡན་རྣམས་ལ་སྔོན་གྱི་ཆོས་རྒྱལ་བདུན་ཟེར་རོ། །