ཆེད་སྤྱོད་ཡི་གེའི་སྐོར།

ཡོང་ཁུངས་Wikipedia

༄༅། །ཆེད་སྤྱོད་ཡི་གེའི་སྐོར།[རྩོམ་སྒྲིག]

༢ གཏུག་བཤེར་ཐག་གཅོད་བྱེད་པའི་ལས་འགན་ཞིབ་ཕྲའི་ཐད་དམངས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱིས་དོ་བདག་བར་གྱི་དམངས་དོན་རྩོད་གླེང་ཐག་གཅོད་བྱེད་དགོས་མོད། འོན་ཀྱང་ཉེས་དོན་གཏུག་བཤེར་ཡིན་ན་གྱོད་ཡའི་ཉེས་འགན་གྱི་གནད་དོན་ཐག་གཅོད་བྱེད་དགོས།

༣ གཏུག་བཤེར་ཐག་གཅོད་བྱེད་སྐབས་དམངས་དོན་གཏུག་བཤེར་ཡིན་ན་དམངས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་གཞིར་བཟུང་དགོས་་པ་དང་། ཉེས་དོན་གཏུག་བཤེར་ཡིན་ན་ཉེས་ཁྲིམས་གཞིར་གཟུང་དགོས།

༤ གཏུག་བཤེར་ཐག་གཅོད་བྱེད་པའི་བྱ་ཐབས་ཐད་སྤྱིར་བཏང་གི་དམངས་དོན་གཏུག་བཤེར་གྱི་གྱོད་གཞི་ནི་བར་འདུམ་བྱེད་དུ་འཇུག་པ་དང་། འདུན་པ་བཏོན་ཏེ་བཙན་ཐབས་ཀྱིས་ཁྲུན་ཐག་གཅོད་པ་ལས། ཉེས་དོན་གྱོད་གཞིར་ཐོག་མཐའ་བར་གསུམ་དུ་བཙན་ཐབས་ཀྱིས་ཁྲུན་གཅོད་པའི་རང་བཞིན་ལྡན་པ་དང་མི་འདྲའོ། །

གསུམ་པ། ཞུ་གཏུག་གི་ཡི་གེའི་ནང་དུ་ཚུད་དགོས་ངེས་ཀྱི་ནང་དོན་སྐོར།

༡ གྱོད་གཞི་དོན་རྩ་སྟེ་གནད་དོན་ཅི་ཞིག་གི་དབང་གིས་གཏུག་བཤེར་བྱུང་བ་དང་ཞུ་གཏུག་བྱེད་མཁན་གྱི་གནས་ཚུལ་༼མིང་དང་ཕོ་མོ། ལོ་གྲངས། མི་རིགས། ཕ་ཡུལ། ལས་རིགས། ད་ལྟའི་སྡོད་གནས༽དང་། དེ་བཞིན་གྱོད་ཡའི་གནས་ཚུལ་༼མིང་དང་ཕོ་མོ། ལོ་གྲངས། མི་རིགས། ཕ་ཡུལ། ལས་རིགས། ད་ལྟའི་སྡོད་གནས༽བཅས་འགོད་དགོས།

༢ ཞུ་གཏུག་བྱེད་མཁན་གྱིས་གྱོད་གཏུག་བྱེད་རྒྱུའི་དོན་དངོས་དང་དེའི་བརྒྱུད་རིམ། གྱོད་གཏུག་བྱ་རྒྱུའི་གནད་དོན་གྱི་དཔང་རྟགས་འཐུས་ཚང་དང་ཉེས་བགྲངས་པའི་རྒྱུ་མཚན་བཅས་འགོད་དགོས།

༣ ཞུ་བ་འཐེན་པའི་དམིགས་ཡུལ་ཏེ་ནག་ཉེས་བགྲངས་ཏེ་འགྲུབ་དགོས་པའི་དམིགས་ཡུལ་འགོད་དགོས།

༤ མི་དམངས་ཁྲིམས་ཁང་གང་ལ་གྱོད་གཏུག་ཞུ་བ་དང་གྱོད་གཏུག་ཞུ་བའི་དུས་ཚོད། གྱོད་གཏུག་བྱེད་མཁན་གྱི་མིང་སོགས་འགོད་དགོས་པར་མ་ཟད་ཐམ་གའང་རྒྱག་དགོས། གཞན་དབང་ཡང་དཔང་རྟགས་ཡིག་ཆ་འདི་འདྲ་དང་དེ་འདྲ་ཟུར་བཀོད་པའི་གསལ་བཤད་ཀྱང་བཤད་དགོས།

དཔེ་གཞི།

ཞུ་གཏུག་གི་ཡི་གེ

གཙོ་འབུལ་ལས་ཁུངས། ༞༞༞རྫོང་སྤྱི་བདེ་ཅུས། གཏུག་མཁན། ༞། བུ། ད་ལྟ་ལོ༞། ལས་རིགས། འབྲོག་པ། ད་ལྟའི་སྡོད་གནས། ༞༞ཞང་ཙུའུ༞པ། ཞུ་གཏུག་མྱོང་མཁན། ༞༞༞། བུ། ད་ལྟ་ལོ༞༞༞། ལས་རིགས། འབྲོག་པ། ད་ལྟའི་སྡོད་གནས། ༞༞༞༞ཞང་ཙུའུ༞༞པ།

དོན་རྩ། འཕྲོག་འཇོམས་དང་མི་བསད་པའི་གྱོད་གཞི༼འདིར་གནས་ཚུལ་ཞིབ་ཕྲ་རྣམས་འགོད་དགོས༽། ༞༞རྫོང་སྤྱི་བདེ་ཅུས་ལ་ཕུལ། ཞུ་གཏུག་མཁན༞༞༞༞༞༼ཐམ་ག༽ ༞ལོིའི་ཟླ་༞༞ཚེས༞༞ཉིན་ལ་ཕུལ།

༢༡ གསལ་བརྡའི་ཡི་གེ།

གསལ་བརྡའི་ཡི་གེ་ཞེས་པ་ནི་ཚན་པའམ་མི་སྒེར་གྱིས་ཡོངས་ལ་གནས་ཚུལ་ཞིག་གསལ་འདེབས་བྱེད་དགོས་སྐབས་སུ་སྤྱོད་རྒྱུའི་ཡིག་རིགས་ཤིག་ཡིན་ཅིང་། ཡི་གེ་དེ་རིགས་འབྲི་སྐབས་བཤད་དགོས་པའི་དོན་དག་དང་དམིགས་ཡུལ། གསལ་བརྡ་གཏོང་མཁན་གྱི་ཚན་པའམ་མི་སྒེར་གྱི་མིང་སོགས་གསལ་བོར་བྲིས་ནས་མི་འདུ་འཛོམས་ཆེ་ས་དང་ལམ་ཆེན་གྱི་འགྲམ་དུ་སྦྱོར་བའམ་ཚགས་པར་ཐོག་ཏུ་བཀོད་ནའང་འགྲིག

བོར་བརླག་གི་གསལ་བརྡ།

དེ་རིང་སྔ་དྲོ་རང་རྫོང་གི་ཚོགས་ཆེན་མོའི་ནང་དུ་གློག་བརྙན་ལྟ་སྐབས་ངའི་པེ་ཅིན་རྟགས་ཅན་གྱི་ཆུ་ཚོད་འདོགས་ཐག་རག་སེར་བྱས་པ་ཞིག་བོར་འདུག་པས་དེ་སུས་རྙེད་ཡོད་ན་རྫོང་འཆར་འགོད་ ཁང་དུ་སྐྱེལ་གནང་ཡོད་པའི་རེ་འདུན་ཞུ་རྒྱུར་མ་ཟད་ལྷག་པར་ཐུགས་རྗེ་ཆེའང་ཞུ། རྫོང་འཆར་འགོད་ཁང་གི་ལས་བྱེད༞༞༞༞ཡིས༞༞ལོའི༞༞ཟླ་༞༞ཚེས་༝༝༝ཉིན་ལ།

༢༢ གན་རྒྱའི་ཡི་གེ

གན་རྒྱའི་ཡི་གེ་ཞེས་པ་ནི་འབྲེལ་ཡོད་ཚན་པའམ་མི་སྒེར་གྱིས་ལས་དོན་ཞིག་བསྒྲུབ་ཕྱིར་ཕྱོགས་གཉིས་ཀས་མཉམ་དུ་གྲོས་མོལ་བྱས་ནས་གྲོས་མཐུན་བྱུང་སྟེ་བྲིས་པའི་ཡི་གེར་ཟེར། གན་རྒྱ་འཇོག་སྐབས་དོ་སྣང་བྱེད་དགོས་པ་གཤམ་གསལ།

༡ གན་རྒྱ་དངོས་སུ་མ་བཞག་གོང་དུ་ཕན་ཚུན་གྲོས་མོལ་ལེགས་པར་བྱས་ཏེ་གན་རྒྱ་བཞག་རྗེས་ཕྱོགས་གཉིས་ཀས་དེ་ལ་སྲུང་བརྩི་ནན་པོ་བྱེད་དགོས། ༢ ཕྱོགས་གཉིས་ཀའི་བར་གྲོས་དན་བྱུང་བའི་ནང་དོན་གསལ་བོ་འབྲི་དགོས་ཁར། གན་རྒྱའི་ནང་དུ་གསལ་བའི་གཏན་འབེབས་དང་བྱ་ཐབས་རྣམས་ངེས་པར་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་སྲིད་ཇུས་ལ་མཐུན་པར་བྱེད་དགོས།