Jump to content

ཆེ་ཤོས་ཀྱི་འབིགས་འཕྲུལ་ཞིག

ཡོང་ཁུངས་Wikipedia

ཚངས་ཐིག་ལ་རྨིད་༡༢.༡༢ རིང་ཚད་ལ་རྨིད་༩༤ ལྗིད་ཚད་ལ་ཏུན་༢༢༠༠ཡོད་༢༠༡༨ལོའི་ཟླ་བ་༣པར།

མཚོན་གསུམ་ཅན་གྱི་རྣོན་གྲི་ལྡན་པའི་༼འབྲུག་ཆེན་༽དེ་ཀྲུང་ཅའོ་ཐན་ཧེ་འཕྲུལ་ཆས་སྒྲིག་ཆས་ཀུང་སིའི་འཁོར་ཁང་ནས་ཐོན་པ་དང་།རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་གནང་ནས་ཕྱི་ཕྱོགས་ལ་ཚོང་གཉེར་གནང་བའི་ཚངས་ཐིག་ཆེ་ཤོས་ཀྱི་འབིགས་འཕྲུལ་ཞིག་ཡིན་ཞིང་། འདི་ནི་ཀྲུང་གོས་ཕྱི་རྒྱལ་གྱི་ཕུག་ལམ་ཆེ་ཤོས་ཀྱི་ལས་གྲྭའི་རྣམ་གྲངས་ཐོག་ཏུ་སྤྱོད་རྒྱུ་ཡིན། —བྷང་ག་ལའི་གཱ་ན་ཕུ་ལའི་ཆུ་འོག་ཕུག་ལམ་ལས་གྲྭ།

འདམ་ཆུ་རླུང་གནོན་དོ་མཉམ་ཡོང་བའི་འབིགས་འཕྲུལ་འདི་ནི་ཨེ་ཤེ་ཡ་ལྷོ་མའི་ནང་གི་ཚངས་ཐིག་ཆེ་ཤོས་ཀྱི་འབིགས་འཕྲུལ་ཤིག་ཡིན་ཞིང་། དེ་ཐེངས་ཀྲུང་ཅའོ་ཐན་ཧེའི་ཀུང་སིའི་ཚངས་ཐིག་ཆེ་ཤོས་ཀྱི་འབིགས་འཕྲུལ་དེ་ཕྱིར་འཚོང་གནང་བ་དེས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ཚངས་ཐིག་ཆེ་ཤོས་ཀྱི་འབིགས་འཕྲུལ་ཁྲོམ་ར་བཟུང་བའི་དུས་མཚམས་མཇུག་སྒྲིལ་བར་སོང་ལ། ཀྲུང་གོའི་འབིགས་འཕྲུལ་འཆར་བཀོད་དང་ཞིབ་སྤེལ་གནང་བའི་ནུས་པ་དེ་འཛམ་གླིང་ལ་ཁ་ཕྱོགས་པ་མཚོན།

བྷང་ག་ལ་གཱ་ན་་ཕུ་ལའི་གཙང་པོའི་ཆུ་འོག་གི་ཕུག་ལམ་ལས་གྲྭ་འདི་ནི་ཀྲུང་གོ་དང་ཉེ་འབྲེལ་རྒྱལ་ཁབ་དབར་གྱི་གལ་ཆེའི་གནས་བབས་ཤིག་ཡིན་ལ། རྒྱལ་ཁབ་ཀྱི་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོའི་ནང་གི་གལ་ཆེའི་གྲུབ་ཆ་ཞིག་ཀྱང་ཡིན། དེས་ཡ་གླིང་གི་གཞུང་ལམ་དྲ་བ་འཐུས་ཚང་ཡོང་བར་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད།

གཱ་ན་ཕུ་ལའི་གཙང་པོའི་ཆུ་འོག་གི་ཕུག་ལམ་ལས་གྲྭའི་རྣམ་གྲངས་འདིར་སྤྱི་ལེ་༣.༥ཡོད་ཅིང་། དེའི་ཁྲོད་དུ་ཕུག་ལམ་རིང་ཚད་ལ་རྨིད་༢༤༥༠ཟིན་གྱི་ཡོད། ས་ངོས་ལས་གཏིང་ཚད་རྨིད་3༡ཙམ་དང་། ས་ཆུའི་གནོན་ཤུགས་ལའང་MPa ༠.༥༩ ཟིན་གྱི་ཡོད། འདམ་རྒྱུའི་ཕྱེ་ཞིབ་ཀྱི་མྱགས་ས་དང་། ཕྱེ་རྡུལ་སོགས་ཀྱི་གཙོ་བོར་གྱུར་ཞིང་། ལས་གྲ་གཉེར་བའི་བརྒྱུད་རིམ་ནང་བྱེ་མའི་བརྩེགས་རིམ་གཤེར་གྱུར་སླ་ཞིང་། འབྱིང་རིམ་ཚོད་འཛིན་དཀའ་བ། གྲི་སྡེར་འདམ་མདུད་སླ་བ། བཏུབ་གཞོག་གི་ངོས་རྡིབ་སླ་བ། འདམ་སེལ་གྱི་ཁ་འགག་བདེ་བ་བཅས་ཀྱི་གནས་ཚུལ་འཕྲད་སྲིད་པས། ཀྲུང་ཅའོ་ཐན་ཧེ་ཀུང་སིས་འདིེར་དམིགས་ནས་ཇུས་འགོད་ཅིག་བྱས་ཡོད་པ་ནི། འོས་འཚམ་གྱི་གྲི་སྡེར་ཞིག་དང་། ཆུ་འདམ་དབྱེ་འབྱེད་ཀྱི་ལག་རྩལ། དེ་བཞིན་རིག་ནུས་ཅན་གྱི་འབྱིང་རིམ་ཚོད་འཛིན་གྱི་ལག་རྩལ། འདམ་ཆུ་རེས་འཁོར་མ་ལག་གི་རང་འགུལ་ཚོད་འཛིན་སོགས་ཐོག་མའི་གསར་གཏོད་ཀྱི་ལག་རྩལ་བེད་སྤྱོད་བཏང་ཡོད།

ཀྲུང་ཅའོ་ཐན་ཧེ་ཡིས་ཀྲུང་གོའི་ཅའོ་ཅན་ཚོགས་པའི་ཀུང་སིིའི་ཆེད་དུ། ལོ་ཁ་ཤས་ཀྱི་ནང་་ལས་རིགས་དེའི་རྗེས་རབས་པ་ཞིག་ནས་མདུན་སྐྱོད་པ་ཞིག་ཏུ་གྱུར་ཡོད་ཅིང་། ཀྲུང་གོའི་གསར་བཟོ་ནས་ཀྲུང་གོའི་གསར་གཏོད་ལ་འཕོ་འགྱུར་ཕྱིན་པ་མངོན་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེའི་རྗེས་ལ་ཀྲུང་ཅའོ་ཐན་ཧེ་ཀུང་སིས་རང་བརྟེན་ཞིབ་བཟོ་གནང་བའི་ཨེ་ཤེ་ཡ་ཤར་ལྷོའི་མྱུར་བགྲོད་ལྕགས་ལམ་སྟེ། ཧིན་རྡུ་ཉི་ཤི་ཡའི་ཡ་ཝན་མྱུར་བགྲོད་ལྕགས་ལམ་དང་པོའི་ཕུག་ལམ་ལས་གྲྭའིི་ཚངས་ཐིག་ལ་རྨིད་༡༣.༡༩ཙམ་ཡོད་དེ། ད་ལོའི་མཚམས་ལ་མཇུག་སྒྲིལ་གྱི་ཡོད། སྐབས་དེ་དུས་ཀྲུང་གོས་ཕྱི་ཕྱོགས་ཚོང་གཉེར་གནང་བའི་ཚངས་ཐིག་ཆེ་ཤོས་ཀྱི་འབིག་འཕྲུལ་ཟིན་ཐོ་བསྐྱར་དུ་་གཏོད་རྒྱུ་ཡིན་་་ལ། འཛམ་གླིང(ཡ་གླིང)ལྕགས་ལམ་འཛུགས་སྐྲུན་ཁྲོད་དུ་ཚངས་ཐིག་ཆེ་ཤོས་ཀྱི་འབིགས་འཕྲུལ་ཞིག་ཀྱང་ཡིན།

པར་རིས་བར་འཁྱམས།

[རྩོམ་སྒྲིག]

ད་དུང་གཟིགས།

[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།

[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག

[རྩོམ་སྒྲིག]