Jump to content

ཆན་ཝེ་ཁྲང་།

ཡོང་ཁུངས་Wikipedia
ཆན་ཝེ་ཁྲང་།

[[File:|220px|alt=]]



མིང་།










Template loop detected: Template:Infobox person/Wikidata

ཚན་ཁག་རིགས་གཅིག་ལ་ཁྱད་དུ་འཕགས་པའི་སློབ་མ།

[རྩོམ་སྒྲིག]

རྩིས་རིག་དང་། དངོས་ཁམས། རྫས་འགྱུར་བཅས་ཀྱི་སྦྱངས་འབྲས་ཧ་ཅང་ཞན་ལ་ཁྱིམ་ཚང་གི་འཁོས་ཀ་ཡང་ཧ་ཅང་ཞན་པོ་ཡོད། ལོ་༡༦ལ་སླེབས་སྐབས་པ་ཕ་ནད་ཀྱི་མནར་ནས་ཚེ་ལས་འདས་པ་དང་། ཨ་ཁུའི་རྒྱབ་སྐྱོར་འོག་མུ་མཐུད་སློབ་གྲྭ་འགྲིམས། ༡༩༣༡ལོར་དངོས་ཁམས་ཀྱི་སྦྱངས་འབྲས་སྐར་གྲངས་༥དང་། རྫས་འགྱུར་དང་རྩིས་རིག་བསྡོམས་པའི་སྦྱངས་འབྲས་སྐར་གྲངས་༢༠ཡང་ཟིན་མེད་རུང་རྒྱ་ཡིག་དང་ལོ་རྒྱུས་གཉིས་ཀའི་སྦྱངས་འབྲས་སྐར་གྲངས་༡༠༠ཡི་ཐོག་ནས་ཆིང་ཧྭ་སློབ་ཆེན་ལོ་རྒྱུས་ཚན་ཁག་ཏུ་རྒྱུགས་འཕྲོད།

ཀྲུང་གོའི་ཤུགས་ཀྱི་རིག་པའི་ཡབ་ཆེན།

[རྩོམ་སྒྲིག]

སྒྲ་སྡུད་འཕྲུལ་ཆས་ནས༼དགུ་པའི་བཅོ་བརྒྱད༽ཀྱི་དོན་རྐྱེན་ཐོན་པ་ཤེས་རྗེས། ལོ་རྒྱུས་ཚན་ཁག་མ་འགྲིམས་པར་གནམ་གྲུ་དང་མེ་སྒྱོགས་བཟོ་སྐྲུན་བྱེད་པའི་དངོས་ཁམས་ཚན་ཁག་ཏུ་བསྒྱུར། ཆིང་ཧྭ་སློབ་ཆེན་གྱིས་ཐོག་མར་ཁོང་གི་ཚན་ཁག་བསྒྱུར་བའི་རེ་བ་ཁས་བླངས་མེད། འོན་ཀྱང་ཁོང་གིས་དབྱིན་ཡིག་གི་སློབ་ཁྲིད་ཉན་པ་དང་དཔེ་ཀློག་གི་དཀའ་གནད་ཁྱད་བསད་བྱས་པས་ལོ་གཅིག་གི་རྗེས་སུ་ཨང་རྩིས་དང་དངོས་ཁམས་ཀྱི་ཡིག་ཚད་༧༠ལྷག་ཙམ་བཏང་སྟེ་དངོས་ཁམས་ཚན་ཁག་ཏུ་བསྒྱུར་བའི་བསམ་འདོན་འགྲུབ་པ་མ་ཟད། མཐར་ཀྲུང་གོའི་ཤུགས་རིག་པའི་ཡབ་ཆེན་དུ་གྱུར།