ཆང་བ་ལི

ཡོང་ཁུངས་Wikipedia
File:ཆང་བ་ལི།.jpeg

ཆང་བ་ལི་ཡི་གོ་དོན།[རྩོམ་སྒྲིག]

ཆང་བ་ལི་ནི་སིལ་ཏོག་རིགས་ཤིག་སྟེ། རོ་མངར་ཞིང་སྐྱུར་ཤས་ཆེ་བ། ཕྱི་ཤུན་སེར་པོ། ནང་སྙིང་དཀར་པོ། ནས་ཆང་གི་དྲི་དང་ལྡན་པ། མེ་ཏོག་དཀར་པོ། དགུན་དུས་སུ་སིལ་ནག་བཟོས་ཆོག མིང་གཞན་ལ་དགུན་སུལ་ཡང་ཟེར།

ཆང་བ་ལི་ཡི་རིགས་གྲས།[རྩོམ་སྒྲིག]

ཆང་བ་ལི་དུས་ཀྱི་དབྱེ་ན་སྟོན་དུས་སུ་ཆང་བ་ལི་དང་། དགུན་དུས་ཀྱི་སིལ་ནག་བཟོས་རྗེས་དགུན་སུལ་ཡང་ན་སུལ་ནག་ཟེར་བ་གཉིས་སུ་དབྱེ་ཆོག

ཆང་བ་ལི་ཡི་ཐོན་ཁུངས།[རྩོམ་སྒྲིག]

ཆང་བ་ལི་ནི་བོད་ཡུལ་གྱི་ཨ་མདོའི་མངའ་ཁོངས་རེབ་གོང་ས་ཁུལ་ཀྱི་སིལ་ཏོག་ཁྱད་ཐོན་དངོས་རྫས་ཤིག་ཡིན།

ཆང་བ་ལི་ཡི་ཕན་ནུས།[རྩོམ་སྒྲིག]

ཆང་བ་ལི་ཅེས་པའི་སིལ་ཏོག་འདི་གློ་བ་དང་མཆིན་པ། ཕོ་བ་སོགས་ལ་ཕན།