ཆ་གསུམ་དང་ལན་ཆགས་གཏོར་མ་འབྱུང་བཞི་གསུམ་

ཡོང་ཁུངས་Wikipedia

༄༅།།ཆ་གསུམ་དང་ལན་ཆགས་གཏོར་མ་འབྱུང་བཞི་གསུམ་བཞུགས་སོ།། ཆ་གསུམ་བཞུགས་སོ།། ༄༅། ། འདིར་ཆ་གསུམ་གཏོང་བར་འདོད་པས་གཏོར་མ་ཉེར་སྤྱོད་དང་བཅས་པ་ཕྱག་ལེན་བཞིན་བཤམ་ལ། མཆོད་པ་བྱིན་གྱིས་བརླབ་པ་ནི། ཨོཾ་བཛྲ་ཡཀྵ་ཧཱུཾ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷ་རྨཱཿསྭབྷཱ་ཝ་ཤུདྡྷོཉ་ཧཾ། སྟོང་བ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོད། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཞིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུཾ། ཨོཾ་པཱ་དྱཾ་ཨཱཿཧཱུཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨོཾ་བཛྲ་དྷུ་པེ་ཨཱཿཧཱུཾ། ཨོཾ་བཛྲ་ཨ་ལོ་ཀེ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཨོཾ་བཛྲ་ནཻ་ཝི་དྱེཨཱཿཧཱུཾ། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། {དེ་ནས་གཏོར་མ་བྱིན་གྱིས་བརླབ་པ་ནི།} ཨོཾ་སྭབྷཱ་ཝ་བི་ཤུདྡྷེ་དྷརྨཱཿཏེ་བཛྲསིདྡྷི་ཧཱུཾ། ན་མཿསརྦ་ཏ་ཐ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏངྑཾ་ཨུད་ག་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་ངྷརྨཿཎཱཾ་ཨ་དྱ་ནུད་པན་ན་ཏྭད། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། ཨོཾ་རུ་རུ་སྤུ་རུ་ཛྭ་ལཱ་ཏིཥྠ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་ངྷ་ནི་སྭཱ་ཧཱ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམས་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག ། {དེ་ནས་སྤྱན་དྲང་བ་ནི།}࿉ མགོན་པོ་ཀུན་གཤེགས་གདན་ལ་བཞུགས། །ད་ལྟ་སྙིགས་མ་ལྔ་ཡི་དུས། །གཤེགས་ཤིང་བཞུགས་པའི་གནས་ངན་ཡང། །ཤཱཀྱའི་བསྟན་པ་སྲུང་བ་དང། །བདག་ཅག་རྣམས་ལ་ཕན་གདགས་ཕྱིར། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་དབང་དང་ལྡན། །སྙིང་རྗེ་ཐབས་མཁས་ཐུགས་དམ་བཀྱིལ་པོ་ཆེ། །ལྷ་དང་དྲང་སྲོང་ཡི་དྭགས་སྲིན་པོ་ཀླུ། །རིག་འཛིན་རྒྱལ་པོ་དང་ནི་གདོན་གྱི་བདག །དེ་དག་སོ་སོའི་དབང་པོའི་སྐུར་སྟོན་པ། །ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་བཞུགས་སོ་འཚལ། །བསྟན་པ་རྒྱས་པའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་ད་ཤ་དི་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར། ས་མ་ཡེ་སྭཱ་ཧཱ། ཨོཾ་རུ་ཏྲ་ཡེ། ཨོཾ་ཤ་ཏ་ས་ཧ་སྲ། ཨཀྵི་ཡེ། ཨོཾ་ཨགྣེ་ཡེ། ཨོཾ་ཡ་མ་ཡེ། ཨོཾ་ནཻ་རི་ཏེ་ཡེ། ཨོཾ་ཝ་རུ་ཎ་ཡེ། ཨོཾ་བ་ཡ་བཻ་ཡེ། ཨོཾ་ཀུ་བེ་ར་ཡེ། ཨོཾ་ཨུརྡྷཾ་པྲཧྨ་ཎ་ཡེ། སུརྱ་གྲ་ཧ་ཨ་ངྷི་བ་ཏ་ཡེ། ཙནྡྲ་ནཀྵ་ཏྲ་ཨ་དྷི་བ་ཏ་ཡེ། ཨོཾ་ཨརྡྷཱ་པྲི་ཐི་ཝཱི་བྷྱཿཨ་སུ་རེ་བྷྱ། ནཱ་གེ་བྷྱཿ ས་པཱ་རི་ཝཱ་ར་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། {ཞེས་མཆོད་ཡོན་དང།} ཀ་མ་ལ་ཡེ་སྟྭཾ། {ཞེས་གདམ་དབུལ།དེ་ནས།} ཨོཾ་རུ་ཏྲ་ཡེ། ཨོཾ་ཤ་ཏ་ས་ཧ་སྲ། ཨཀྵི་ཡེ། ཨོཾ་ཨགྣེ་ཡེ།ཨོཾ་ཡ་མ་ཡེ། ཨོཾ་ནཻ་རི་ཏེ་ཡེ། ཨོཾ་ཝ་རུ་ཎ་ཡེ། ཨོཾ་བ་ཡ་བཻ་ཡེ། ཨོཾ་ཀུ་བེ་ར་ཡེ། ཨོཾ་ཨུརྡྷཾ་པྲཧྨ་ཎ་ཡེ། སུརྱ་གྲ་ཧ་ཨ་ངྷི་བ་ཏ་ཡེ། ཙནྡྲ་ནཀྵ་ཏྲ་ཨ་དྷི་བ་ཏ་ཡེ། ཨོཾ་ཨརྡྷཱ་པྲི་ཐི་ཝཱི་བྷྱཿཨ་སུ་རེ་བྷྱ། ནཱ་གེ་བྷྱཿ ས་པཱ་རི་ཝཱ་ར་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། {ཞེས་མཆོད་ཡོན་དང།} ཀ་མ་ལ་ཡེ་སྟྭཾ། {ཞེས་གདམ་དབུལ།དེ་ནས།} ཨོཾ་རུ་ཏྲ་ཡེ། ཨོཾ་ཤ་ཏ་ས་ཧ་སྲ། ཨཀྵི་ཡེ། ཨོཾ་ཨགྣེ་ཡེ། ཨོཾ་ཡ་མ་ཡེ། ཨོཾ་ནཻ་རི་ཏེ་ཡེ། ཨོཾ་ཝ་རུ་ཎ་ཡེ། ཨོཾ་བ་ཡ་བཻ་ཡེ། ཨོཾ་ཀུ་བེ་ར་ཡེ། ཨོཾ་ཨུརྡྷཾ་པྲཧྨ་ཎ་ཡེ། སུརྱ་གྲ་ཧ་ཨ་ངྷི་བ་ཏ་ཡེ། ཙནྡྲ་ནཀྵ་ཏྲ་ཨ་དྷི་བ་ཏ་ཡེ། ཨོཾ་ཨརྡྷ་པྲི་ཐི་ཝཱི་བྷྱཿཨ་སུ་རེ་བྷྱཿནཱ་གེ་བྷྱཿ ས་པཱ་རི་ཝཱ་ར་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་ཨཱཿཧཱུཾ། ཨོཾ་པཱ་དྱཾ་ཨཱཿཧཱུཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨོཾ་བཛྲ་དྷུ་པེ་ཨཱཿཧཱུཾ། ཨོཾ་བཛྲ་ཨ་ལོ་ཀེ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཨོཾ་བཛྲ་ནཻ་ཝི་དྱེཨཱཿཧཱུཾ། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ དེ་ནས།࿉ དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །གཤིན་རྗེ་ལག་ན་བེ་ཅོན་འཆང། །མ་མོའི་རྒྱལ་པོ་གདོན་གྱི་བདག །ལྷོ་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ་གདོན་གྱི་བདག །ལྷོ་ནུབ་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞགས་པ་ཐོགས་པ་ཆུ་ཡི་ལྷ། །ཀླུ་ཡི་རྒྱལ་པོ་གདོན་གྱི་བདག །ནུབ་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །རླུང་དེ་སྲོག་ཀྱང་འཛིན་པའི་ལྷ། །རིག་འཛིན་རྒྱལ་པོ་གདོན་གྱི་བདག །ནུབ་བྱང་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །གནོད་སྦྱིན་ལག་ན་དབྱུག་པ་ཐོགས། །ནོར་སྐྱོང་གདོན་གྱི་བདག་པོ་སྟེ། །བྱང་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །དབང་དང་ལྡན་པ་འདྲེན་པའི་ལྷ། །འབྱུང་པོའི་རྒྱལ་པོ་གདོན་གྱི་བདག །བྱང་ཤར་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །སྟེང་གི་ཚངས་པ་ཆེན་པོ་དང་། །ཉི་མ་ཟླ་བ་གཟའ་ཆེན་པོ། །གཟའ་དང་རྒྱུ་སྐར་བཅས་པ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །འོག་གི་ཀླུ་སྟེ་ས་ཡི་ལྷ། །ས་འཛིན་ལག་པ་ཆེན་པོ་དང། །དམ་ཚིག་ཤེས་པའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །{ཞེས་པས་བསྟོད་དོ། གཏོར་མ་སྦྱིན་པ་ནི།}ཨོཾ་རུ་ཏྲ་ཡེ། ཨོཾ་ཤ་ཏ་ས་ཧ་སྲ། ཨཀྵི་ཡེ། ཨོཾ་ཨགྣེ་ཡེ། ཨོཾ་ཡ་མ་ཡེ། ཨོཾ་ནཻ་རི་ཏེ་ཡེ། ཨོཾ་ཝ་རུ་ཎ་ཡེ། ཨོཾ་བ་ཡ་བཻ་ཡེ། ཨོཾ་ཀུ་བེ་ར་ཡེ། ཨོཾ་ཨུརྡྷཾ་པྲཧྨ་ཎ་ཡེ། སུརྱ་གྲ་ཧ་ཨ་ངྷི་བ་ཏ་ཡེ། ཙནྡྲ་ནཀྵ་ཏྲ་ཨ་དྷི་བ་ཏ་ཡེ། ཨོཾ་ཨརྡྷ་པྲི་ཐི་ཝཱི་བྷྱཿ སུ་རེ་བྷྱ། ནཱ་གེ་བྷྱཿ ས་པཱ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏཱ་བྷྱོ་བི་ཤྭ་མུ་ཁཾ་བྷྱཿསརྦ་ཏད་ཁཾ་ཨུད་ག་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲིཧྣ་དཾ་བ་ལིཾ་ཏ་ཡེ་སྭཱ་ཧཱ།། {ཞེས་སོགས་གསུམ་དང།}࿉ ཤར་ཕྱོགས་རྡོ་རྗེ་ཅན་གྱི་ལྷ་ཚོགས་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་སྟེ། །དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང། །ལྷ་རྣམས་ཀུན་དང་ས་ཡི་ཀླུ་རྣམས་དང་། །རི་ཡི་ལྷ་དང་གནོད་སྦྱིན་ཚོགས་རྣམས་ལ། །སོ་སོ་སོ་སོར་གཏོར་མ་ཕུལ་བ་རྣམས། །རབ་ཏུ་དགྱེས་པ་ཡིས་ནི་བཞེས་ནས་ཀྱང། །རང་རང་ཕྱོགས་སུ་ལེགས་པར་བཞུགས་ནས་སུ། །རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་དང། །ནང་མི་དམག་དང་དཔུང་བཅས་ཐབས་ཅིག་ཏུ། །མེ་ཏོག་དྲི་དང་བདུག་པ་གཏོར་མར་བཅས། །འདི་རྣམས་བཏུང་ཤིང་ལེགས་པར་གསོལ་ནས་ཀྱང། །བདག་གི་ལས་འདིའི་འབྲས་བུ་མཆིས་པར་མཛོད། ། {ཅེས་པས་བསྔོ།} མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང། །དཔལ་དང་གྲགས་དང་སྐལ་བ་བཟང། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང། །གདོད་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་རྣམས་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང། །བདེ་ལེགས་ཕུན་སུམ་ཚོགས་པ་དང། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག། །{ཅེས་འཕྲིན་ལས་བཅོལ།} ༄༅།།ཆ་བཞི་བཞུགས་སོ། ༄༅། ། འདིར་ཆ་གསུམ་གཏོང་བར་འདོད་པས་གཏོར་མ་ཉེར་སྤྱོད་དང་བཅས་པ་ཕྱག་ལེན་བཞིན་བཤམ་ལ། མཆོད་པ་བྱིན་གྱིས་བརླབ་པ་ནི། ࿉ ཨོཾ་བཛྲ་ཡཀྵ་ཧཱུཾ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷ་རྨཱཿསྭབྷཱ་ཝ་ཤུདྡྷོཉ་ཧཾ། སྟོང་བ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོད། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཞིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུཾ། ཨོཾ་པཱ་དྱཾ་ཨཱཿཧཱུཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨོཾ་བཛྲ་དྷུ་པེ་ཨཱཿཧཱུཾ། ཨོཾ་བཛྲ་ཨ་ལོ་ཀེ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཨོཾ་བཛྲ་ནཻ་ཝི་དྱེཨཱཿཧཱུཾ། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། {དེ་ནས་གཏོར་མ་བྱིན་གྱིས་བརླབ་པ་ནི།} ཨོཾ་སྭབྷཱ་ཝ་བི་ཤུདྡྷེ་དྷརྨཱཿཏེ་བཛྲསིདྡྷི་ཧཱུཾ། ན་མཿསརྦ་ཏ་ཐ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏངྑཾ་ཨུད་ག་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་ངྷརྨཿཎཱཾ་ཨ་དྱ་ནུད་པན་ན་ཏྭད། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། ཨོཾ་རུ་རུ་སྤུ་རུ་ཛྭ་ལཱ་ཏིཥྠ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་ངྷ་ནི་སྭཱ་ཧཱ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམས་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག ། {དེ་ནས་སྤྱན་དྲང་བ་ནི།}࿉ མགོན་པོ་ཀུན་གཤེགས་གདན་ལ་བཞུགས། །ད་ལྟ་སྙིགས་མ་ལྔ་ཡི་དུས། །གཤེགས་ཤིང་བཞུགས་པའི་གནས་ངན་ཡང། །ཤཱཀྱའི་བསྟན་པ་སྲུང་བ་དང། །བདག་ཅག་རྣམས་ལ་ཕན་གདགས་ཕྱིར། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་དབང་དང་ལྡན། །སྙིང་རྗེ་ཐབས་མཁས་ཐུགས་དམ་བཀྱིལ་པོ་ཆེ། །ལྷ་དང་དྲང་སྲོང་ཡི་དྭགས་སྲིན་པོ་ཀླུ། །རིག་འཛིན་རྒྱལ་པོ་དང་ནི་གདོན་གྱི་བདག །དེ་དག་སོ་སོའི་དབང་པོའི་སྐུར་སྟོན་པ། །ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་བཞུགས་སོ་འཚལ། །བསྟན་པ་རྒྱས་པའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་ད་ཤ་དི་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར། ས་མ་ཡེ་སྭཱ་ཧཱ། ཨོཾ་རུ་ཏྲ་ཡེ། ཨོཾ་ཤ་ཏ་ས་ཧ་སྲ། ཨཀྵི་ཡེ། ཨོཾ་ཨགྣེ་ཡེ། ཨོཾ་ཡ་མ་ཡེ། ཨོཾ་ནཻ་རི་ཏེ་ཡེ། ཨོཾ་ཝ་རུ་ཎ་ཡེ། ཨོཾ་བ་ཡ་བཻ་ཡེ། ཨོཾ་ཀུ་བེ་ར་ཡེ། ཨོཾ་ཨུརྡྷཾ་པྲཧྨ་ཎ་ཡེ། སུརྱ་གྲ་ཧ་ཨ་ངྷི་བ་ཏ་ཡེ། ཙནྡྲ་ནཀྵ་ཏྲ་ཨ་དྷི་བ་ཏ་ཡེ། ཨོཾ་ཨརྡྷཱ་པྲི་ཐི་ཝཱི་བྷྱཿཨ་སུ་རེ་བྷྱ། ནཱ་གེ་བྷྱཿ ས་པཱ་རི་ཝཱ་ར་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། {ཞེས་མཆོད་ཡོན་དང།} ཀ་མ་ལ་ཡེ་སྟྭཾ། {ཞེས་གདམ་དབུལ།དེ་ནས།} ཨོཾ་རུ་ཏྲ་ཡེ། ཨོཾ་ཤ་ཏ་ས་ཧ་སྲ། ཨཀྵི་ཡེ། ཨོཾ་ཨགྣེ་ཡེ།ཨོཾ་ཡ་མ་ཡེ། ཨོཾ་ནཻ་རི་ཏེ་ཡེ། ཨོཾ་ཝ་རུ་ཎ་ཡེ། ཨོཾ་བ་ཡ་བཻ་ཡེ། ཨོཾ་ཀུ་བེ་ར་ཡེ། ཨོཾ་ཨུརྡྷཾ་པྲཧྨ་ཎ་ཡེ། སུརྱ་གྲ་ཧ་ཨ་ངྷི་བ་ཏ་ཡེ། ཙནྡྲ་ནཀྵ་ཏྲ་ཨ་དྷི་བ་ཏ་ཡེ། ཨོཾ་ཨརྡྷཱ་པྲི་ཐི་ཝཱི་བྷྱཿཨ་སུ་རེ་བྷྱ། ནཱ་གེ་བྷྱཿ ས་པཱ་རི་ཝཱ་ར་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། {ཞེས་མཆོད་ཡོན་དང།} ཀ་མ་ལ་ཡེ་སྟྭཾ། {ཞེས་གདམ་དབུལ།དེ་ནས།} ཨོཾ་རུ་ཏྲ་ཡེ། ཨོཾ་ཤ་ཏ་ས་ཧ་སྲ། ཨཀྵི་ཡེ། ཨོཾ་ཨགྣེ་ཡེ། ཨོཾ་ཡ་མ་ཡེ། ཨོཾ་ནཻ་རི་ཏེ་ཡེ། ཨོཾ་ཝ་རུ་ཎ་ཡེ། ཨོཾ་བ་ཡ་བཻ་ཡེ། ཨོཾ་ཀུ་བེ་ར་ཡེ། ཨོཾ་ཨུརྡྷཾ་པྲཧྨ་ཎ་ཡེ། སུརྱ་གྲ་ཧ་ཨ་ངྷི་བ་ཏ་ཡེ། ཙནྡྲ་ནཀྵ་ཏྲ་ཨ་དྷི་བ་ཏ་ཡེ། ཨོཾ་ཨརྡྷ་པྲི་ཐི་ཝཱི་བྷྱཿཨ་སུ་རེ་བྷྱཿནཱ་གེ་བྷྱཿ ས་པཱ་རི་ཝཱ་ར་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་ཨཱཿཧཱུཾ། ཨོཾ་པཱ་དྱཾ་ཨཱཿཧཱུཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨོཾ་བཛྲ་དྷུ་པེ་ཨཱཿཧཱུཾ། ཨོཾ་བཛྲ་ཨ་ལོ་ཀེ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཨོཾ་བཛྲ་ནཻ་ཝི་དྱེཨཱཿཧཱུཾ། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ དེ་ནས།࿉ དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །གཤིན་རྗེ་ལག་ན་བེ་ཅོན་འཆང། །མ་མོའི་རྒྱལ་པོ་གདོན་གྱི་བདག །ལྷོ་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ་གདོན་གྱི་བདག །ལྷོ་ནུབ་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞགས་པ་ཐོགས་པ་ཆུ་ཡི་ལྷ། །ཀླུ་ཡི་རྒྱལ་པོ་གདོན་གྱི་བདག །ནུབ་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །རླུང་དེ་སྲོག་ཀྱང་འཛིན་པའི་ལྷ། །རིག་འཛིན་རྒྱལ་པོ་གདོན་གྱི་བདག །ནུབ་བྱང་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །གནོད་སྦྱིན་ལག་ན་དབྱུག་པ་ཐོགས། །ནོར་སྐྱོང་གདོན་གྱི་བདག་པོ་སྟེ། །བྱང་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །དབང་དང་ལྡན་པ་འདྲེན་པའི་ལྷ། །འབྱུང་པོའི་རྒྱལ་པོ་གདོན་གྱི་བདག །བྱང་ཤར་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །སྟེང་གི་ཚངས་པ་ཆེན་པོ་དང་། །ཉི་མ་ཟླ་བ་གཟའ་ཆེན་པོ། །གཟའ་དང་རྒྱུ་སྐར་བཅས་པ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །འོག་གི་ཀླུ་སྟེ་ས་ཡི་ལྷ། །ས་འཛིན་ལག་པ་ཆེན་པོ་དང། །དམ་ཚིག་ཤེས་པའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །{ཞེས་པས་བསྟོད་དོ། གཏོར་མ་སྦྱིན་པ་ནི།}ཨོཾ་རུ་ཏྲ་ཡེ། ཨོཾ་ཤ་ཏ་ས་ཧ་སྲ། ཨཀྵི་ཡེ། ཨོཾ་ཨགྣེ་ཡེ། ཨོཾ་ཡ་མ་ཡེ། ཨོཾ་ནཻ་རི་ཏེ་ཡེ། ཨོཾ་ཝ་རུ་ཎ་ཡེ། ཨོཾ་བ་ཡ་བཻ་ཡེ། ཨོཾ་ཀུ་བེ་ར་ཡེ། ཨོཾ་ཨུརྡྷཾ་པྲཧྨ་ཎ་ཡེ། སུརྱ་གྲ་ཧ་ཨ་ངྷི་བ་ཏ་ཡེ། ཙནྡྲ་ནཀྵ་ཏྲ་ཨ་དྷི་བ་ཏ་ཡེ། ཨོཾ་ཨརྡྷ་པྲི་ཐི་ཝཱི་བྷྱཿ སུ་རེ་བྷྱ། ནཱ་གེ་བྷྱཿ ས་པཱ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏཱ་བྷྱོ་བི་ཤྭ་མུ་ཁཾ་བྷྱཿསརྦ་ཏད་ཁཾ་ཨུད་ག་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲིཧྣ་དཾ་བ་ལིཾ་ཏ་ཡེ་སྭཱ་ཧཱ།། {ཞེས་སོགས་གསུམ་དང།}࿉ ཤར་ཕྱོགས་རྡོ་རྗེ་ཅན་གྱི་ལྷ་ཚོགས་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་སྟེ། །དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང། །ལྷ་རྣམས་ཀུན་དང་ས་ཡི་ཀླུ་རྣམས་དང་། །རི་ཡི་ལྷ་དང་གནོད་སྦྱིན་ཚོགས་རྣམས་ལ། །སོ་སོ་སོ་སོར་གཏོར་མ་ཕུལ་བ་རྣམས། །རབ་ཏུ་དགྱེས་པ་ཡིས་ནི་བཞེས་ནས་ཀྱང། །རང་རང་ཕྱོགས་སུ་ལེགས་པར་བཞུགས་ནས་སུ། །རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་དང། །ནང་མི་དམག་དང་དཔུང་བཅས་ཐབས་ཅིག་ཏུ། །མེ་ཏོག་དྲི་དང་བདུག་པ་གཏོར་མར་བཅས། །འདི་རྣམས་བཏུང་ཤིང་ལེགས་པར་གསོལ་ནས་ཀྱང། །བདག་གི་ལས་འདིའི་འབྲས་བུ་མཆིས་པར་མཛོད། ། {ཅེས་པས་བསྔོ།} མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང། །དཔལ་དང་གྲགས་དང་སྐལ་བ་བཟང། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང། །གདོད་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་རྣམས་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང། །བདེ་ལེགས་ཕུན་སུམ་ཚོགས་པ་དང། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག། །{ཅེས་འཕྲིན་ལས་བཅོལ།} ࿉ ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡང་དང་འདབ་བཟང་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བུ་སྨད་བཅས་ཤིང་གཡོག་འཁོར་ཚོགས་བཅས་ལ། །བདག་གི་བུས་མོ་ས་ལ་གཙུགས་ནས་ནི། །ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་འདེབས་ཀྱིས། །གསན་ནས་ཕན་གདགས་སླད་དུ་འདིར་སྦྱོན་ཅིག ། ཨོཾ་ཨེ་ཧྱེ་ཧི་ལོ་ཀ་ཀཱ་ར་ཡ། དེ་བ། ནཱ་ག ཡཀྵ། གནྡྷར་བྷ། ཨ་སུ་ར། ག་རུ་ཌ། ཀིནྣ་ར། མ་ཧཱོ་ར་ག། མ་ནུ་ཥ། ཨ་མ་ནུ་ཥ། ས་པཱ་རི་ཝཱ་ར་ས་མ་ཡེ་སྭཱ་ཧཱ།ཨོཾ་དེ་བ། ནཱ་ག ཡཀྵ། གནྡྷར་བྷ། ཨ་སུ་ར། ག་རུ་ཌ། ཀིནྣ་ར། མ་ཧཱོ་ར་ག། མ་ནུ་ཥ། ཨ་མ་ནུ་ཥ། ས་པཱ་རི་ཝཱ་ར་པྲ་ཝཱ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། {ཞེས་མཆོད་ཡོན་དང།} ཀ་མ་ལ་ཡེ་སྟྭཾ། {ཞེས་གདན་ཕུལ།}ཨོཾ་དེ་བ། ནཱ་ག ཡཀྵ། གནྡྷར་བྷ། ཨ་སུ་ར། ག་རུ་ཌ། ཀིནྣ་ར། མ་ཧཱོ་ར་ག མ་ནུ་ཥ། ཨ་མ་ནུ་ཥ། ས་པཱ་རི་ཝཱ་ར་པྲ་ཝཱ་ར་སད་ཀ་རཾ་ཨརྒྷཾ་ ནས་ ཤཔྟའི་{བར་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད།}ཨོཾ་དེ་བ། ནཱ་ག ཡཀྵ། གནྡྷར་བྷ། ཨ་སུ་ར།ག་རུ་ཌ། ཀིནྣ་ར།མ་ཧཱོ་ར་ག། མ་ནུ་ཥ། ཨ་མ་ནུ་ཥ། ས་པཱ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏཱ་བྷྱོ་བི་ཤྭ་མུ་ཁཾ་བྷྱཿསརྦ་ཏད་ཁཾ་ཨུད་ག་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲིཧྣ་དཾ་བ་ལིཾ་ཏ་ཡེ་སྭཱ་ཧཱ།། {ཞེས་སོགས་གསུམ་གྱིས་གཏོར་མ་ཕུལ་ནས།} ࿉ འབྱུང་པོ་གང་དག་རི་རབ་སྟེང་གནས་དང་། །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང་། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་། །རི་བོ་ཀུན་ལ་གང་དག་གནས་པ་དང་། །རིན་ཆེན་གླིང་ན་ལྷག་པར་གང་གནས་དང་། །ཆུ་བོ་ཀུན་དང་ཆུ་བོའི་མདོ་རྣམས་དང་། །མཚོ་དང་རྫིང་བུ་ལྟེང་ཀ་ཆུ་ངོགས་དང་། །གཡའ་ཆུ་བསིལ་མ་ཅན་ན་གང་གནས་དང་། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་པ་དང་། །ཁང་སྟོང་དག་དང་ལྷ་ཡི་ཁང་པ་དང་། །གཙུག་ལག་ཁང་དང་མཆོད་རྟེན་གནས་རྣམས་དང་། །དཀའ་ཐུབ་གནས་དང་གླང་ཆེན་བྲེས་རྣམས་དང་། །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང་། །ལམ་སྲང་སུམ་མདོ་དང་ནི་བཞི་མདོ་དང་། །གང་དག་ལམ་ཆེན་དང་ནི་ཤིང་གཅིག་དྲུང་། །དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང་། །སེང་གེ་དྲེད་དང་གཅན་གཟན་གནས་དག་དང་། །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང་། །གང་དག་གླིང་མཆོག་དག་ན་གནས་པ་དང་། །ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགྱེས་ཤིང་མགུ་བར་གྱུར་ནས་སུ། །ཕྲེང་བ་མེ་ཏོག་དྲི་དང་བདུག་པར་བཅས། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་བཏུང་ཞིང་ལེགས་པར་གསོལ་ནས་ཀྱང་། །བདག་གི་ལས་ཀྱི་འབྲུས་བུ་མཆིས་པར་མཛོད། །{ཅེས་འཕྲིན་ལས་བཅོལ་ལ།} རང་ཉིད་སྐད་ཅིག་གིས་ཧཱུཾ་མཛད་དུ་གྱུར་{བར་བསམས་ལ།ཁྲོ་པོ་འདོད་རྒྱལ་གྱི་ཕྱག་རྒྱ་བྱས་ཏེ།} སངས་རྒྱས་ཀྱི་བདེན་པ་དང་། ཆོས་གྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། གསང་སྔགས་དང་། རིགས་སྔགས་རྣམས་ཀྱི་བྱིན་གྱིས་བརླབས་ཀྱིས་བགེགས་ཀྱི་རིགས་གང་ཡིན་པ་དེ་དག་ཐམས་ཅད་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་མཆོད་སྦྱིན་གྱི་གཏོར་མ་འདི་སྟེར་པའི་མགྲོན་དུ་མཆིས་པར་གྱུར། ཨོཾ་ཊཀྐི་ཧཱུཾ་ཛཿ {ཞེས་བགེགས་འཁོར་བཅས་མདུན་དུ་བཀུག་པར་བསམ།} ཨོཾ་གུང་ཀ་རི་གུང་ཀ་རི་སྭཱ་ཧཱ། ཨོཾ་པི་ཙི་པི་ཙི་སྭཱ་ཧཱ། ཨོཾ་གུང་གུང་སྭཱ་ཧཱ། ས་པཱ་རི་ཝཱ་ར་པྲ་ཝཱ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། {ཞེས་མཆོད་ཡོན་དང་།} ཀ་མ་ལ་ཡེ་སྟྭཾ། {ཞེས་དབུལ།}ཨོཾ་གུང་ཀ་རི་གུང་ཀ་རི་སྭཱ་ཧཱ། ཨོཾ་པི་ཙི་པི་ཙི་སྭཱ་ཧཱ། ཨོཾ་གུང་གུང་སྭཱ་ཧཱ། ས་པཱ་རི་ཝཱ་ར་པུཥྤེ་{ སོགས་ཉེར་སྤྱོད་རོལ་མོ་དང་བཅས་བ་གོང་བཞིན་དབུལ།}ཨོཾ་གུང་ཀ་རི་གུང་ཀ་རི་སྭཱ་ཧཱ། ཨོཾ་པི་ཙི་པི་ཙི་སྭཱ་ཧཱ། ཨོཾ་གུང་གུང་སྭཱ་ཧཱ། ས་པཱ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏཱ་བྷྱོ་བི་ཤྭ་མུ་ཁཾ་བྷྱཿསརྦ་ཏད་ཁཾ་ཨུད་ག་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲིཧྣ་དཾ་བ་ལིཾ་ཏ་ཡེ་སྭཱ་ཧཱ།། {ཞེས་སོགས་གསུམ་གྱིས་གཏོར་མ་དབུལ།} ࿉ གང་ཞིག་མཚན་མོ་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང་། །སྲིན་པོ་ཤ་རྗེན་ཟ་བ་དང་། །སེམས་ཅན་རྣམ་པ་སྣ་ཚོགས་དང་། །ལྗོན་ཤིང་གེལ་པ་སོགས་གནས་པ། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་བཅས། །འབྲས་ཆེན་འབྲས་བུ་མང་པོ་དང། །མཆོད་པ་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམ་པ་ཞི་བ་དང་། །བདག་ཅག་རྣམས་ལ་ཕན་པའི་ཡིད། །དེ་རིང་ཕན་ཆད་བསྐྱེད་པར་གྱིས། །རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང་། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེ་དེ། །མཚོན་ཆས་མི་འཇིགས་གང་ཡང་མེད། །འཚོ་བའི་སྲོག་ལ་ཀུན་ཀྱང་འཛེམ། །རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཨོཾ་ཆེན་པོའམ་ཆུང་ངུ་གང་དག་གི །ལུས་ལ་མངོན་པར་གནོད་གྱུར་པའི། །ནད་དེ་ཉེ་བར་ཕྱུང་ནས་སུ། །གདོན་དེ་རང་གི་གནས་སུ་དེངས། །དེ་ལྟར་བདག་གིས་ཅི་ནུས་ཀྱིས། །མཆོད་དང་བརྙེན་བསྐུར་བྱས་པ་ཡིས། །དམ་ཚིག་གནས་ལ་གནས་ནས་སུ། །བདག་གི་འདོད་པ་བསྐོང་བར་མཛོད། །རྟག་ཏུ་དམ་ཚིག་ལ་གནས་ཤིང་། །འདིར་ནི་ཡོན་མཆོད་འཁོར་བཅས་ཀྱི། །བར་ཆད་ཉེ་བར་སོལ་མཛོད་ལ། །གདོན་རྣམས་རང་གི་གནས་སུ་དེངས། །སརྦ་བིགྷྣནག་ཙྪ། ཞེས་བགེགས་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར་པར་བསམས་ལ། ཨོཾ་དེ་བ། ནཱ་ག ཡཀྵ། གནྡྷར་བྷ། ཨ་སུ་ར། ག་རུ་ཌ། ཀིནྣ་ར། མ་ཧཱོ་ར་ག། མ་ནུ་ཥ། ཨ་མ་ནུ་ཥ། ས་པཱ་རི་ཝཱ་ར་པྲ་ཝཱ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། གཙྪ། ཞེས་སྡེ་བརྒྱད་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར་པར་བསམ་ལ། ཨོཾ་རུ་ཏྲ་ཡེ། ཨོཾ་ཤ་ཏ་ས་ཧ་སྲ། ཨཀྵི་ཡེ། ཨོཾ་ཨགྣེ་ཡེ། ཨོཾ་ཡ་མ་ཡེ། ཨོཾ་ནཻ་རི་ཏེ་ཡེ། ཨོཾ་ཝ་རུ་ཎ་ཡེ། ཨོཾ་བ་ཡ་བཻ་ཡེ། ཨོཾ་ཀུ་བེ་ར་ཡེ། ཨོཾ་ཨུརྡྷཾ་པྲཧྨ་ཎ་ཡེ། སུརྱ་གྲ་ཧ་ཨ་ངྷི་པ་ཏ་ཡེ། ཙནྡྲ་ནཀྵ་ཏྲ་ཨ་དྷི་བ་ཏ་ཡེ། ཨོཾ་ཨརྡྷ་པྲི་ཐི་ཝཱི་དྷྱ་ཨ་སུ་རེ་བྷྱ། ནཱ་གེ་བྷྱཿ ས་པཱ་རི་ཝཱ་ར་པྲ་ཝཱ་སད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། གཙྪ། ཕྱོགས་སྐྱོང་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར། ན་མཿས་མནྟ་བུདྡྷ་ནཾ། སརྦ་ཏ་ཐཱ་ག་ཏཱ་ཨ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། {ཞེས་ལན་གསུམ་གྱིས་ཡི་དྭགས་རྣམས་ལ་གཏོར་མ་བྱིན།} བྲེ་ཏ་བྷྱཿཡི་དྭགས་རྣམས་གཏོར་མའི་མཉེས་ཤིང་ཚིམ་ནས་རང་གནས་སུ་གཤེགས་པར་གྱུར་བར་བསམ࿉ སྦྱིན་པ་རྒྱ་ཆེན་གྱུར་བ་འདི་ཡིས་མཐུས། །འགྲོ་བའི་དོན་དུ་རང་བྱུང་སངས་རྒྱས་ཤོག །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་གྲོལ་བའི། །སྐྱེ་བོའི་ཚོགས་རྣམས་སྦྱིན་པས་གྲོལ་གྱུར་ཅིག། ༄༅།།ལན་ཆགས་གཏོར་མ་གཏོང་ཚུལ་བཞུགས་སོ།། ༄༅།། ན་མོ་གུ་རུ། འདིར་ལན་ཆགས་གཏོར་མ་གཏོང་བར་འདོད་པས། གནས་དབེན་ཞིང་གཙང་བའི་ཕྱོགས་སུ། གཏོ་མའི་རྒྱུ་བག་ཟན་གྱི་རིལ་བུའམ་དཀར་གསུམ་མམ་འབྲས་ཆན་ལྟ་བུ་ཤ་ཆང་སྒོག་ཙོང་སོགས་ཀྱིས་མ་སྦགས་པ། གཏོར་ཆུ་ཆུ་གཙང་། གཏོར་སྣོད་གསེར་དངུལ་ཟངས་སོགས་ཀྱི་གཏོར་ཐེབ་གས་ཆག་མེད་པའི་གཙང་མ། གཏོར་སྟེགས་ཏིང་ཤག་སོགས་ཡོ་བྱད་ཐམས་ཅད་ཚོགས་སུ་ཚུད་པར་བྱས་ཏེ། གཏོར་མ་ཚར་གཅིག་གཏོང་ན་གཏོར་སྣོད་གཅིག་ཏུ་གཏོར་རྫས་རིལ་བུ་སོགས་གང་ཡིན་པ་བླུག་པའི་སྟེང་དུ་ཆུ་གཙང་བླུག་སྟེ་བཤམས་ལ། སྐྱབས་སེམས་ཚད་མེད་བཞི་སྒོམ་པ་སྔོན་དུ་བཏང་། བདག་བསྐྱེད་སྤྱན་རས་གཟིགས་ཀྱི་མངོན་རྟོགས་རྒྱས་པ་སྒོམ་པར་འདོད་ན་བརྒྱ་རྩའི་ཆོ་ག་གཞིན་ལས་འབྱུང་བ་ལྟར་བསྒོམ་པར་བྱ་ཞིང་། བསྡུས་པ་ལ་སྤྲོ་ན། ࿉ རང་ཉིད་སྐད་ཅིག་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཏུ་གྱུར་པའི་ཐུགས་ཀའི་ཧྲཱིཿཡིག་གི་འོད་ཟེར་གྱིས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དབང་ལྷ་དང་བཅས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿཡེ་ཤེས་པ་རང་དང་གཉིས་སུ་མེད་པར་གྱུར། དབང་ལྷས་དབང་བསྐུར་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། ཨོཾ་ཨཱརྱ་ལོ་ཀེ་ཤྭ་རེ་ཨརྒྷཾ་ ནས་ ཤཔྟ་པྲ་ཏི་ཙྪ་ཧཱུཾ་སྭཱ་ཧཱ། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། ། ནས་ ཕྱག་འཚལ་ལོ། །བདག་དང་རྒྱུ་སྦྱོར་སྦྱིན་བདག་ལ། །ཐོག་མེད་དུས་ནས་ལན་ཆགས་དང་། །ཤ་འཁོན་ཡོད་པའི་མགྲོན་ཐམས་ཅད། །འདིར་འདུས་མདུན་དུ་འཁོད་པར་གྱུར། །ཅེས་མགྲོན་རྣམས་བཀུག ࿉ ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ་ཉ་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་ལྷ་རྫས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། {ལན་གསུམ་བརྗོད་དེ་གཏོར་མ་བྱིན་གྱིས་རླབས།} ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀེ་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། {ལན་བདུན་ནམ་གསུམ་དང་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད།} དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །བདུད་བརྩི་རྒྱ་མཚོའི་གཏོར་མ་འདི། །ལན་ཆགས་གཉེར་བ་རྣམས་ལ་འབུལ། །བཞེས་ནས་ལན་ཆགས་བུ་ལོན་ཁྱེར། །ཤ་འཁོན་སྒྲིབ་གཉིས་དག་གྱུར་ཅིག །ཅེས་བརྗོད་དེ་བསྔོ། གཏོར་མ་ཚར་མང་པོ་གཏོང་ན་སྔ་མ་གཤེགས་ཏེ་ཕྱི་མ་བཤམས་ལ། ࿉ ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ་ཉ་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་ལྷ་རྫས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། {ལན་གསུམ་བརྗོད་དེ་གཏོར་མ་བྱིན་གྱིས་རླབས།} ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀེ་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། {ལན་བདུན་ནམ་གསུམ་དང་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད།} དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །བདུད་བརྩི་རྒྱ་མཚོའི་གཏོར་མ་འདི། །ལན་ཆགས་གཉེར་བ་རྣམས་ལ་འབུལ། །བཞེས་ནས་ལན་ཆགས་བུ་ལོན་ཁྱེར། །ཤ་འཁོན་སྒྲིབ་གཉིས་དག་གྱུར་ཅིག །ཅེས་པའི་བར་སྔ་མ་ལྟར་བརྗོད་དེ་བསྔོ། དེ་ལྟ་བུའི་ཚུལ་གྱིས་ཚར་གསུམ། བདུན་ཉེར་གཅིག་ལྔ་བཅུ། བརྒྱ་རྩ་བརྒྱད་སོགས་ཅི་ཙམ་བསྔོ་བར་འདོད་པ་བསྔོ་མཐར། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། ། ཞེས་པ་ནས། འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་པའི་བར་བརྗོད་དེ་ཆོས་སྦྱིན་བྱ། བཛྲ་མུཿ ཞེས་བརྗོད་དེ་མགྲོན་རྣམས་རང་གནས་སུ་སོང་བར་བསམ། སྦྱིན་པ་སྟོབས་ཆེན་འདི་ཡི་མཐུས། །སྦྱིན་བདག་འཁོར་དང་བཅས་རྣམས་ལ། །ཚེ་འདིར་བསམ་པའི་དོན་འགྲུབ་ཅིང་། །བར་ཆད་ཞི་ནས་བཀྲ་ཤིས་པ། །བསམ་པ་ཆོས་བཞིན་འགྲུབ་པར་ཤོག །དགེ་བ་འདི་ཡིས་སྐྱེ་བོ་ཀུན། ། ཞེས་པ་ནས། དམ་པ་སྐུ་གཉིས་ཐོབ་པར་ཤོག །ཅེས་སོགས་བསྔོ་སྨོན་བྱ། ཅེས་པ་འདི་ཡང་དོན་གཉེར་ཅན་འགའ་ཞིག་གིས་བསྐུལ་པའི་ངོར་སྙོམ་ལས་བ་བློ་བཟང་ཆོས་ལྡན་གྱིས་མཚོ་བདུན་གྱི་ལྷ་ཁང་ཆེན་པོར་སྦྱར་བའི་ཡི་གེ་པ་ནི་དཔྱོད་ལྡན་དགེ་ཚུལ་དཔལ་བཟང་ངོ་། སྐུ་འབུམ་བྱམས་པ་གླིང་དུ་དཔར་དུ་བསྒྲུབས་པའོ།། །། ༄༅།། འབྱུང་བཞིའི་གཏོར་མ་གཏོང་ཚུལ་ལེ་ཚན་གཉིས་བཞུགས་སོ།། ༄༅།།ན་མོ་གུ་ར་མཉྫུ་གྷོཥཱ་ཡ། འབྱུང་བཞི་གཏོར་མ་གཏོང་བར་འདོད་པས། གཏོར་སྣོད་རྣམས་སུ་རིམ་པ་བཞིན། གཏོར་མ་ཟན་ལེབ་བྱས་པའི་ཟླ་གམ། གྲུ་གསུམ། ཟླུམ་པོ། གྲུ་བཞིའི་དབྱིབས་ཅན་དང་། ཟན་རིལ་རྣམས་བཤམས། སྣོད་གཅིག་ཏུ་བྱེད་ན་ཟླུམ་གཏོར་དབུས་སུ་བྱས་བའི་མདུན་ནས་གཡས་བསྐོར་དུ་འགོད་ཅིང་ནད་པའི་ཕྱིར་ཡིན་ན་གླུད་ཀྱི་གཟུགས་ཀྱང་བྱའོ།། དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྔོན་དུ་བཏང་། ࿉ སྭབྷཱ་ཝས་སྟོང་བར་སྦྱངས། {འཇུགས་པ་བདེ་བའི་ཕྱིར་འདི་ལྟར་བརྗོད་ཅིང་བསམ་མོ།།} བདག་དང་རང་གི་མདུན་གྱི་མཁའ་དབྱིངས་སུ། །རིན་ཆེན་ཁྲི་སྟེང་པདྨ་ཉི་ཟླ་དང་། །ཀྲྀཥྞ་ས་རིའི་པགས་སྟེང་དུས་གསུམ་གྱི། །རྒྱལ་བའི་ངོ་བོ་དམ་པ་རྒྱ་གར་ལ། །བདེ་གཤེགས་རིགས་ལྔ་སྐྱབས་གསུམ་བཀའ་སྡོད་བཅས། །འཁོར་ཚོགས་རྒྱ་མཚོས་བསྐོར་ནས་བཞུགས་པར་གྱུར། །རང་བཞིན་གནས་ནས་བསྒོམས་པ་དང་འདྲ་བའི། །ཡེ་ཤེས་སྤྱན་དྲངས་བདག་མདུན་གཉིས་ཀར་ཐིམ། །གང་ཞིག་བསོད་ནམས་མཐུ་ལས་གྲུབ་པའི་སྐུ། །ཡོན་ཏན་དུ་མའི་ཚོགས་ཀྱིས་རབ་བརྒྱན་ཅིང་། །བལྟ་བས་མི་ངོམས་མཚན་དཔེའི་དཔལ་འབར་བ། །རྩོད་མེད་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དངོས་བཤམས་ཡིད་སྤྲུལ་མཆོད་པ་མ་ལུས་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །སྐྱེ་འཕགས་དགེ་བ་རྣམས་ལ་རྗེས་ཡི་རིངས། །འཁོར་བ་མ་སྟོངས་བར་དུ་ལེགས་བཞུགས་ནས། །འགྲོ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །བདག་གཞན་དགེ་བ་བྱང་ཆུབ་ཕྱིར་བསྔོའོ། །རྗེ་བཙུན་དམ་པ་སངས་རྒྱས་ཉི་ཟླ་ལྟར། །ཡོངས་གྲགས་འཛམ་གླིང་རྒྱན་གཅིག་མི་ཕམ་མགོན། །གསོལ་བ་འདེབས་སོ་བདག་དང་སེམས་ཅན་རྣམས། །སྲུང་སྐྱོབ་མཛད་ཅིང་དངོས་གྲུབ་མ་ལུས་སྩོལ། ། ࿉ གཏོར་མ་རྣམས་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་བའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཡཾ་རཾ་བཾ་ལཾ་ལས་བྱུང་བའི་འབྱུང་བཞི་སོ་སོའི་གཏོར་མ་ཁ་ཏོག་དྲི་རོ་ནུས་པའི་ཡོན་ཏན་མཐའ་ཡས་པ་རྒྱ་ནམ་མཁའ་དང་མཉམ་པ། དུས་འཁོར་བ་ཇི་སྲིད་དུ་གནས་པ། འདོད་ཡོན་ལྔ་དང་ལྡན་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་{ལན་གསུམ་གྱིས་བྱིན་གྱིས་རླབས། དེ་ནས་ཐོག་མར་ཟླ་གམ་གཟུགས་ཀྱི་གཏོར་མ་ལ་དམིགས་ཏེ།} ཨོཾ་ཊ་ཋ་ཌ་ཌྷ་ན་ཡཾ། ཨོ་ཨཽ་སྭཱ་ཧཱ། ལན་གསུམ་མམ་བདུན་གྱིས་བསྔོ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ཡཾ་ལས་བྱུང་བའི་རླུང་རྫས་བཻ་ཊཱུརྱའི། །མདོག་ཅན་ཡང་ཞིང་གཡོ་བའི་གཏོར་མའི་ཚོགས། །འདོད་ཡོན་ལྔ་ལྡན་བདུད་རྩིའི་རྒྱ་མཚོ་འདི། །བླ་མ་རྡོ་རྗེ་སེམས་དཔའ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་སངས་རྒྱས་ཆོས་ཚོགས་དང་། །ཁྱད་པར་ཤར་ཕྱོགས་རྡོ་རྗེ་སེམས་དཔའ་ཡི། །ལྷ་ཚོགས་འཁོར་དང་བཅས་ལ་མཆོད་པར་འབུལ། །བཞེས་ནས་བདག་ཅག་འབྱུང་བཞི་སྙོམས་པ་དང་། །སྣང་བ་རྟེན་འབྲེལ་འཆར་ཞིང་རྟེན་འབྲེལ་གྱི། །སྒོ་ནས་འགྲོ་དོན་མཐའ་ཡས་འགྲུབ་པར་མཛོད། །ཁྱད་པར་བདག་དང་མར་གྱུར་སེམས་ཅན་གྱི། ། {ཞེས་པའམ། འགྲོ་བ་ཆེ་གེ་མོའི་སོགས་སྐབས་དང་སྦྱར།} ཉོན་མོངས་ཞེ་སྡང་གཏི་མུག་ཞི་བ་དང་། །རླུང་ནད་རྒྱལ་འགོང་ལྷ་ཡི་གདོན་རྣམས་དང་། །ཤར་ཕྱོགས་དྲི་ཟའི་གདོན་རྣམས་ཞི་བར་མཛོད། ། {ཅེས་འཕྲིན་ལས་བཅོལ། དེ་ནས་གྲུ་གསུམ་ལ་དམིགས་ཏེ།} ཨོཾ་ཙ་ཚ་ཛ་ཛྷ་ཉ་རཾ། ཨེ་ཨཻ་རྀ་རྀ་སྭཱ་ཧཱ། {གསུམ་མམ་བདུན་གྱིས་བསྔོ། སྔར་བཞིན་མཆོད།} རཾ་ལས་བྱུང་བའི་མེ་རྫས་ལི་ཁྲི་ཡི། མདོག་ཅན་ཚ་ཞིང་འབར་བའི་གཏོར་མའི་ཚོགས། །འདོད་ཡོན་ལྔ་ལྡན་བདུད་རྩིའི་རྒྱ་མཚོ་འདི། །བླ་མ་རིན་ཆེན་འབྱུང་ལྡན་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་སངས་རྒྱས་ཆོས་ཚོགས་དང་། །ཁྱད་པར་ལྷོ་ཕྱོགས་རིན་ཆེན་འབྱུང་ལྡན་གྱི། །ལྷ་ཚོགས་འཁོར་དང་བཅས་ལ་མཆོད་པར་འབུལ། །བཞེས་ནས་བདག་ཅག་འབྱུང་བཞི་སྙོམས་པ་དང་། །སྣང་བ་རྟེན་འབྲེལ་འཆར་ཞིང་རྟེན་འབྲེལ་གྱི། །སྒོ་ནས་འགྲོ་དོན་མཐའ་ཡས་འགྲུབ་པར་མཛོད། །ཁྱད་པར་བདག་དང་མར་གྱུར་སེམས་ཅན་གྱི། །ཉོན་མོངས་ང་རྒྱལ་སེར་སྣ་ཞི་བ་དང་། །མཁྲིས་ནད་བདུད་བཙན་ཕོ་ཡི་གདོན་རྣམས་དང་། །ལྷོ་ཕྱོགས་གཤིན་རྗེའི་གནོད་པ་ཞི་བར་མཛོད། ། {ཅེས་འཕྲིན་ལས་བཅོལ། དེ་ནས་ཟླུམ་པོ་ལ་དམིགས་ནས།} ཨོཾ་པ་ཕ་བ་བྷ་མ་བཾ། ཨུ་ཨཱུ་སྭཱ་ཧཱ། {གསུམ་མམ་བདུན་གྱིས་བསྔོ། སྔར་ལྟར་མཆོད།} བཾ་ལས་བྱུང་བའི་ཆུ་རྫས་ཟླ་ཤེལ་གྱི། །མདོག་ཅན་བརླན་ཞིང་གཤེར་བའི་གཏོར་མའི་ཚོགས། །འདོད་ཡོན་ལྔ་ལྡན་བདུད་རྩིའི་རྒྱ་མཚོ་འདི། །བླ་མ་སྣང་བ་མཐའ་ཡས་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་སངས་རྒྱས་ཆོས་ཚོགས་དང་། །ཁྱད་པར་ནུབ་ཕྱོགས་སྣང་བ་མཐའ་ཡས་ཀྱི། །ལྷ་ཚོགས་འཁོར་དང་བཅས་ལ་མཆོད་པར་འབུལ། །བཞེས་ནས་བདག་ཅག་འབྱུང་བཞི་སྙོམས་པ་དང་། །སྣང་བ་རྟེན་འབྲེལ་འཆར་ཞིང་རྟེན་འབྲེལ་གྱི། །སྒོ་ནས་འགྲོ་དོན་མཐའ་ཡས་འགྲུབ་པར་མཛོད། །ཁྱད་པར་བདག་དང་མར་གྱུར་སེམས་ཅན་གྱི། །ཉོན་མོངས་འདོད་ཆགས་མ་ལུས་ཞི་བ་དང་། །གྲང་ནད་དམ་སྲི་མོ་གདོན་གནོད་པ་དང་། །ནུབ་ཕྱོགས་ཀླུ་གདོན་ཞི་བར་མཛད་དུ་གསོལ། ། {ཞེས་འཕྲིན་ལས་བཅོལ།དེ་ནས་གྲུ་བཞི་ལ་དམིགས་ཏེ།} ཨོཾ་ཏ་ཐ་ད་དྷ་ན་ལཾ། ལྀ་ལཱྀ་ཨི་ཨཱི་སྭཱ་ཧཱ། {གསུམ་མམ་བདུན་གྱིས་བསྔོ། སྔར་བཞིན་མཆོད} ལཾ་ལས་བྱུང་བའི་ས་རྫས་གསེར་སྦྱངས་ཀྱི། །མདོག་ཅན་སྲ་ཞིང་མཐས་པའི་གཏོར་མའི་ཚོགས། །འདོད་ཡོན་ལྔ་ལྡན་བདུད་རྩིའི་རྒྱ་མཚོ་འདི། །བླ་མ་དོན་ཡོད་གྲུབ་པ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་སངས་རྒྱས་ཆོས་ཚོགས་དང་། །ཁྱད་པར་བྱང་ཕྱོགས་དོན་ཡོད་གྲུབ་པ་ཡི། །ལྷ་ཚོགས་འཁོར་དང་བཅས་ལ་མཆོད་པར་འབུལ། །བཞེས་ནས་བདག་ཅག་འབྱུང་བཞི་སྙོམས་པ་དང་། །སྣང་བ་རྟེན་འབྲེལ་འཆར་ཞིང་རྟེན་འབྲེལ་གྱི། །སྒོ་ནས་འགྲོ་དོན་མཐའ་ཡས་འགྲུབ་པར་མཛོད། །ཁྱད་པར་བདག་དང་མར་གྱུར་སེམས་ཅན་གྱི། །ཉོན་མོངས་ཕྲག་དོག་མ་ལུས་ཞི་བ་དང་། །བད་ཀན་ནད་དང་ལྟོ་འཕྱེའི་གདོན་རྣམས་དང་། །བྱང་ཕྱོགས་གནོད་སྦྱིན་གདོན་རྣམས་ཞི་བར་མཛོད། །{དེ་ལྟར་བཞི་བོ་སོ་སོར་བསྔོས་ནས། གཏོར་མ་ལྔ་བ་དེ་མགྲོན་སྤྱི་དང་། ཁྱད་པར་ལན་ཆགས་པ།} ཨ་ཀཱ་རོ། ལན་གསུམ་གྱིས་བསྔོ། ཨརྒྷཾ་སོགས་ཀྱིས་མཆོད། ཕུན་ཚོགས་འདོད་ཡོན་ལྔ་ལྡན་པའི། །བདུད་རྩི་རྒྱ་མཚོའི་གཏོར་མ་འདི། །ཐོག་མ་མེད་ནས་ད་ལྟའི་བར། །བསད་དང་བཅིངས་དང་བརྡེག་པ་དང་། །ཕྲོགས་དང་བརྐུས་ལ་སོགས་པ་ཡི། །ལན་ཆགས་ཤ་འཁོན་གཉེར་བ་དང་། །བུ་ལོན་ཆགས་པ་རྣམས་ལ་བསྔོ། །མཆོད་སྦྱིན་གཏོར་མས་ཚིམ་གྱུར་ནས། །ལན་ཆགས་ཤ་འཁོན་མ་ལུས་བྱུང་། །བུ་ལོན་རྣམས་ཀྱང་ཁྱེར་གྱུར་ནས། །མྱུར་དུ་རྫོགས་པའི་སངས་རྒྱས་ཀྱི། །གོ་འཕང་དམ་པ་ཐོབ་པར་ཤོག །{རྒྱུན་པར་ཆོས་སྦྱིན་དང་བསྔོ་བ་སྨོན་ལམ་བྱ། ནད་པ་ལ་ཕན་ཕྱིར་གླུད་གཟུགས་དང་བཅས་པ་བྱེད་ན་ལན་ཆགས་ཀྱི་མཇུག་དེར།} ࿉ ཀྱཻ་འབྱུང་བ་དང་པོ་རུས་པའི་གླུད། །རུས་བའི་གླུད་འདི་རྡོ་ལ་གཏོང་། །རྡོ་ལ་གནས་བའི་ལྷ་འདྲེ་རྣམས། །གླུད་དང་གཏོར་མ་འདི་ལོང་ལ། །འཁོན་དང་གནོད་པ་མ་བྱེད་ཅིག །ཤ་ཡི་གླུད་འདི་ས་ལ་གཏོང་། །ས་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་གཏོར་མ་འདི་ལོང་ལ། །འཁོན་དང་གནོད་པ་མ་བྱེད་ཅིག །ཁྲག་གི་གླུད་འདི་ཆུ་ལ་གཏོང་། །ཆུ་ལ་གནས་བའི་ལྷ་འདྲེ་རྣམས། །གླུད་དང་གཏོར་མ་འདི་ལོང་ལ། །འཁོན་དང་གནོད་པ་མ་བྱེད་ཅིག །དྲོད་ཀྱི་གླུད་འདི་མེ་ལ་གཏོང་། །མེ་ལ་གནས་བའི་ལྷ་འདྲེ་རྣམས། །གླུད་དང་གཏོར་མ་འདི་ལོང་ལ། །འཁོན་དང་གནོད་པ་མ་བྱེད་ཅིག །དབུགས་ཀྱི་གླུད་འདི་རླུང་ལ་གཏོང་། རླུང་ལ་གནས་བའི་ལྷ་འདྲེ་རྣམས། །གླུད་དང་གཏོར་མ་འདི་ལོང་ལ། །འཁོན་དང་གནོད་པ་མ་བྱེད་ཅིག །སེམས་ཀྱི་གླུད་འདི་མཁའ་ལ་གཏོང་། །མཁའ་ལ་གནས་བའི་ལྷ་འདྲེ་རྣམས། །གླུད་དང་གཏོར་མ་འདི་ལོང་ལ། །འཁོན་དང་གནོད་པ་མ་བྱེད་ཅིག །ཕྱི་ལྟར་བལྟས་ན་དྲི་སྨན་ལྔ། །ནང་ལྟར་བལྟས་ན་རིན་ཆེན་ལྔ། །གསང་བ་ཡེ་ཤེས་མཁའ་འགྲོ་ལྔ། །རྒྱུ་སྦྱོར་བདག་ཅག་འཁོར་བཅས་ཀྱི། །གླུད་དང་གཏོར་མ་འདི་ལོང་ལ། །འཁོན་གནོད་མ་བྱེད་རང་གནས་སོངས། །{ཅེས་ཟླུམ་གཏོར་གླུད་དང་བཅས་པ་ནམ་མཁར་འཐོར་བའམ། ས་གཙང་སར། གྲུ་བཞི་བྱང་། ཟླུམ་པོ་ནུབ། གྲུ་གསུམ་ལྷོ། ཟླ་གམ་ཤར་ཕྱོགས་སུ་བསྐྱལ་ལོ།། སྨྲས་པ། སྤྲུལ་བའི་སྐྱེས་མཆོག་དམ་པ་རྒྱ་གར་གྱི། །འབྱུང་བཞི་གཏོར་མའི་རྟེན་འབྲེལ་ཐམས་མཁས་ཀྱིས། །འབྱུང་བཞི་འཁྲུགས་པའི་ཉམ་ཐག་འགྲོ་བ་ལ། །བདེ་མཛད་བདུད་རྩིའི་ཆར་རྒྱུན་ཕབ་པ་བཞིན། །ནད་རིམས་གདོན་བགེགས་མདའ་ཆར་མི་བཟད་པ། །སྐྱོབ་བྱེད་རྡོ་རྗེའི་གོ་ཆ་དག་དང་མཚུངས། །དོན་བསྡུས་སྤེལ་ལེགས་སྙིང་བོར་དྲིལ་བ་ཡི། །ཆོག་བསྒྲིགས་མེ་ཏོག་གསར་བའི་ཕྲེང་མཛེས་འདི། །བསླབ་གསུམ་ལྡན་པའི་དགེ་སློང་རི་ཁྲོད་པས། །ལྷག་བསམ་དག་པས་ཡང་ཡང་བསྐུལ་བའི་ངོར། །མདོ་རྒྱུད་མན་ངག་འཛིན་པའི་སྤོང་བ་པ། །བློ་བཟང་ཆོས་ཀྱི་རྒྱལ་མཚན་ཞེས་བྱས་བཀོད།། །། ༄༅།།ན་མོ་གུ་རུ་མཉྫུ་གྷོཥཱ་ཡ། འབྱུང་བཞིའི་གཏོར་མ་གཏོང་པར་འདོད་པས། ཟན་ལེབ་ལ་ཟླ་གམ། གྲུ་གསུམ། ཟླུམ་པོ། གྲུ་བཞིའི་དབྱིབས་ཅན་བྱས་པ་དང་། ངར་གླུད། འཐེབ་ཀྱུའམ་རིལ་བུ། ཆང་བུ་རྣམས་གྲངས་ཅི་ཙམ་དགོས་པ་བྱས་ལ་བཤམས་པའི་ཚེ། གཏོར་སྣོད་ལྔར་བཤམས་ན་རང་གི་མདུན་དུ་རང་གི་གཡོན་ཕྱོགས་ནས་མགོ་བརྩམས་ཏེ། གཏོར་སྣོད་དང་པོར་ཟླ་གམ། གཉིས་པར་གྲུ་གསུམ། གསུམ་པར་ཟླུམ་པོ། བཞི་པར་གྲུ་བཞིའི་དབྱིབས་ཅན་དང་། ལྔ་བར་ངར་མི་རྣམས་འཐེབ་ཀྱུའམ་རིལ་བུ་ཆང་བུ་དང་བཅས་པ་བཤམས། སྣོད་གཅིག་ཏུ་བཤམས་ན་དབུས་སུ་ངར་མི། དེའི་མཐར་མདུན་ནས་གཡས་སྐོར་དུ། ཟླ་གམ་སོགས་རིམ་པ་བཞིན་འཐེབ་ཀྱུའམ་རིལ་བུ་ཆང་བུ་དང་བཅས་པ་བཤམས། ཆུ་གཙང་གིས་བྲན་ཏེ། སྐྱབས་སེམས་སྤྱི་འགྲོ་ལྟར་རྒྱས་པའམ། བསྡུ་ན་སངས་རྒྱས་ཆོས་ཚོགས་མས་བྱ། བདག་དང་མཆོད་ཡུལ་བསྐྱེད་པ་ནི། འཇུག་པ་བདེ་བའི་ཕྱིར་འདི་ལྟར། ࿉ སྭ་བྷ་ཝ་ནས་ཧཾ། བདག་དང་ཆོས་ཀུན་རང་བཞིན་སྟོང་པར་གྱུར། །སྟོང་པའི་ངང་ལས་བདག་དང་མདུན་གྱི་མཁར། །ཁྲི་པད་ཉི་ཟླ་ཀྲིཥྞའི་པགས་པའི་སྟེང་། །རྒྱལ་ཀུན་ངོ་བོ་དམ་པ་རྒྱ་གར་ལ། །བདེ་གཤེགས་རིགས་ལྔ་སྐྱབས་གསུམ་སྲུང་མས་བསྐོར། །རང་རང་ཡེ་ཤེས་པ་རྣམས་ཐིམ་པར་གྱུར། །མཆོད་ཡུལ་རྣམས་ལ་ཕྱག་འཚལ་མཆོད་པ་འབུལ། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེ་ཡི་རངས། །སྲིད་མཐའི་བར་བཞུགས་ཆོས་ཀྱི་འཁོར་ལོ་བསྐོར། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། ། {སྦྱིན་ཡུལ་དགུགས་པ་ནི།} ཕྱོགས་བཞིའི་འབྱུང་བོ་ནད་ཡམས་རིམས་ཀྱི་བདག །གདོན་བགེགས་ལན་ཆགས་ཐམས་ཅད་འདིར་འདུས་ཤིག །{གཏོར་མ་བྱིན་གྱིས་བརླབ་པ་ནི།} ࿉ བཛྲ་ཨམྲྀ་ཏས་བསང་། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཡཾ་རཾ་བཾ་ལཾ་ལས་བྱུང་བའི་འབྱུང་བཞི་སོ་སོའི་གཏོར་མ་དང་ངར་མི་སོགས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་འདོད་ཡོན་ལྔ་ལྡན་གྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་དང་མཁོ་དགུའི་ཡོ་བྱད་རྣམས་སུ་གྱུར། ཨོཾ་ཨཱཿཧཱུཾ། {ལན་གསུམ་གྱིས་བྱིན་གྱིས་བརླབ། གཏོར་མ་བསྔོ་བ་ནི། ཐོག་མར་ཟླ་གམ་ལ་དམིགས་ཏེ།} ཨོཾ་ཊ་ཋ་ཌ་ཌྷ་ཎ་ཡཾ་ཨོ་ཨཽ་སྭཱ་ཧཱ། {ལན་གསུམ་མམ་བདུན།} ཨོཾ་ཨརྒྷཾ་པྲཏཱི་ཙྪ་སྭཱ་ཧཱ། ནས་ ཨོཾ་ཤཔྟ་པྲཏཱི་ཙྪ་སྭཱ་ཧཱ། {ཞེས་པའི་བར་རམ་བསྡུ་ན།} ཨོཾ་ཨརྒྷཾ་ ནས་ ཤཔྟ་པྲཏཱི་ཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཡཾ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོ་འདི། །མཆོག་གསུམ་སྤྱི་དང་རྡོ་རྗེའི་རིགས་ལ་འབུལ། །རླུང་ནད་ཤར་ཕྱོགས་གདོན་གྱི་གནོད་པ་དང་། །ཞེ་སྡང་སོགས་ཞི་འབྱུང་བཞི་སྙོམས་པར་མཛོད། །{དེ་ནས་གྲུ་གསུམ་ལ་དམིགས་ཏེ།} ཨོཾ་ཙ་ཚ་ཛ་ཛྷ་ཉ་རཾ་རྀ་རཱྀ་ཨེ་ཨཻ་སྭཱ་ཧཱ། {ཞེས་པ་གསུམ་མམ་བདུན།སྔར་བཞིན་མཆོད།} རཾ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོ་འདི། །མཆོག་གསུམ་སྤྱི་དང་རིན་ཆེན་རིགས་ལ་འབུལ། །མཁྲིས་ནད་ལྷོ་ཕྱོགས་གདོན་གྱི་གནོད་པ་དང་། །ང་རྒྱལ་སོགས་ཞི་འབྱུང་བཞི་སྙོམས་པར་མཛོད། །{ཟླུམ་པོ་ལ་དམིགས་ཏེ།} ཨོཾ་པ་ཕ་བ་བྷ་མ་བཾ་ཨུ་ཨཱུ་སྭཱ་ཧཱ། {ཞེས་ལན་གསུམ་མམ་བདུན། སྔར་བཞིན་མཆོད།} བཾ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོ་འདི། །མཆོག་གསུམ་སྤྱི་དང་པདྨའི་རིགས་ལ་འབུལ། །གྲང་ནད་ནུབ་ཕྱོགས་གདོན་གྱི་གནོད་པ་དང་། །འདོད་ཆགས་སོགས་ཞི་འབྱུང་བཞི་སྙོམས་པར་མཛོད། །{གྲུ་བཞི་ལ་དམིགས་ཏེ།} ཨོཾ་ཏ་ཐ་ད་དྷ་ན་ལཾ་ལྀ་ལཱྀ་ཨི་ཨཱི་སྭཱ་ཧཱ། {གསུམ་མམ་བདུན། སྔར་བཞིན་མཆོད།} ལཾ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོ་འདི། །མཆོག་གསུམ་སྤྱི་དང་ལས་ཀྱི་རིགས་ལ་འབུལ། །བད་ཀན་བྱང་ཕྱོགས་གདོན་གྱི་གནོད་པ་དང་། །ཕྲག་དོག་སོགས་ཞི་འབྱུང་བཞི་སྙོམས་པར་མཛོད། །{ཅེས་པ་རྣམས་ཀྱིས་འབྱུང་བཞིའི་གཏོར་མ་སོ་སོར་བསྔོ་ཞིང་སོ་སོའི་ལས་བཅོལ།} དེ་ལྟར་མཆོག་གསུམ་སྤྱི་དང་རིགས་སོ་སོའི། །ལྷ་ཚོགས་རྣམས་ཀྱིས་མཆོད་གཏོར་ལེགས་བཞེས་ནས། །བདག་དང་རྒྱུ་སྦྱོར་སེམས་ཅན་ཐམས་ཅད་ཀྱང་། །ནད་གདོན་ཉོན་མོངས་ཀུན་ཞི་འབྱུང་བཞི་སྙོམས། །སྣང་བ་རྟེན་འབྲེལ་འཆར་ཞིང་རྟེན་འབྲེལ་གྱི། །སྒོ་ནས་འགྲོ་དོན་འགྲུབ་པར་བྱིན་གྱིས་རློབ། །{ཅེས་སྤྱིར་འདོད་དོན་ཞུ། དེ་ནས་ངར་མི་སོགས་ལ་དམིགས་ཏེ།} ཨ་ཀ་རོ་ལན་གསུམ་མམ་བདུན། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །འདོད་ཡོན་ལྔ་ལྡན་ངར་མི་གཏོར་མ་འདི། །གདོན་བགེགས་ལན་ཆགས་ཤ་འཁོན་གཉེར་བ་ཡི། །གནོད་བྱེད་རྣམས་དང་ཡུལ་ལྷ་གཞི་བདག་སོགས། །སྟེང་འོ་བར་གསུམ་འབྱུང་པོའི་ཚོགས་ལ་བསྔོ། །བདག་དང་དམིགས་ཡུལ་རྒྱུ་སྤྱོར་སྦྱིན་པའི་བདག །འཁོར་དང་བཅས་པའི་མི་ནད་ཕྱུགས་ནད་དང་། །ལོ་ཟླ་ཞག་དུས་སྐེག་སོགས་གནོད་པ་དང་། །ལན་ཆགས་ཀུན་ཞི་བདེ་སྐྱིད་ལྡན་པར་མཛོད། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པའི་གསུངས། །རྒྱུ་ལས་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །{ཞེས་ཆོས་སྦྱིན་བྱས་ལ།} མཆོད་ཡུལ་ཡེ་ཤེས་པ་རྣམས་རང་གནས་སུ་གཤེགས། དམ་ཚིག་པ་རྣམས་རང་ལ་ཐིམ། །མགྲོན་གཞན་རྣམས་ཟང་ཟིང་གི་སྦྱིན་པས་རྒྱུད་སྨིན། ཆོས་ཀྱི་སྦྱིན་པས་རྒྱུད་གྲོལ་ནས་རང་གནས་སུ་གཤེགས་པར་གྱུར། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །//། །གདོན་རིགས་སུམ་བརྒྱ་དྲུག་ཅུ་ཞི་བ་དང་། །//། །ནད་རིགས་བཞི་བརྒྱ་རྩ་བཞི་ཞི་བ་དང་། །//། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །//། །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པའི། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག ། {ཅེས་སོགས་བསྔོ་བ་སྨོན་ལམ་བཀྲ་ཤིས་ཀྱིས་བརྒྱན་པར་བྱའོ།།འབྱུང་བཞིའི་གཏོར་མ་ལོ་གྲངས་གཏོང་བར་འདོད་ན། སྔར་བཞིན་བཤམས་ཐེབ་རེ་དང་བསྔོ་ཐེབ་རེ་སྦྲག་པ་ལོ་གྲངས་རེ་ཐུབ་ན་ལེགས་མོད་ཀྱི། གལ་ཏེ་ཐུབ་ན། གཏོར་མ་ཟླ་གམ་སོགས་རེ་རེ་ནས་ལོ་གྲངས་རེ། རང་རང་གི་དབྱིབས་ཅན་དུ་བརྩེགས་ནས་བཤམས་ཏེ། བསྔོ་བའི་སྔགས་དང་ཚིགས་བཅད་གཉིས་ཀ་ལོ་གྲངས་རེ་བརྗོད་པས་བསྔོ།།གལ་ཏེ་དེ་ཡང་མ་ལྕོགས་ན་སྔགས་ལོ་གྲངས་རེ་བརྗོད་དེ་ཚིགས་བཅད་ལན་རེ་བརྗོད་པས་བསྔོ། དེས་བརྒྱ་སྟོང་སོགས་མཚོ་ཞེས་ཡིག་ཆ་ཁ་ཅིག་ལས་བཤད། འདིར་གོང་དུ་བཀོད་པའི་འབྱུང་བཞིའི་གཏོ་མ་བསྔོ་བའི་སྔགས་པཎ་ཆེན་ཐམས་ཅད་མཁྱེན་པའི་ཡིག་ཆ་ལྟར་བཀོད་པ་ཡིན་ལ། མཁས་བཙུན་ཡོན་ཏན་རྒྱ་མཚོའི་གཏོར་ཆོག་ལས་ཟླ་གམ་ལ། ཨོཾ་ཙ་ཚ་ཛ་ཛྙ་ཉ་ཡཾ་ཨོ་ཨཽ་སྭཱ་ཧཱ། གྲུ་གསུམ་ལ། ཨོཾ་ཊ་ཋ་ཌ་ཌྷ་ཎ་རཾ་རྀ་རཱྀ་ཨེ་ཨཻ་སྭཱ་ཧཱ། ཞེས་གསལ་བྱེད་གྱི་སྔགས་གཉིས་མགོ་བཟློག་སྟེ་བྱུང་། སྔགས་ཀློག་རྣམས་ལས་དབྱངས་གསལ་འབྱུང་བ་ལྔར་སྡུད་པའི་ཚེ། ཨི་ཙུ་ཡ་ཤ་རླུང་གི་ཁམས། །རི་ཊུ་ར་ཥ་མེ་ཡི་ཁམས། །ཞེས་ཙ་སྡེ་རླུང་ཁམས་དང་། ཊ་སྡེ་མེ་ཁམས་སུ་བཤད་པ་ལྟར་ན་སྔ་མ་ཡི་གེ་ནོར་བ་ཡིན་ནམ་སྙམ་པས། བློ་གྲོས་དང་ལྡན་པ་རྣམས་ཀྱིས་དཔྱད་པར་བྱའོ།།ཅེས་པ་འདི་ནི་འབྱུང་བཞིའི་གཏོར་མ་གྲངས་མང་གཏོང་དགོས་བྱུང་ཚེ། འདོན་ཆ་ཉུང་བའི་འཁྱེར་བདེ་བ་འདི་ལྟ་བུ་ཞིག་དགོས་ཞེས་དོན་གཉེར་ཅན་འགའ་ཞིག་གིས་བསྐུལ་བའི་ངོར་༧སྙོམ་ལས་པ་ངག་དབང་བློ་བཟང་ཆོས་ལྡན་གྱིས་འབྱུང་བཞིའི་གཏོར་ཆོག་འགའ་ཞིག་མཐོང་བ་ལས། ༼/༽ཆར་པཎ་ཆེན་ཐམས་ཅད་མཁྱེན་པའི་གཏོར་ཆོག་དང་མཐུན་པར་རྒྱལ་༼ཁབ་༽བེའི་ཅིང་གི་བོད་ཆོས་ལྷ་ཁང་དུ་གྲགས་པར་བསྒྲིགས་པའི་ཡི་གེ་བ་ནི་རབ་འབྱམས་སྨྲ་བ་བློ་བཟང་ཉི་མའོ།། །།བཀྲ་ཤིས།། སྐུ་འབུམ་བྱམས་པ་གླིང་དུ་དཔར་དུ་བསྒྲུབས་པའོ།།