ཆ་

ཡོང་ཁུངས་Wikipedia

ཆ་ཡི་འགྲེལ་པ།[རྩོམ་སྒྲིག]

བོད་ཡིག་གསལ་བྱེད་དྲུག་པ།[རྩོམ་སྒྲིག]

འདིའི་ང་རོ་འདོན་ཚུལ་ལ་སྐྱེ་གནས་རྐན་དང༌། བྱེད་པ་ལྕེ་དབུས། ནང་གི་རྩོལ་བ་མགྲིན་པ་ཕྱེ་བ་དང༌། ཕྱིའི་རྩོལ་བ་སྲོག་ཆེན་སྒྲ་མེད།

མིང་གཞིའི་མ་ནིང་ཡི་གེ་ཞིག[རྩོམ་སྒྲིག]

བརྗོད་བདེའི་དབང་གིས་དྲངས་པའི་མིང་གི་ཆ་ཤས་ཤིག (དཔེར་ན།)སྐད་ཆ། རྒྱན་ཆ། དཔེ་ཆ། མཚོན་ཆ། ཡིག་ཆ། རས་ཆ། ལག་ཆ་ལྟ་བུ།

ཟུང༌ངམ་གཉིས་ཀྱི་དོན་ཏེ།[རྩོམ་སྒྲིག]

(དཔེར་ན།) ཆ་སྒྲིག་པ། ཆ་འགྲིག་པ། ཆ་མིན་ཡ་མིན། ལྷམ་ཆ་གཉིས། གདུང་མ་རིང་ཐུང་ཕྲ་སྦོམ་ཆ་མ་ཡིན་པ་ལྟ་བུ།

རྒྱུས་མངའི་དོན་ཏེ།[རྩོམ་སྒྲིག]

(དཔེར་ན།) ཆ་མ་མཆིས། གར་སོང་ཆ་མེད། སང་ཕོད་ཐན་པ་གཏོང་མིན་ད་ལྟ་ཆ་མ་འཚལ་ལྟ་བུ།

དུམ་བུའམ་ཚན་ཁག་གི་དོན་ཏེ།[རྩོམ་སྒྲིག]

(དཔེར་ན།) བརྒྱ་ཆ། སྟོང་ཆ། སྟོད་ཆ། སྨད་ཆ། ཐོབ་ཆ། ཆག་ཆ། འཕར་ཆ། ཟླ་བའི་དཀར་ཆ། བྱི་ལ་ནི་གཅན་གཟན་གྱི་ཆར་གཏོགས་པ་རེད་ཅེས་པ་ལྟ་བུ།

ངག་འཕྲིན་དང་ཡིག་བསྐུར་གྱི་དོན་ཏེ།[རྩོམ་སྒྲིག]

(དཔེར་ན།) ཆ་སྐུར་བ། ཕན་ཚུན་གྱི་བར་དུ་ངག་ཐོག་ནས་ཆ་འབུལ་བ་ལྟ་བུ།

ཞེང་ཚད་དམ་ཚད་ཀྱི་དོན་ཏེ།[རྩོམ་སྒྲིག]

(དཔེར་ན།) ལྷའི་ཆ་ཚད་ལྟ་བུ།

"https://bo.wikipedia.org/w/index.php?title=ཆ་&oldid=81279"ལས་སླར་རྙེད་སོང།