Jump to content

ཅིང་ཧྲ།

ཡོང་ཁུངས་Wikipedia

ཅིང་ཧྲ། ཁོ་པའི་མིང་ལ་བལྟས་ན། ༼ཅིང་༽(鲸)དང་༼ཧྲ་༽(鲨)གང་ཡིན་མིན་དབྱེ་བ་འབྱེད་ཁག་པོ་ཡོད། དོན་དངོས་ཐོག་ཆུའི་ནང་གི་གཟུགས་སྟོབས་ཆེ་བའི་སྲོགས་ཆགས་དེ་རིགས་ཉ་ཆེན་ཧྲ་ཡུས་ཁོངས་སུ་གཏོགས། ༼ཅིང་༽(鲸)ཞེས་འབོད་པ་ནི་ཁོང་ཚོའི་གཟུགས་སྟོབས་ཆེན་པོ་ཡོད་པ་ཁོ་ན་ཙམ་ཡིན། རྒྱུ་མཚན་ནི་ཅིང་ཧྲ་ནི་མིག་སྔར་འཛམ་གླིང་ཐོག་གི་གཟུགས་སྟོབས་ཆེ་ཤོས་ཀྱི་ཉའི་རིགས་ཤིག་ཡིན།

ཅིང་ཧྲ། ཉ་མོ་རུས་མཉེན། ཅིང་ཧྲ་ཁོའོ་ཡི་ཁོངས་སུ་གཏོགས། ཅིང་ཧྲ་ནི་ཉ་ཆེན་ཧྲ་ཡུས་ཀྱི་རིགས་ཤིག་ཡིན་ཞིང་།མིང་གཞན་ལ་ཉ་ཆེན་ཅིང་ཅའོ་དང་། སྲན་མའི་ཉ་ཆེན། ཉ་ཆེན་གླེན་རྟགས་སོགས་ཀྱང་ཟེར། ལུས་པོ་རིང་ལ་སྦོམ་ཞིང་། ཁ་ཆེ་བ། མིག་གཉིས་མགོ་བོའི་མདུན་ངོས་ཀྱི་ཟུར་དུ་གནས་ཡོད།

ཉ་ཆེན་ཅིང་ཧྲ་ཡི་སོ་མང་ལ་ཆུང་བ། རྣོ་ལ་སྙུང་དབྱིབས་ཀྱི་བཟོ་ལྟ་ཡིན་པ་དང་། སོ་མགོ་ནང་དུ་གཏད་ཅིང་། གྲལ་འགྲིག་པོ་ཡོད། གཞུང་དུ་སོ་༡༨ནས་༢༠དང་། འཕྲེད་ལ་སོ་༣༤༦གཡས་གཡོན་སྐྱེས་ཡོད། ཉ་ཆེན་ཅིང་ཧྲ་ལ་མ་གཞི་སོ་མང་པོ་དེ་འདྲ་ཡོད་ཀྱང་། ཁོ་པས་རྔོན་དངོས་ལ་སོ་བརྒྱབ་ནས་ཐེར་ཚལ་སྦར་ཚལ་བཟོ་ཡི་མེད། རྒྱུན་དུ་ནས་ཤ་སྨི་དང་ཆུ་གཡེང་སྐྱེ་དངོས། ཉ་སྒོང་། ཉ་ཆུང་ལ་སོགས་པའི་རྔོན་དངོས་རྣམས་ཁོ་པའི་ཁ་ཆེན་པོའི་ནང་དུ་འཇིབ་ནས། ཚགས་རྒྱག་དྲ་བ་ལྟ་བུའི་རྣ་གཤོག་གིས་མཚོ་ཆུ་དྭངས་སིང་བྱེད་པ་དང་། དྭངས་སིང་བྱས་པའི་མཚོ་ཆུ་རྣམས་རྣ་གཤོག་འོག་གི་གས་སྲུབས་ནས་ཕྱིེར་འབུད་བྱེད་ཀྱི་ཡོད། དེར་བརྟེན་ཉ་ཆེན་ཅིང་ཧྲ་ནི་ཉ་ཆེན་ལའོ་ཧྲ་དང་ཉ་ཆེན་ཁ་ཆེན་དང་འདྲ་བར། མིག་སྔར་ཤེས་རྟོགས་བྱུང་བའི་ཟས་འཚག་བྱེད་མཁན་གྱི་ཉ་ཆེན་༣པོའི་གྲས་ཤིག་ཡིན།

ཉ་ཆེན་ཅིང་ཧྲ་ཡི་གཤིས་ཀ་འཇམ་པོ་ཡོད། མ་གཞི་ཁོ་པར་ཤིན་ཏུ་ཆེ་བའི་གཟུགས་པོ་ཡོད་ཀྱང་། མིའི་རིགས་ལ་སྲོག་གི་ཉེན་ཁ་བཟོ་མི་སྲིད། དེར་བརྟེན། ཚན་རིག་མཁས་པས་རྟག་པར་ཉ་ཆེན་ཅིང་ཧྲ་དཔེར་དྲངས་ནས། མི་རྣམས་ལ་ཉ་ཆེན་ཧྲ་ཡུས་ཚང་མས་མི་བཟའ་བའི་ངེས་པ་མེད་ཅེས་སློབ་གསོ་རྒྱག་གི་ཡོད། དེ་དང་ཆབས་ཅིག་ཉ་ཆེན་ཅིང་ཧྲ་ཡི་ཞི་འཇམ་གྱི་གཤིས་ཀ་དང་། ལྐུགས་ལ་དལ་བའི་འགུལ་སྐྱོད། དེ་བཞིན་ཆུ་ངོས་སུ་ལྡིང་རྒྱུར་དགའ་བའི་ཁྱད་ཆོས་དེ་དག་གིས། ཁོང་ཚོ་ནི་མིའི་རིགས་ཀྱི་ཆུ་རྐྱལ་རྒྱགས་རོགས་ལེགས་ཤོས་སུ་འགྱུར་སྲིད། འོན་ཀྱང་ཁོ་པའི་གཟུགས་པོ་ཤིན་ཏུ་ཆེ་བས། ཆུར་འཛུལ་པ་རྣམས་ཀྱིས་དུས་ངེས་མེད་དུ་ཁོ་པའི་རྔ་གཤོག་ལ་ཡིད་གཟབ་བྱས་ནས། རང་ཉིད་ལ་མ་འཕོག་པ་བྱེད་དགོས་ཀྱི་ཡོད། དེ་ནི་ཕལ་ཆེར་ཉ་ཆེན་ཅིང་ཧྲ་ཡིས་མིའི་རིགས་ལ་སྤྲད་པའི་༼འཇིགས་སྐུལ་༽ཆེ་ཤོས་དེ་ཡིན་སྲིད།

དུས་རབས་༢༠དུས་སྐེད་གོང་ལ། ཉ་ཆེན་ཅིང་ཧྲ་མངལ་སྐྱེས་སམ་སྒོང་སྐྱེས་གང་ཡིན་མིན་ཐད་འོལ་ཚོད་བྱེད་རྒྱུ་ཙམ་རེད། ཕྱིས་སུ་སྐྱེ་དངོས་རིག་པ་མཁས་ཅན་རྣམས་ཀྱིས་༡༩༥༦ལོར་མོ་སེ་ཁོའོ་ཡི་རྒྱ་མཚོའི་འགྲམ་ངོགས་ནས་རྙེད་པའི་ཉ་ཆུང་ཅིང་ཧྲ་ཡི་སྒོང་སྐོགས་ལ་གཞིགས་ནས། ཁོང་ཚོ་སྒོང་སྐྱེས་ཡིན་པའི་སྔོན་དཔག་བྱས་ཡོད། ༡༩༦༦ལོའི་ཟླ་༧པར་སླེབས་དུས། ཐེ་ཝན་ཐེ་ལྷོ་ས་ཁུལ་གྱི་ཉ་པ་ཞིག་གིས་ཉ་ཆེན་ཧྲ་ཡུས་མོ་ཞིག་འཛིན་ཡོད་ཅིང་། ཁོ་པའི་ཁོག་ནང་ནས་ཉ་ཕྲུག་༣༠༠དང་སྒོང་སྐོགས་རྙེད་ཡོད་པ་དེས། དོན་དངོས་ཐོག་ཉ་ཆེན་ཅིང་ཧྲ་ནི་སྒོང་སྐྱེས་ཡིན་པ་ར་སྤྲོད་ཐུབ་ཡོད། ཉ་ཆེན་ཅིང་ཧྲ་ཡིས་སྒོ་ང་རྣམས་ཁོག་པའི་ནང་དུ་ཉར་ནས། ཉ་ཕྲུག་རྣམས་ལི་རྨིད་༤༠ནས་༦༠བར་འཚར་ལོངས་བྱུང་རྗེས་གཞི་ནས་ཕྱིར་གཏོང་གི་ཡོད། དེས་ཉ་ཕྲུག་ཚང་མ་དུས་གཅིག་ཏུ་སྐྱེས་ཀྱི་མེད་པ་དེ་ར་སྤྲོད་ཐུབ་ཡོད།

ཉ་ཆེན་ཅིང་ཧྲ་ནི་དྲོ་འཇམ་རང་བཞིན་གྱི་རྒྱ་མཚོའི་དཀྱིལ་དུ་འཚོ་གནས་བྱེད་ཅིང་། ཧིན་རྡུ་རྒྱ་མཚོ་དང་། ཞི་བདེ་རྒྱ་མཚོ། ནུབ་རྒྱ་མཚོ་ཆེན་མོ་བཅས་ཀྱི་ཚ་ཁུལ་དང་དྲོད་འཇམ་ཁུལ། འཕྲེད་ཐིག་བྱང་མའི་ཏུའུ་༤༢དང་འཕྲེད་ཐིག་ལྷོ་མའི་ཏུའུ་༣༣དང་གྲངས་ཆུང་༥༥ཡི་གནས་སར་ཁྱབ་ཡོད། ཀྲུང་གོའི་རྒྱ་མཚོ་ལྷོ་མ་དང་། ཐེ་ཝེན་མཚོ་འགག རྒྱ་མཚོ་ཤར་མ། རྒྱ་མཚོ་སེར་པོའི་ལྷོ་རྒྱུད་བཅས་ལ་རྒྱུན་དུ་མཐོང་རྒྱུ་ཡོད།

པར་རིས་བར་འཁྱམས།

[རྩོམ་སྒྲིག]

ད་དུང་གཟིགས།

[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།

[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག

[རྩོམ་སྒྲིག]