གློག་རིག་པ།
དེང་གི་དུས་སུ་མི་རྣམས་ཀྱི་ལས་དོན་མང་ཆེ་བ་གློག་བརྟེན་ཡོད། གློ་བུར་དུ་གློག་མེད་པར་འགྱུར་ཚེ། གང་འབྱུང་སྲིད་དམ། གློག་ནི་སྟབས་བདེ་ལ། སྟངས་འཛིན་བྱེད་སླ་བའི་ནུས་པ་ཞིག་ཡིན་སྟབས། བཟོ་གྲྭ་དང་སྨན་ཁང། སློབ་གྲྭ་དང་ཁྱིམ་སོགས་ཀྱི་རྨང་གཞིའི་དགོས་མཁོ་ཞིག་ཏུ་གྱུར་ཡོད། གློག་གི་གྲུབ་ཆ་ཅི་ཞིག་ཡིན་ནམ། གློག་ལམ་བརྒྱུད་དེ་གློག་ཇི་ལྟར་རྒྱུ་བ་ཡིན་ནམ། གློག་ལམ་དུ་གློག་རྒྱུན་རྒྱུ་བའི་ཚེ། རྒྱུ་རྐྱེན་ཅི་འདྲ་ཞིག་གིས་སྟངས་འཛིན་བྱེད་པ་ཡིན་ནམ། གོང་གི་གནད་དོན་དེ་དག་གི་ལན་འཚོལ་ཐུབ་མ་ཟད། གློག་རྒྱུན་གྱི་དྲོད་ནུས་དང་དེའི་སྤྱོད་སྒོའི་སྐོར་ཡིན།
གློག་རྒྱུན་དང་གློག་ལམ།
[རྩོམ་སྒྲིག]ཅི་འདྲ་ཞིག་ལ་ཆུ་རྒྱུན་ཟེར་བ་དང། ཅི་འདྲ་ཞིག་ལ་རླུང་གི་རྒྱུན་ཟེར་བ་ང་ཚོས་ཤེས་ཀྱི་ཡོད། ཆུ་རྒྱུ་བའི་དབང་གིས་རྒྱུག་ཆུ་ནི་ཆུ་རྒྱུན་གྱིས་གྲུབ་པ་ཤེས་ཀྱི་ཡོད། དེ་བཞིན། ཁྲིད་གཟུགས་ཤིག་བརྒྱུད་དེ་ཁུར་རྒྱུ་བཞིན་ཡོད་ཚེ། ཁྲིད་གཟུགས་དེའི་ནང་དུ་གློག་རྒྱུན་ཡོད་པ་བརྗོད་ཐུབ། གློག་སྨན་གྱིས་གློག་རྒྱུན་ནམ། ཁུར་རྒྱུ་བའི་བྱེད་ནུས་འདོན་པའི་དབང་གིས། ལག་བཞུའི་ཤེལ་ཏོག་ནས་འོད་འཕྲོ་ཐུབ། འོན་ཀྱང། ལག་གཞུའི་གློག་སྒོས་ཤེལ་ཏོག་དང་གློག་སྨན་དབར་མཐུད་བྱེད་པས་ན། ལག་གཞུའི་གློག་སྒོ་མནན་མེད་ཚེ། ཤེལ་ཏོག་འབར་མི་ཐུབ། རྒྱུན་མཐུད་ཅིང་ཁ་ཟུམ་པའི་གློག་རྒྱུན་གྱི་ལམ་ལ་གློག་ལམ་(Electric Circuit)ཟེར། གལ་ཏེ་གློག་ལམ་ཆད་པའམ། ཡང་ན། གློག་སྒོ་བསྡམ་མེད་ཚེ། གློག་རྒྱུན་རྒྱུ་མི་ཐུབ་ལ། ལག་གཞུའི་ཤེལ་ཏོག་ཀྱང་འབར་མི་ཐུབ།
གློག་རྒྱུན་ཇི་ལྟར་མཚོན་དགོས་སམ་ཞེ་ན། དུས་ཚོད་ཅིག་ལ་རྒྱ་ཁྱོན་ངེས་ཅན་ཞིག་བརྒྱུད་དེ་ཁུར་ཇི་ཙམ་རྒྱུ་བའི་འབོར་ལ་གློག་རྒྱུན་(Electric current)ཟེར། ཕྱོགས་གཞན་ནས་བརྗོད་ན། གློག་གི་ཁུར་རྒྱུ་བའི་ཚད་ལ་གློག་རྒྱུན་ཟེར། འོན་ཀྱང། གློག་གི་ངང་ཚུལ་རྟོགས་པའི་དུས་སུ་གློག་རྡུལ་ངོས་འཛིན་ཐུབ་མེད། དེར་བརྟེན། དེའི་དུས་སུ་གློག་རྒྱུན་ནི་ཁུར་ཕོ་རྒྱུ་བའི་ངང་ཚུལ་དུ་ངོས་བཟུང་བ་མ་ཟད། གློག་རྒྱུན་གྱི་ཁ་ཕྱོགས་ནི་ཁུར་ཕོ་རྒྱུ་བའི་ཁ་ཕྱོགས་དང་གཅིག་པར་ངོས་བཟུང་ཡོད། སྤྱི་སྲོལ་ལྟར་ན། གློག་རྒྱུན་གྱི་ཁ་ཕྱོགས་ནི་གློག་རྡུལ་ཏེ། ཁུར་མོ་རྒྱུ་བའི་ཁ་ཕྱོགས་ཀྱི་ལྡོག་ཕྱོགས་ཡིན།
དུས་ཚོད་t ནང་དུ་ཁྲིད་གཟུགས་ཤིག་བརྒྱུད་དེ་སྨར་ཁུར་(Net Charge)Q རྒྱུ་བ་ཡིན་ཚེ། ཁྲིད་གཟུགས་དེའི་ནང་གི་གློག་རྒྱུན་I ནི་གཤམ་ལྟར་འཚོལ་ཐུབ།
དེ་ནང་དོན་གི་
- Q ནི་སྨར་ཁུར་(Net Charge)རྒྱུ་བ་ཡིན།
- t ནི་དུས་ཚོད་སྐར་ཆའི་ནང་ཡིན།
- I ནི་གློག་རྒྱུན་ཨེམ་ཕེར་ (ampereཡིན།)
རྒྱལ་སྤྱིའི་ཚད་གཞི་རུ། ཁུར་ནི་ཁུ་ལོམ་པ་(Coulomb)ཞེས་པས་འཇལ་བ་དང། མཚོན་རྟགས་སུ་C འབྲི་བ་ཡིན། ཁུ་ལོམ་པ་གཅིག་ནི་གློག་རྡུལ་གྲངས་6×1016 གི་ཁུར་དང་ཕལ་ཆེར་མཚུངས་པ་ཡིན། ༼གློག་རྡུལ་གཅིག་ལ་ཁུར་མོ་1.6x10- 19ལྡན་ཡོད།༽ གློག་རྒྱུན་ནི་ཨེམ་ཕེར་གྱི་ཚད་གཞིས་འཇལ་བ་དང། མཚོན་རྟགས་A འབྲི་བ་ཡིན། ཨེམ་ཕེར་ཞེས་པ་ནི་ཧྤ་རན་སིའི་ཚན་རིག་པ་ཨན་ཌརེ་ཨེམ་ཕེར་ Andre Amphere གྱི་མིང་ལས་བླངས་པ་ཡིན། ཨེམ་ཕེར་གཅིག་ནི་སྐར་ཆ་རེར་ཁུར་ཁུ་ལོམ་པ་རེ་རྒྱུ་བ་དང་མཚུངས་པས་ན།
ལྟར་འབྲི་ཆོག གློག་རྒྱུན་ཉུང་ངུ་ཡིན་ཚེ། མི་ལི་ཨེམ་ཕེར་རམ། མའི་ཁརོ་ཨེམ་ཕེར་གྱིས་འཇལ་བ་དང། གློག་ལམ་ཞིག་གི་ནང་དུ་གློག་རྒྱུན་ཇི་ཙམ་ཡོད་མེད་འཇལ་བའི་ཡོ་ཆས་ལ་ཨེམ་མི་ཊར་ཟེར་ཞིང། ཨེམ་མི་ཊར་ནི་ག་དུས་ཡིན་རུང་གློག་ལམ་དང་ཕྲེང་འབྲེལ་བྱས་ཏེ། གློག་ཤུགས་འཚོལ་དགོས། དཔེ་རིས་༡༢་༡ ནི་གློག་ལམ་ཞིག་ལ་ཤེལ་ཏོག་དང། གློག་སྨན། གསད་ སྤར། ཨེམ་མི་ཊར་བཅས་མཐུད་པའི་བྲིས་རིས་ཤིག་ཡིན། འདིར་ངེས་དགོས་པ་ཞིག་ནི། གློག་སྨན་གྱི་ཕོ་སྣེ་ནས་ཤེལ་ཏོག་དང། ཨེམ་མི་ཊར་བརྒྱུད་དེ་མོ་སྣེའི་ཕྱོགས་སུ་གློག་རྒྱུན་རྒྱུ་བ་ཡིན།
གློག་སྐུད་དུ་ཁུར་རྒྱུ་ཚུལ།
[རྩོམ་སྒྲིག]ལྕགས་རིགས་ཀྱིས་ཇི་ལྟར་བྱས་ནས་གློག་བརྒྱུད་ཁྲིད་བྱེད་པ་ཡིན་ནམ། སྲ་བའི་ཁྲིད་གཟུགས་ནང་དུ་ནུས་པ་ཞན་པའི་གློག་རྡུལ་གྱི་རྒྱུ་ནུས་ཞན་པར་བསམ་སྲིད། སྤྱིར་བཏང་གི་སྲ་གཟུགས་ནི་འཚག་ཧ་ཅང་དམ་པའི་མ་རྡུལ་གྱིས་གྲུབ་པ་ཡིན་རྐྱེན། གློག་རྡུལ་རྒྱུ་བའི་གནས་མེད་པ་ལྟ་བུར་སྣང་ཡང། སྲ་བའི་ཁྲིད་གཟུགས་ནང་དུ་གློག་རྡུལ་ལས་སླ་པོའི་ངང་རྒྱུ་ཐུབ། འོན་ཀྱང། ཁྲིད་གཟུགས་ནང་གི་གློག་རྡུལ་གྱི་འགུལ་སྐྱོད་དང། བར་སྣང་སྟོང་པ་རུ་རྒྱུ་བའི་གློག་ཁུར་གྱི་འགུལ་སྐྱོད་དབར་ཁྱད་པར་ཆེན་པོ་ཡོད། ཁྲིད་གཟུགས་ཤིག་གི་ནང་དུ་གློག་རྒྱུན་བརྟན་པོ་ཞིག་རྒྱུ་བཞིན་ཡོད་ཚེ། ཁྲིད་གཟུགས་དེའི་ནང་གི་གློག་རྡུལ་ནི། གཡམ་རྒྱུག་མྱུར་ཚད་(drift speed)ཅེས་ཆ་སྙོམས་ཀྱི་མྱུར་ཚད་བརྟན་པོས་རྒྱུ་བ་ཡིན། འོན་ཀྱང། ཟངས་སྐུད་དུ་རྒྱུ་བའི་གློག་རྒྱུན་གྱི་གཡམ་རྒྱུག་མྱུར་ཚད་ནི་སྐར་ཆ་རེར་མི་ལི་མི་ཊར་གཅིག་(1mms-1)ཙམ་ལས་མེད་རྐྱེན། མྱུར་ཚད་ཧ་ཅང་དམའ་པོ་ཡིན། འོ་ན། འདི་ལྟའི་མྱུར་ཚད་དམའ་པོ་ཞིག་ཡིན་ཚེ། རྒྱུན་གཏན་ང་ཚོས་གློག་སྒོ་སྤར་མ་ཐག་ཤེལ་ཏོག་འབར་བའི་རྒྱུ་མཚན་གང་ཡིན་ནམ། དེ་ནི་གློག་སྣེ་གཅིག་ནས་རྒྱུ་བའི་གློག་རྒྱུན་དེ་ཤེལ་ཏོག་བརྒྱུད་དེ་གློག་སྣེ་གཞན་དེར་འབྱོར་བ་ཙམ་གྱིས་ཤེལ་ཏོག་འབར་མི་ཐུབ། གང་ཡིན་ཟེར་ན། གློག་སྐུད་ནང་དུ་གློག་ རྡུལ་གྱི་གཡམ་རྒྱུག་བྱེད་ཚད་ནི་ཧ་ཅང་དམའ་པོ་ཡིན། གློག་རྒྱུན་གྱི་རྒྱུགས་ཤུགས་དངོས་ནི་གློག་གི་མགྱོགས་ཚད་དང་ཕལ་ཆེར་མཉམ་པ་ཡིན། གནད་དོན་འདིའི་སྐོར་ཧ་ཅང་ངོ་མཚར་ཆེ་བ་ཞིག་ཡིན་ཡང།
གློག་གི་ཤུགས་ཁྱད།
[རྩོམ་སྒྲིག]གློག་ཁུར་རྒྱུ་བའི་རྐྱེན་གང་ཡིན་ནམ། སྦུ་གུ་ཞིག་ལ་འགུལ་སྐྱོད་མེད་པར་ཐད་ཀར་བཞག་ཚེ། དེའི་ནང་གི་ཆུ་ཕྱོགས་གང་དུ་ཡང་རྒྱུ་མི་ཐུབ། དེ་ནི་སྦུ་གུའི་ཕྱོགས་གཉིས་ཀའི་གནོན་ཤུགས་མཚུངས་པས་ཡིན། དེ་བཞིན། རང་དགར་བཞག་པའི་ཟངས་སྐུད་དུ་ཁུར་རྒྱུ་མི་ཐུབ། གལ་ཏེ་སྦུ་གུ་ཞིག་གི་སྣེ་ཆུས་ཁེངས་པའི་ཆུ་མཛོད་ཆེན་པོ་ཞིག་དང་སྦྲེལ་རྗེས། སྦུ་གུ་དེ་དྲང་འཕྲེད་དུ་བཞག་ཚེ། སྦུ་གུའི་སྣེ་གཉིས་པོའི་གནོན་ཤུགས་ལ་ཁྱད་པར་བྱུང་བས་ན། སྦུ་གུའི་སྣེ་གཅིག་ནས་ཆུ་ལས་སླ་པོའི་ངང་རྒྱུ་བ་ཡིན། གློག་སྐུད་དུ་རྒྱུ་བའི་ཁུར་ལ་འཐེན་ཤུགས་ཀྱིས་རྐྱེན་གང་ཡང་བྱེད་མི་ཐུབ། གློག་སྐུད་དུ་གློག་གི་གནོན་ཤུགས་ལ་ཁྱད་པར་བྱུང་ཚེ། གཞི་ནས་གློག་རྡུལ་འགུལ་སྐྱོད་བྱུང་བ་ཡིན། གློག་གི་གནོན་ཤུགས་ཀྱི་ཁྱད་པར་ལ་ཤུགས་ཁྱད་(Potential difference)ཟེར། དེ་ལ་གློག་གནོན་ཡང་ཟེར།
ཁྲིད་གཟུགས་ཤིག་གི་ཤུགས་ཁྱད་དམ་གློག་གནོན་ནི། གློག་རྫས་སམ་གློག་སྨན་གྱིས་བཟོ་བ་ཡིན། གློག་ལམ་དུ་གློག་རྒྱུན་མུ་མཐུད་དེ་གནས་དགོས་ཚེ། གློག་སྨན་དུ་གསོག་འཇོག་བྱས་པའི་རྫས་ནུས་སྤྱོད་དགོས། གློག་རྒྱུན་ལྡན་པའི་གློག་ལམ་ཞིག་གི་སྣེ་གཉིས་བར་གྱི་ཤུགས་ཁྱད་ནི། ཁུར་ཚད་གཞི་ཞིག་གློག་ལམ་གྱི་སྣེ་གཅིག་ནས་སྣེ་གཞན་དུ་འགུལ་སྐྱོད་བྱེད་པའི་རྩོལ་བར་བརྗོད་པ་ཡིན། རྩིས་འགྲོས་ལྟར་བྱས་ན།
དེ་ནང་དོན་འཞིན།
- V སྣེ་གཉིས་བར་གྱི་ཤུགས་ཁྱད།(V) མཚོན།
- W རྩོལ་བ་བཏོན་པ།(W) མཚོན།
- Q ཁུར།(Q) མཚོན།
རྒྱལ་སྤྱིའི་ལུགས་སུ། གློག་གི་ཤུགས་ཁྱད་འཇལ་བའི་ཚད་གཞི་ནི་ཝོལ་ཊི་ཡིན་པ་དང། མཚོན་རྟགས་སུ་ V འབྲི་བ་དང། ཝོལ་ཊི་ཞེས་པ་ནི་ཨི་ཊ་ལི་ཡི་དངོས་ཁམས་ཚན་རིག་པ་ཨལེ་སན་ཌེརོ་ཝོལ་ཊི་མིང་ནས་བླངས་པ་ཡིན། ཁུར་ཁུ་ལུམ་པ་ 1 ཁྲིད་གཟུགས་ཀྱི་སྣེ་གཅིག་ནས་སྣེ་གཞན་དུ་འགུལ་བར་རྩོལ་བ་ཇུལ་ 1 བཏོན་ཡོད་ཚེ། གློག་རྒྱུན་ལྡན་པའི་ཁྲིད་གཟུགས་དེའི་སྣེ་གཉིས་བར་གྱི་ཤུགས་ཁྱད་ནི་གཤམ་ལྟར་འཚོལ་ཐུབ།
དེ་ནང་དོན་འཞིན།
- V སྣེ་གཉིས་བར་གྱི་ཤུགས་ཁྱད།(V) མཚོན།
- W རྩོལ་བ་བཏོན་པ། ཇུལ། 1(W) མཚོན།
- JC ཁུ་ལུམ་པ། 1 མཚོན།
གློག་གི་ཤུགས་ཁྱད་ནི་ཝོལ་ཊི་མི་ཊར་ཞེས་པའི་ཡོ་ཆས་ཀྱིས་འཇལ་བ་ཡིན། ཝོལ་ཊི་མི་ཊར་ནི་ག་དུས་ཡིན་རུང་ཤུགས་ཁྱད་འཇལ་དགོས་པའི་གློག་ལམ་གྱི་སྣེ་གཉིས་དང་གཤིབ་སྦྲེལ་བྱེད་པ་ཡིན། ཤུགས་ཁྱད་ 12V ལྡན་པའི་གློག་ལམ་ཞིག་གི་སྣེ་གཉིས་བར་དུ་ཁུར་ 2C འགུལ་དགོས་ཚེ། རྩོལ་བ་ག་ཚོད་འདོན་དགོས་སམ། ཤུགས་ཁྱད་ 12V ལྡན་པའི་གློག་ལམ་བརྒྱུད་དེ་འགུལ་བའི་ཁུར་གྱི་འབོར་ནི་ 2C ཡིན། དེས་ན། ཁུར་དེ་ཙམ་འགུལ་ཕྱིར་བཏོན་པའི་རྩོལ་བའི་འབོར་ནི་མཉམ་བྱ་ལྟར་བྱས་ན།
གློག་ལམ་གྱི་དཔེ་རིས།
[རྩོམ་སྒྲིག]དཔེ་རིས་ནང་དུ་གསལ་བ་ལྟར། གློག་ལམ་ནི་གློག་སྨན་ནམ། གློག་རྫས་དང། གསད་སྤར། གློག་སྐུད་ སོགས་གློག་ཆས་ཀྱི་གྲུབ་ཆ་གཞན་གྱིས་གྲུབ་ཡོད། གློག་ལམ་གྱི་གྲུབ་ཆ་དེ་དག་ནི་མཚོན་རྟགས་སྤྱད་དེ་རི་མོས་མཚོན་ པར་བྱས་ཚེ་ཧ་ཅང་སྟབས་བདེ་ཡོད། རེའུ་མིག་༡༢་༡ རྒྱུན་གཏན་རྩ་འཛིན་བྱེད་པའི་གློག་ལམ་གྱི་གྲུབ་ཆའི་མཚོན་རྟགས་ ཁག་ཅིག་བཀོད་ཡོད།