གློག་འགུལ་སོ་བཀྲུ་

ཡོང་ཁུངས་Wikipedia

གློག་འགུལ་སོ་བཀྲུ་དང་སྤྱིར་བཏང་སོ་བཀྲུའི་ཁྱད་པར།[རྩོམ་སྒྲིག]

༼ ༡ ༽ གློག་འགུལ་སོ་བཀྲུ་དེ་བས་སྟབས་བདེ་དང་ཤུགས་གྲོན་ཆུང་ཐུབ་ཀྱི་ཡོད་ལ་སྤྱིར་བཏང་གི་སོ་བཀྲུ་ལྟར་ཡུན་རིང་སྤྱད་ཚེ་ལག་ངར་ལ་ན་ཟུག་གཏོང་ཀྱི་མེད།

༼ ༢ ༽ གློག་འགུལ་སོ་བཀྲུ་དེ་སྤྱིར་བཏང་སོ་བཀྲུ་ལས་རིན་གོང་དེ་བས་མཐོ་བ་ཡོད་པ་མ་ཟད་ད་དུང་གློག་འགུལ་སོ་བཀྲུ་འགའ་རེར་གློག་རྫས་བརྗེ་ལེན་དང་གློག་གསོག་དགོས་པ་བཅས་མ་རྩ་དེ་བས་མཐོ་བ་ཡོད།

༼ ༣ ༽ གློག་འགུལ་སོ་བཀྲུ་དེ་མི་ཚང་མས་སྤྱད་ཆོག་པ་ཞིག་མིན་ཏེ་གང་ཡིན་ཞེ་ན།གློག་འགུལ་སོ་བཀྲུ་དེ་ལག་པ་བེར་ཤུགས་ཅུང་ཆེ་བ་དང་འཛེར་སྒྲ་ཡང་ཆེ་བས་མི་འགའ་རེར་མགོ་ཡུ་འཁོར་འགྲོ་གི་ཡོད།དེ་མིན་ཕྲུ་གུས་གློག་འགུལ་སོ་བཀྲུ་སྤྱད་ན་མི་འཚམ།

དོན་དངོས་ཐོགཡང་དག་གི་སོ་བཀྲུ་ཐབས་ལྟར་སོ་འཁྲུད་ཚེ་གློག་འགུལ་དང་ལག་འགུལ་གྱི་སོ་བཀྲུ་གཉིས་ཀྱི་གཙང་དག་ནུས་པ་འདྲ་པོ་ཡིན་པ་དང་སོ་བཀྲུ་ནི་སོ་བཀྲུ་བྱེད་ཀྱི་ལག་ཆ་ཙམ་ཞིག་ཡིན་པས་དེར་ཚད་བརྒལ་གྱིས་བློས་འགེལ་མི་རུང་ཞིང་སོ་བཀྲུའི་བསམ་བློ་དང་བྱ་ཐབས་ནི་དེ་བས་གལ་འགངས་ཆེ་བ་ཡིན།སྤྱིར་བཏང་གི་ལག་འགུལ་སོ་བཀྲུས་ཀྱང་སོ་གཙང་མ་བཀྲུ་ཐུབ་ཀྱི་ཡོད།

སོ་ལ་གནོད་སྐྱོན་བྱུང་ཚེ་སླར་གསོ་བྱེད་ཐབས་མིདཔས་སོ་བཀྲུས་སོ་ལ་བརྡར་སྐྱོན་མི་ཐེབས་པའི་ཆེད་གནས་མི་འདྲ་བའི་སོ་ལ་གཞིགས་ཏེ་ཤུགས་ཚད་རན་པོ་ནས་འཁྲུད་དགོས།

པར་རིས་བར་འཁྱམས།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག[རྩོམ་སྒྲིག]