Jump to content

གྲོའི་པགས་པ།

ཡོང་ཁུངས་Wikipedia

གྲོ་ལྤགས་ནི་གྲོ་ཞིབ་འཐག་རྗེས་ཀྱི་ཞོར་ཐོན་དངོས་པོ་ཞིག་ཡིན་ཞིང་། གྲོའི་བོངས་ཚད་ཀྱི་༡༠%བཟུང་གི་ཡོད། གྲོ་ཞིབ་འཐག་པའི་དམིགས་ཡུལ་དང་ཞིབ་ཚད་མི་འདྲ་བར་བརྟེན་ནས་གྲོ་ལྤགས་གིས་བཟུང་བའི་བསྡུར་ཚད་ཀྱང་ཧེ་བག་ཅུང་ཆེ་ཙམ་ཡོད་ལ་འཚོ་བཅུད་རྒྱུ་ཆའང་འདྲ་ཡི་མེད། གྲོ་ལྤགས་ལ་རང་བྱུང་བཞའ་ལྡན་ཚད་༡༠.༠%ཟིན་ཞིང་། མཐོ་ཤོས་༡༢.8%དང་དམའ་ཤོས་༦.༣%ཟིན་གྱི་ཡོད། གྲོ་ལྤགས་ལ་ཚི་སྣ་རྩིང་པོ་ལྡན་ཚད་༩.༥%ཟིན་པ་དང་། གྲོ་ཞིབ་མང་བ་དོན་ན་གྲོ་ལྤགས་ལ་ཚི་སྣ་རྩིང་པོ་ལྡན་ཚད་ཀྱང་མཐོ་བ་དང་ཏན་མེད་བཙིར་རྫས་ཀྱང་ཉུང་དུ་སོང་ནས་གྲོ་ལྤགས་ནང་དུ་གྲོ་ཞིབ་མང་བ་འབྱར་ཏེ་འཇུ་ཚད་མཐོ་རུ་འགྲོ་ཡི་ཡོད།

གྲོ་ལྤགས་ལ་ཅུང་ཕུན་སུམ་ཚོགས་པའི་མཱན་དང་། ཏི་ཚ། སེ་བཅས་དང་དེ་བཞིན་གསོ་བཅུད་Bའདུས་ཡོད་ཀྱང་གསོ་བཅུད་B༡༢མེད་པ་དང་། ལིན་མང་ཙམ་ཡོད་ཀྱང་ཀལ་ཉུང་ཞིང་། ལིན་ནང་རྩི་ཤིང་གི་ལིན་སྐྱུར་གསུམ་ཆ་གཉིས་ཟིན་གྱི་ཡོད་པས་ཕག་པ་དང་བྱ་རིགས་ཀྱིས་འཇུ་ཁག་པོ་ཡོད། གཞན་ཡང་། གྲོ་ལྤགས་སོབ་སོབ་ཡིན་པ་དང་། ཤོང་ཚད་ཆེ་བ། ཁ་ལ་འཕྲོད་བདེ་བ་བཅས་ཡོད་པས་ཁྱིམ་ཕྱུགས་ཚང་མའི་གཟན་ཆག་ཡག་པོ་ཞིག་རེད། བཞོན་མ་དང་རྟའི་རིགས་ཀྱི་སྲོག་ཆགས་ལ་མང་པོ་སྟེར་ཆོག་པ་དང་ཕོ་བ་དང་རྒྱུ་ལམ་འགུལ་རྒྱུར་ཕན་ནས་འཇུ་ལམ་ཐང་པོ་ཡོང་གི་ཡོད། མ་ཕྱུགས་དང་ལྷག་པར་དུ་བཙའ་ལ་ཉེ་བ་དང་འོ་མ་ཐོན་པའི་དུས་སུ་སྟེར་ན་བདེ་སྲུང་གི་ནུས་པ་ཐོན། གྲོ་ལྤགས་ནི་ཕག་གསེབ་ཀྱི་གཟན་ཆག་ཡག་པོ་ཞིག་ཡིན་ལ་བྱ་མོའི་གཟན་ཆག་ཡག་པོ་ཞིག་ཀྱང་ཡིན་པས་ཉིན་རེའི་གཟན་ཆག་གི་གར་སླ་སྙོམས་སྒྲིག་བྱས་ན་རྒྱུན་གཏན་གྱི་འཇུ་བྱེད་ལ་ཕན་ཐོགས་ཡོད། ལྷག་པར་དུ་རླུང་ཙིའི་ནང་བྱ་དེ་མང་པོ་གསོ་བའི་རིགས་ལ་དེ་བས་ཀྱང་ཕན་ཐོགས་མངོན་གསལ་དོད་པོ་ཡོད། གསོ་ཚགས་དུས་ཡུན་ཚོད་འཛིན་བྱེད་པ་དང་འཚར་ལོངས་ཡོང་བཞིན་པའི་བྱ་དེར་ཉིན་རེར་གྲོ་ལྤགས་༣༠%སྟེར་ན་ཕན་ནུས་ཡག་པོ་ཐོན་གྱི་ཡོད།

གྲོ་ལྤགས་ནི་བདེ་སྲུང་ནུས་པ་ལྡན་པའི་གཟན་ཆག་ཅིག་རེད། འོན་ཀྱང་གྲོ་ལྤགས་རུལ་སླ་བ་དང་ཧམ་སྤུ་རྒྱག་སླ་བས་ཉར་ཚགས་བྱེད་སྐབས་ངེས་པར་དུ་སྐམ་ས་དང་བསིལ་སར་འཇོག་དགོས།

གྲོ་ལྤགས་སྤྱོད་ཚད་ནི། ཕག་པར་སྟེར་སྐབས་སྤྱིར་ན་ཉིན་རེའི་གཟན་ཆག་གི་༡༢%ནས་༡༥%བར་དང་། ཕག་ཕྲུག་ལ་༥% བྱ་ཕྲུག་ལ་༣%ནས་༤%བར། བྱ་དེ་དར་མར་༣༠%ནས་༤༠%བར། བྱ་མོར་༥%ནས་༡༠%བར། བཙས་གཞུག་མ་ཕྱུགས་ལ་༢༠%ནས་༢༥%བར་བཅས་སྟེར་དགོས་པ་དང་། སྤྱིར་ན་རྟ་དྲེལ་གྱི་གཟན་ཆག་སྤུས་དག་ནང་༣༠%ནས་༤༠%བར་བསྲེས་ནས་སྟེར་ཆོག གཞན་ཡང་། དབྱར་ཁར་དེ་མཚུངས་ཀྱིས་མང་ཙམ་སྟེར་བ་དང་དགུན་ཁར་ཉུང་ཙམ་སྟེར་ཆོག

པར་རིས་བར་འཁྱམས།

[རྩོམ་སྒྲིག]

ད་དུང་གཟིགས།

[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།

[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག

[རྩོམ་སྒྲིག]