Jump to content

གྲོང་གསེབ་ཀྱི་ས་ཞིང་བརྒྱུད་བཤུག་མཉམ་ལས་ཁང་ཟེར་བ་

ཡོང་ཁུངས་Wikipedia

གྲོང་གསེབ་ཀྱི་ས་ཞིང་བརྒྱུད་བཤུག་མཉམ་ལས་ཁང་ཟེར་བ་ནི་ཁྱིམ་ཚང་གིས་འགན་གཙང་བླངས་ནས་གཉེར་སྐྱོང་བྱེད་པའི་རྨང་གཞིའི་ཐོག གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་གཉེར་སྐྱོང་དབང་ཆ༼ཡང་ན་ནགས་སའི་གཉེར་སྐྱོང་དབང་ཆ༽ཡོད་པའི་ཞིང་པ་དང་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་རྩ་འཛུགས་ཀྱིས་ཁྱིམ་ཚང་གིས་ས་ཞིང་འགན་གཙང་བླངས་ནས་གཉེར་སྐྱོང་བྱེད་པའི་ས་ཞིང་ཁ་ཐོར་དུ་གནས་པ་དང་། ཕན་འབྲས་མཐོ་པོ་མེད་པ། ཁྲོམ་རའི་ཆ་འཕྲིན་གསང་པོ་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། རང་མོས་ཀྱིས་མཉམ་འབྲེལ་དང་དམངས་གཙོས་དོ་དམ་བྱས་ཏེ་ཁྱིམ་ཚང་གིས་འགན་གཙང་བླངས་པའི་ས་ཞིང༼ཡང་ན་ནགས་ས༽གི་གཉེར་སྐྱོང་དབང་ཆ་མ་རྐང་དུ་འཇོག་པ་དང་། མངགས་བཅོལ་ཚབ་རྨོ། བརྒྱུད་བཤུག་བྱེད་སྟངས་གཞན་བཅས་ལ་བརྟེན་ནས་གཅིག་སྡུད་གཅིག་གྱུར་གྱིས་འཆར་འགོད་དང་གཅིག་གྱུར་ངང་གཉེར་སྐྱོང་བྱེད་པའི་གྲོང་གསེབ་ཀྱི་རོགས་རེས་རྣམ་པའི་མཉམ་ལས་ཀྱི་དཔལ་འབྱོར་རྩ་འཛུགས་ཤིག་རེད། དེས་མ་རྐང་ལམ་ལུགས་དང་མཉམ་ལས་ལམ་ལུགས་རྩ་བར་བྱས་ཏེ༼དབང་གསུམ་ལོགས་དབྱེ༽ལག་ལེན་བསྟར་བ་སྟེ། གྲོང་གསེབ་མཉམ་སྡེབ་ལ་དབང་བའི་ས་ཞིང་གི་བདག་དབང་དང་། ཞིང་པར་དབང་བའི་ས་ཞིང་འགན་གཙང་ལེན་དབང་ཆ། ས་ཞིང་བརྒྱུད་བཤུག་མཉམ་ལས་ཁང་ལ་དབང་བའི་ས་ཞིང་གི་གཉེར་སྐྱོང་དབང་ཆ་བཅས་ཡིན་ཞིང་། ཁོངས་མིའི་འཐུས་མི་ཚོགས་ཆེན་དང་། ལས་འཛིན་ལྷན་ཚོགས། ལྟ་བཤེར་ལྷན་ཚོགས་བཅས་ཀྱི་དོ་དམ་ལམ་ལུགས་ལག་ལེན་བསྟར་ནས་ཞིང་པས་མཉམ་ལས་ཁང་གི་མ་རྐང་ལ་བཞག་པའི་ས་ཞིང་གི་རྒྱ་ཁྱོན་ལ་གཞིགས་ཏེ་མཉམ་ལས་ཁང་ནས་ཁེ་སྤོགས་བགོ་ཡི་ཡོད།

པར་རིས་བར་འཁྱམས།

[རྩོམ་སྒྲིག]

ད་དུང་གཟིགས།

[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།

[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག

[རྩོམ་སྒྲིག]