Jump to content

གྲང་སྦྱོར་

ཡོང་ཁུངས་Wikipedia

གྲང་སྦྱོར་ནི་བོད་སྨན་གྱི་རིགས་ཤིག་ཡིན་པ་དང་། ཕན་ནུས་ནི་ཕོ་བར་ཚ་ཤར་བརྒྱབ་པ། ཁྲག་ནག་དུད་ཁུ་སྐྱུགས་པ། བཤལ་བ། འདུས་ནད་སྨུག་པོའི་ནད། གཅོང་ནད།ཁྲག་མཁྲིས་ཀྱི་ནད། བད་རླུང་གི་ནད། མགོའི་རྨ།བྲང་ཁོག་གི་རྨ། ཡན་ལག་གི་རྨ།མཛེ་འབྲས། ཚད་རྙིང་། རིམས་ནད། རྒྱུ་གཟེར། ཁྱི་དུག་སོགས་ལ་ཕན་པས་ཉིན་རེར་ཞོགས་པ་ལྟོ་ཆས་མ་བཟས་གོང་རིལ་བུ་གཅིག་བཟས་ན་འགྲིག