Jump to content

གུ་རུ་མཚན་བརྒྱད་

ཡོང་ཁུངས་Wikipedia

དང་པོ་གུ་རུ་མཚན་བརྒྱད་བྱོན་ཚུལ་ནི༔ ཁམས་གསུམ་སེམས་ཅན་བདེ་ལ་བསྐོད༔ གུ་རུ་པདྨ་མ་འབྱུང་གནས་ཡིན༔ བསྟན་པའི་མངའ་བདག་ཆོས་ཀྱི་རྗེ༔ གུ་རུ་པདྨ་སམ་བྷ་ཡིན༔ སྐྱོན་གྱིས་མ་གོས་སྡེ་སྣོད་འཛིན༔ གུ་རུ་པདྨ་རྒྱལ་པོ་ཡིན༔ བདེ་བ་ཐམས་ཅད་སྐུ་ལ་རྫོགས༔ གུ་རུ་རྡོ་རྗེ་གྲོ་ལོད་ཡིན༔ ཐེག་དགུའི་མཉམ་ཉིད་ནམ་མཁར་བརྡལ༔ གུ་རུ་ཉི་མ་འོད་ཟེར་ཡིན༔ སྐུ་ལུས་གཅིག་ལ་བཀོད་པ་བརྒྱད༔ གུ་རུ་ཤཱཀྱ་སེངྒེ་ཡིན༔ རིགས་དྲུག་ཀུན་ལ་ཆོས་སྒྲ་སྒྲོག༔ གུ་རུ་སེངྒེ་སྒྲ་སྒྲོག་ཡིན༔ ཤེས་བྱ་ཐམས་ཅད་མཁྱེན་མཛད་པའི༔ གུ་རུ་བློ་ལྡན་མཆོག་སྲེད་ཡིན༔ གུ་མཚན་བརྒྱད་ཀྱི་ལེའུ་སྟེ་དང་པོའོ༔


གུ་རུ་པདྨ་འབྱུང་གནས།


གུ་རུ་པད་མ་སམ་བྷ།


གུ་རུ་པདྨ་རྒྱལ་པོ།


གུ་རུ་རྡོ་རྗེ་གྲོ་ལོད།


གུ་རུ་ཉི་མའི་འོད་ཟེར།


གུ་རུ་ཤཱཀྱ་སེངྒེ།


གུ་རུ་སེངྒེ་སྒྲ་སྒྲོག།


གུ་རུ་བློ་ལྡན་མཆོག་སྲིད།

རྒྱ་གར་པན་ཆེན་བོད་ལ་བཀའ་དྲིན་ཆེ།། པདྨ་འབྱུང་གནས་སྐུ་ལ་འདས་འཁྲུངས་མེད།། ད་ལྟ་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད།། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས།།