Jump to content

གསོན་ཉམས་ལྡན་པའི་ཕ་ཡུལ།

ཡོང་ཁུངས་Wikipedia

ཕ་ཡུལ་ནི་རང་སེམས་ནས་ནམ་ཡང་བརྗེད་མི་ཐུབ་པའི་ཕ་མ་ལྟ་བུ་ཤིག་ཡིན།

ནང་དོན་

[རྩོམ་སྒྲིག]

བོད་ལྗོངས་གངས་ལྷ་སྤུན་བདུན་མཉམ་གཞས་ཚོགས་པས་བཏང་བའི་གླུུ་གཞས་ ཚིག ཕུན་ཚོགས་རྡོ་རྗེ། གདངས། བསོད་མ་ཉི།

གཞས་ཚིག

[རྩོམ་སྒྲིག]

རི་བོ་གྲུ་འཛིན་མེས་པའི་བློ་གྲོས་འདྲ། གནས་མཆོག་ལྷ་ས་ལྷ་ཡུལ་གཉིས་པ་འདྲ། ཇོ་ཤག་རྣམ་གཉིས་བོད་མིའི་མནའ་སྐལ་འདྲ། བུ་མོ་ང་ནི་སྐལ་བཟང་མེ་ཏོག་འདྲ།

ཡར་ལུང་གཙང་པོ་བོད་མིའི་ཨ་མ་འདྲ། སྤྲིའུ་བྲག་ཕུག་བོད་མིའི་ལྷ་རྒྱལ་འདྲ། ཡུམ་བུ་བླ་སྒང་གནམ་གྱི་སྐས་འཛེགས་འདྲ། བུ་མོ་ང་ནི་བྱུ་རུ་མེ་ཏོག་འདྲ།

མཆོད་ཆང་ཞིམ་པོ་རྡུད་ཙིའི་སྙིང་ཁུ་འདྲ། སྒྲ་སྙན་སྙན་པོ་གཞིས་རྩེའི་རྒྱུད་བསྔགས་འདྲ། འབྲུ་རིགས་སྣ་མང་བོད་མའི་འཚོ་རྟེན་འདྲ། བུ་མོ་ང་ནི་སྤངས་རྒྱན་མེ་ཏོག་འདྲ།

རྩྭ་ཐང་ཡངས་པོ་ཀུན་གྱི་བྲོ་རྭ་འདྲ། དཀར་ཆུ་འོ་མ་རྒྱ་མཚོ་སྐྱིལ་དང་འདྲ། རྫི་གླུ་སྙན་པོ་རྣ་བའི་གསོལ་ཐང་འདྲ། བུ་མོ་ང་ནི་གསེར་ཁྲི་མེ་ཏོག་འདྲ།

རྫ་ཚལ་ནགས་ཚལ་གཡུ་ཡི་གཞོང་པ་འདྲ། དཔྱིད་གླུའི་ནེ་ཙོ་ཀོང་པའི་ཕོ་ཉ་འདྲ། སྔོ་སྨན་སྣ་བརྒྱ་ཟས་ཀྱི་སྙིང་བཅུད་འདྲ། བུ་མོ་ང་ནི་ཁམ་བུའི་མེ་ཏོག་འདྲ།

རྫ་ཆུ་ངོམ་ཆུ་དངུལ་གྱི་འགུལ་རྒྱན་འདྲ། ཏ་མ་རི་བོ་ཡུལ་གྱི་ཕྱགས་བརླན་འདྲ། གེ་སར་ལྷ་སྒྲུང་རྣ་བའི་བུ་རམ་འདྲ། བུ་མོ་ང་ནི་ཏ་མ་མེ་ཏོག་འདྲ།

གངས་དཀར་ཏི་སི་ཞིང་གི་མཆོད་རྟེན་འདྲ། མ་ཕམ་གཡུ་མཚོ་གཡུ་ཡི་མེ་ལོང་འདྲ། ཞངས་ཞུངས་ཤེས་རིག་ནོར་བུའི་བང་མཛོད་འདྲ། བུ་མོ་ང་ནི་གངས་ལྷ་མེ་ཏོག་འདྲ།