གནམ་ལོ་གསར་ཚེས།
གནམ་ལོ་གསར་ཚེས་ཞེས་པ་ནི་སྤྱི་ཟླ་༡པོའི་ཚེས་༡ཉིན་ལ་གོ་བ་དང་འཛམ་གླིང་ཐོག་རྒྱལ་ཁབ་མང་ཆེ་བས་ངོས་སུ་འཛིན་པའི་ “ལོ་གསར་”ཞེས་པ་དེ་ཡིན། “གནམ་ལོ་གསར་ཚེས”ནི་“ཐོག་མའམ་འགོ་ཚུགས་ཉིན་མོར”གོ་བ་ཡིན། “གནམ་ལོ་གསར་ཚེས”ཞེས་པའི་མིང་ཚིག་དེ་ནི་རང་རྒྱལ་གྱི་རྩོམ་རིག་བརྩམས་ཆོས་《ཅིན་ཧྲུ》ཁྲོད་ཐོན་སྔ་ཤོས་ཡིན་པ་དང་ཀྲུང་གོའི་ལོ་རྒྱུས་ཐོག་གི་“གནམ་ལོ་གསར་ཚེས་”ཞེས་པ་ནི་“སྤྱི་ཟླ་༡པོའི་ཚེས་༡ཉིན་”ལ་གོ་ཞིང་“སྤྱི་ཟླའི”རྩིས་རྒྱག་ཐབས་ནི་ཧན་ཝུའུ་ཏི་དུས་སྐབས་གོང་གཅིག་གྱུར་ཞིག་རྩ་བ་ནས་བྱུང་མེད་པས་དུས་རབས་ཁག་གི་གནམ་ལོ་གསར་ཚེས་ཀྱི་ཉིན་དུས་ཀྱང་གཅིག་གྱུར་ཞིག་མེད། ལྕགས་ཕག་ལོའི་གསར་བརྗེའི་རྗེས། “སོ་ནམ་ལས་དུས་དང་མཐུན་ཞིང་བསྡོམས་རྩིས”བདེ་བའི་ཆེད་དུ་མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་དང་པོར་སྤྱི་ཟླ་སྤྱད་རྒྱུར་གཏན་ཁེལ་བྱས་(དངོས་སུ་སྤྱོད་པའི་ལོ་དུས་ནི་༡༩༡༢ལོར་ཡིན)པ་དང་སྦྲགས་ལུགས་གསར་ཟླ་༡པོའི་ཚེས་༡ཉིན་“ལོ་གསར”དུ་གཏན་ཁེལ་བྱས། འོན་ཏེ་སྐབས་དེ་དུས་“གནམ་ལོ་གསར་ཚེས”ཞེས་འབོད་ཀྱི་མེད། ༡༩༤༩ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྤྱི་ཟླ་༡པོའི་ཚེས་༡ཉིན་གནམ་ལོ་གསར་ཚེས་སུ་གཏན་ཁེལ་བྱས། དེ་ནས་བཟུང་རང་རྒྱལ་གྱིས་“གནམ་ལོ་གསར་ཚེས”ལ་“ལུགས་གསར་ལོ”དང་“ལོ་གསར”རམ་“སྤྱི་ལོའི་ལོ་གསར”ཞེས་སུ་འབོད།