གནམ་གཤིས་འགྱུར་ལྡོག་
གནམ་གཤིས་འགྱུར་ལྡོག་ནི་གནམ་གཤིས་ཀྱི་ཆ་སྙོམས་སྣང་ཚུལ་དང་ཧེ་བག་གཉིས་ཁྲོད་ནས་གཅིག་གམ་གཉིས་ཀར་སྡོམ་རྩིས་ཀྱི་དོན་སྙིང་ཐོག་ནས་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་བར་ཟེར། ཧེ་བག་གྲངས་ཚད་འཕར་ན་གནམ་གཤིས་བརྟན་པོ་མེད་པའི་རང་བཞིན་ཆེ་རུ་འགྲོ་བ་མཚོན་པ་དང་། གནམ་གཤིས་འགྱུར་ལྡོག་གི་ཚོར་སྐྱེན་རང་བཞིན་ཡང་ཆེ་རུ་འགྲོ་སྲིད། གཞན་ཡང་། གནམ་གཤིས་འགྱུར་ལྡོག་དང་དེའི་རྗེས་མར་འགྱུར་ལྡོག་འགྲོ་ཚད་དབར་གཞི་རྩའི་ཆ་ནས་བྱས་ན་ཚིག་དོན་གྱི་ཁྱད་པར་ཙམ་ལས་མེད་དེ། དེ་གཉིས་ཀྱི་རྩིས་རྒྱག་སྟངས་ལ་ཁྱད་པར་མེད་པས་རེད། སྔོན་མ་ནི་འགྱུར་ལྡོག་འགྲོ་མང་བ་ཕུད་པའི་དུས་ཚོད་དང་བར་ཁྱམས་ཆེ་ཆུང་གི་འགྱུར་ལྡོག་ཚང་མ་ཡིན་པ་དང་། རྗེས་མ་ནི་གནམ་གཤིས་དེ་ནས་གཞན་ཞིག་ཏུ་འགྱུར་ལྡོག་འགྲོ་བའི་མངོན་གསལ་དོད་པའི་འགྱུར་ལྡོག་གཙོ་བོ་དེ་ཡིན་པ་རེད།[༡]
མིའི་རིགས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཞིབ་འཇུག་བྱེད་འགོ་ག་དུས་བཙུགས་སམ།
[རྩོམ་སྒྲིག]དུས་རབས་19པའི་དུས་མགོ་ནས་འགོ་བཙུགས་པ་དང་། ཚན་རིག་མཁས་ཅན་གྱིས་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བ་ཡོད་པའི་རླུང་ཁམས་ཆེ་མོའི་གྱེད་འཕྲོའི་བརྒྱུད་རིམ་ལ་ཞིབ་འཇུག་བྱས་པ་རེད། 1896ལོར་སུད་ཏེན་གྱི་ཚན་རིག་མཁས་ཅན་སི་དབན་ཐེ•ཨར་ཧེ་ཉི་སིས་སོལ་བ་བསྲེག་པ་ལས་སའི་གོ་ལའི་གནམ་གཤིས་ལ་འགྱུར་ལྡོག་འགྲོ་སྲིད་པའི་སྔོན་དཔག་བྱས་ཤིང་། ཁོང་གིས། རླུང་ཁམས་ཆེ་མོའི་ནང་གི་དབྱང་གཉིས་ཐྰན་འགྱུར་གྱི་གར་ཚད་ལྡབ་ལོག་འཕར་སྐབས་གོ་ལ་ཧྲིལ་པོའི་ཆ་སྙོམས་དྲོད་ཚད་ཏུའུ་5ནས་6བར་འཕར་རྒྱུ་རེད་ཅེས་དང་། དེ་རྗེས། ཚན་རིག་མཁས་ཅན་མང་པོས་གཅིག་རྗེས་གཉིས་མཐུད་ཀྱིས་གནད་དོན་འདིར་ཞིབ་འཇུག་འདྲ་བྱས་པ་རེད། 1957ལོར་རུའེ་ཝེ་ལྰ་སོགས་ཀྱིས་ཨ་རིར་རླུང་ཁམས་ཆེ་མོའི་ཁྲོད་ཀྱི་དྲོད་ཁང་གི་རླུང་གཟུགས་ཀྱི་གར་ཚད་འཕར་བ་ལས་གནམ་གཤིས་འགྱུར་ལྡོག་འགྲོ་བའི་ཆེད་རྩོམ་ཞིག་སྤེལ་བ་རེད། ལོ་དེར་ཨ་རིའི་ཤྰ་ཝུའེ་དབྱི་གནམ་གཤིས་བརྟག་དཔྱད་ཁང་གིས་དབྱང་གཉིས་ཐྰན་འགྱུར་གྱི་གར་ཚད་ལ་ལྟ་ཞིབ་ཚད་ལེན་བྱེད་འགོ་བརྩམས་པ་ལས་མིའི་རིགས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཞིབ་འཇུག་བྱེད་འགོ་དངོས་སུ་བཙུགས་པ་རེད།
ལོ་བརྒྱ་ལ་ཉེ་བའི་རིང་གི་གནམ་གཤིས་འགྱུར་ལྡོག་དེ་རང་བྱུང་གི་གནམ་གཤིས་དྲོ་གྲང་འཕར་ཆག་དང་མིའི་རིགས་ཀྱི་བྱ་འགུལ་གྱིས་མཉམ་དུ་བཟོས་པ་ཞིག་ཡིན་པ་དང་། ལོ་50ལ་ཉེ་བའི་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་འགྲོ་བ་ནི་གཙོ་བོ་མིའི་རིགས་ཀྱི་བྱ་འགུལ་གྱིས་བཟོས་པ་ཞིག་རེད། གོང་གི་སྐད་ཆ་དེ་གཉིས་ནི་ལོགས་སུ་དབྱེ་ཐབས་བྲལ་བའི་ཆོད་སྡོམ་རེད།
གནམ་གཤིས་འགྱུར་ལྡོག་འགྲོ་བའི་རྒྱུ་རྐྱེན་གང་ཡིན་ནམ།
[རྩོམ་སྒྲིག]གནམ་གཤིས་འགྱུར་ལྡོག་འགྲོ་བའི་རྒྱུ་རྐྱེན་སྣ་ཚོགས་ཡོད་པ་དེ་དག་ཕྱོགས་གཅིག་ཏུ་བསྡུས་ན་རང་བྱུང་གི་གནམ་གཤིས་འགྱུར་ལྡོག་དང་མིའི་རིགས་ཀྱི་བྱ་འགུལ་གྱི་ཤུགས་རྐྱེན་རིགས་ཆེ་བ་གཉིས་རེད། སྔོན་མའི་ནང་ཉི་མའི་གྱེད་འཕྲོའི་འགྱུར་ལྡོག་དང་། མེ་རི་འབར་གས། གནམ་གཤིས་མ་ལག་གི་ནང་ངོས་འགྱུར་ལྡོག་སོགས་ཚུད་ཡོད་པ་དང་། མཇུག་མའི་ནང་མིའི་རིགས་ཀྱིས་འགྱུར་རྡོའི་འབུད་རྫས་བསྲེག་པ་དང་ནགས་ཚལ་བསྲེག་པའི་དབང་ལས་ཐོན་པའི་རླུང་ཁམས་ཆེ་མོའི་ཁྲོད་ཀྱི་དྲོད་ཁང་རླུང་གཟུགས་ཀྱི་གར་ཚད་འཕར་བ་དང་། མུ་ཟི་འགྱུར་རྫས་རླུང་གི་བཞུན་མ་གར་ཚད་ཀྱི་འགྱུར་ལྡོག སྐམ་ས་ཁེབས་པ་དང་ས་ཆ་བེད་སྤྱོད་ཀྱི་འགྱུར་ལྡོག་སོགས་རེད།
ཕྱོགས་གསུམ་ཐད་ཀྱི་དཔང་རྟགས་ཡོད་པ་སྟེ། བཟོ་ལས་ཅན་རྗེས་ཀྱི་དབྱང་གཉིས་ཐྰན་འགྱུར་འཕར་བའི་རྒྱབ་ཏུ་ཡིབ་པའི་“བྱེད་གཏེ་”རང་གཟུགས་མངོན་དུ་བཅུག་ན། དེ་ནི་འགྱུར་རྡོའི་འབུད་རྫས་འབར་བ་སྟེ། དང་ཐོག་ལྷོ་སྣེ་དང་ཀེ་ལིང་ལན་འཁྱག་སྙིང་གི་ཟིན་ཐོ་ལས་གསལ་བར། བཟོ་ལས་གསར་བརྗེའི་སྔ་ནུབ་ཏུ་རླུང་ཁམས་ཆེ་མོའི་ཁྲོད་ཀྱི་དབྱང་གཉིས་ཐྰན་འགྱུར་མྱུར་མོར་འཕར་བ་དང་། དེ་ནས་བཟུང་དེའི་གར་ཚད་ཀྱི་འགྱུར་ལྡོག་དེ་འགྱུར་རྡོའི་འབུད་རྫས་ཀྱི་ཟད་གྲོན་གྱི་འཕར་ཚད་དང་སྤྱིན་ན་འདྲ་མཚུངས་ཡིན་པ་དང་། གཉིས་ནས་ས་གོ་ལའི་ཕྱེད་བྱང་མའི་རླུང་ཁམས་ཆེ་མོའི་དབྱང་གཉིས་ཐྰན་འགྱུར་གྱི་གར་ཚད་དེ་ས་གོའི་ལའི་ཕྱེད་ལྷོ་མ་ལས་མཐོ་ཙམ་ཡོད་དེ། འབུད་གཏོང་ཆེ་བའི་ཁུངས་མང་ཆེ་བ་ས་གོ་ལའི་ཕྱེད་བྱང་མར་གནས་ཡོད་པས་ཡིན་པ། གསུམ་ནས་རླུང་ཁམས་ཆེ་མོའི་ཁྲོད་ཀྱི་དབྱང་འདུས་ཚད་ལོ་ལྟར་3ppmvཉུང་དུ་འགྲོ་བ་དེ་རླུང་ཁམས་ཆེ་མོའི་ཁྲོད་ཀྱི་དབྱང་གཉིས་ཐྰན་འགྱུར་མང་དུ་འགྲོ་བ་དང་བལྟོས་བཅས་ཡིན་པ་ནི་དབྱང་གཉིས་ཐྰན་འགྱུར་ནི་བསྲེག་འགྲོ་བའི་དངོས་པོ་ཡིན་པས་རེད།
གནམ་གཤིས་འགྱུར་ལྡོག་ལས་མིའི་རིགས་ལ་ཚོད་བགམ་བྱེད་ཐབས་བྲལ་བའི་གྱོང་གུན་བཟོ་སྲིད་པས། གནམ་གཤིས་འགྱུར་ལྡོག་དང་འཚམ་མཐུན་ཡོང་བར་རིན་དོད་ཆེ་ཙམ་འདོན་དགོས།
གནམ་གཤིས་འགྱུར་ལྡོག་གིས་མཇུག་འབྲས་གང་ཞིག་ཐོན་སྲིད་དམ།
[རྩོམ་སྒྲིག]གནམ་གཤིས་ནི་མིའི་རིགས་འཚོ་གནས་བྱེད་སའི་རང་བྱུང་ཁོར་ཡུག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས་དེའི་འགྱུར་ལྡོག་གང་རུང་ཞིག་གིས་རང་བྱུང་གི་སྐྱེ་ཁམས་མ་ལག་དང་དེ་བཞིན་སྤྱི་ཚོགས་དཔལ་འབྱོར་མ་ལག་ལ་ཤུགས་རྐྱེན་ཐེབས་སྲིད། དེ་ཡང་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ནི་ཕྱོགས་གང་ས་ཅི་ཐད་དང་། ཚད་གཞི་མི་འདྲ་བ། རིམ་པ་མང་པོ་བཅས་ཡིན་པ་དེའི་ནང་དྲང་ཕྱོགས་ཀྱི་ཤུགས་རྐྱེན་ཚུད་ཡོད་ལ་ལྡོག་ཕྱོགས་ཀྱི་ཕན་འབྲས་ཀྱང་ཚུད་ཡོད། འོན་ཀྱང་དེང་གི་ཆར་མི་ཕལ་ཆེ་བ་ཞིག་གིས་དེའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ལ་དེ་བས་སྣང་འཇོག་ཆེ་བ་བྱེད་ཀྱི་ཡོད། གང་ལགས་ཤེ་ན་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ངན་པས་མིའི་རིགས་སྤྱི་ཚོགས་ཀྱི་མ་འོངས་པའི་འཚོ་གནས་དང་འཕེལ་རྒྱས་ལ་ཉེན་ཁ་བཟོ་སྲིད་པས་རེད། ཞིབ་འཇུག་བྱས་པ་ལས་མངོན་དོན། གནམ་གཤིས་འགྱུར་ལྡོག་གིས་མིའི་རིགས་ལ་བློས་དཔོག་པར་དཀའ་བའི་གྱོང་གུན་བཟོ་སྲིད་ལ། གནམ་གཤིས་འགྱུར་ལྡོག་དང་བསྟུན་ཐབས་བྱེད་པར་བློས་གཏོང་མང་པོ་ཞིག་བྱེད་དགོས།
གནམ་གཤིས་འགྱུར་ལྡོག་ལས་བྱུང་བའི་ཉེན་ཁར་ང་ཚོས་ཇི་ལྟར་བྱས་ནས་ཁ་གཏད་གཅོག་དགོས་སམ།
[རྩོམ་སྒྲིག]གནམ་གཤིས་འགྱུར་ལྡོག་ཐད། ཉེན་ཁ་ཞི་ལྷོད་དུ་གཏོང་བའི་བྱེད་ཐབས་ནུས་ལྡན་ཇི་ཙམ་གྱིས་སྔ་བ་སྤྱད་ན་དཔལ་འབྱོར་མ་གནས་དེ་ཙམ་གྱིས་དམའ་བ་དང་ཉེན་ཁ་ཞི་ལྷོད་དུ་གཏོང་བའི་ཕན་འབྲས་དེ་ཙམ་གྱིས་ཡག་པ་ཐོན་ཐུབ། དེ་ནི་དབྱིན་ཇིའི་དཔལ་འབྱོར་རིག་པ་མཁས་ཅན་སི་ཐི་ཨེན་གྱིས་མི་རྣམས་ལ་ཁ་ཏ་བསླབ་བྱ་བྱས་པ་ཞིག་རེད།
གལ་ཏེ་བྱེད་ཐབས་སྔ་ཙམ་མ་སྤྱད་ཚེ་འབྱུང་འགྱུར་ལོ་བཅུ་ཕྲག་ཁ་ཤས་ནང་དྲོད་ཁང་ནས་རླུང་གཟུགས་འབུད་ཚད་སྔར་བཞིན་ཇེ་མང་དུ་འགྲོ་སྲིད། འོན་ཀྱང་ཀྲུང་གོ་ལྟ་བུའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་གི་ངོས་ནས་བརྗོད་ན། གནམ་གཤིས་འགྱུར་ལྡོག་དང་འཚམ་པ་བྱ་རྒྱུ་ནི་གལ་ཆེའི་ནང་གི་འགངས་ཆེན་ཞིག་རེད།
ཐཱན་ཉུང་དཔལ་འབྱོར་འཕེལ་རྒྱས་བཏང་ནས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལག་བསྟར་བྱེད་དགོས་ཤིང་། ནུས་རྒྱུ་དང་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱས་ནས་ནུས་རྒྱུ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས་པ་དང་། ཐཱན་ཉུང་ལག་རྩལ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། ཐཱན་ཉུང་ངམ་ཡང་ན་ནུས་ཁུངས་མེད་པའི་ལག་རྩལ་གསར་པས་ཐཱན་མང་འགྱུར་རྡོའི་ནུས་རྒྱུའི་ཚབ་བྱས་ནས། རང་རྒྱལ་གྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་སྦྲགས་གནམ་གཤིས་དང་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་མངོན་འགྱུར་བྱེད་དགོས། རང་རྒྱལ་གྱི་གནམ་གཤིས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་གསར་སྤེལ་བེད་སྤྱོད་ཀྱི་མི་མངོན་པའི་ནུས་པ་ཆེ་སྟབས། ཉི་ནུས་དང་། རླུང་ནུས། ཉིང་རྡུལ་ནུས་པ། ཆུ་ནུས་སོགས་བེད་སྤྱོད་བྱེད་རྒྱ་ཆེ་རུ་བཏང་ནས་བེད་སྤྱོད་ཀྱི་ཆུ་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་དགོས།
“འཕེལ་རྒྱས་དང་། ཚད་རན་པ། ཞི་ལྷོད་དུ་གཏོང་བ”བཅས་ཟུང་འབྲེལ་གྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་ཐོན་སྐྱེད་དང་འཛད་སྤྱོད་བྱེད་སྟངས་ལ་འགྱུར་ལྡོག་གཏོང་དགོས་ཤིང་། དཔལ་འབྱོར་འཕར་སྟངས་མུ་མཐུད་བསྒྱུར་ནས་ནུས་པ་དང་ལས་ཕྱོད་ཆེ་རུ་གཏོང་བ་དང་ནུས་རྒྱུའི་གྲུབ་ཆ་ལེགས་བཅོས་དང་སྒྱུར་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། དྲོད་ཁང་རླུང་གཟུགས་འབུད་ཚད་ཉུང་དུ་གཏོང་དགོས། དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ་སྔོན་འགྲོར་བྱེད་པ་དང་། འཛད་སྤྱོད་གྱི་གྲུབ་ཆ་དང་ཐོན་སྐྱེད་དང་འཚོ་བའི་གོམས་གཤིས་ལེགས་སུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས། སྤྱི་ཚོགས་ཡོངས་ཀྱི་ནུས་རྒྱུའི་ཟད་གྲོན་ཚོད་འཛིན་ལུགས་མཐུན་བྱེད་དགོས། ཞིང་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་། སྐྱེ་ཁམས་འཛུགས་སྐྱོང་། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཕྱོགས་བསྡུས་བྱེད་ཐབས་སྤྱད་དེ་ཐོན་ཁུངས་གྲོན་ཆུང་རྣང་པ་དང་ཁོར་ཡུག་མཐུན་འཕྲོད་རྣམ་པའི་སྤྱི་ཚོགས་སྐྲུན་དགོས།