གཉེན་པོ་སྟོབས་བཞི་

ཡོང་ཁུངས་Wikipedia

གཉེན་པོ་སྟོབས་བཞི་ནི་རྟེན་གྱི་སྟོབས། རྣམ་པར་སུན་འབྱིན་པའི་སྟོབས། ཉེས་པ་ལས་སླར་ལྡོག་པའི་སྟོབས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་བཅས་ཡིན་ལ། དེ་ཡང་སྡིག་སྐྱེས་སྤོང་བ་རྟེན་གྱི་སྟོབས་དང་། འགྱོད་པ་དྲག་པོས་ལྟུང་བའི་མིང་ནས་སྨོས་པ་ནི་རྣམ་པར་སུན་འབྱིན་པའི་སྟོབས་དང་། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་དགེ་བཅུ་སོགས་སྡིག་ལྟུང་མི་གསོག་པའི་སྡོམ་སེམས་ཞེ་ཐག་པ་ནས་བསྟེན་པ་ནི་ཉེས་པ་ལས་སླར་ལྡོག་པའི་སྟོབས་དང་། རང་ཉིད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་མྱོང་བར་འགྱུར་བས་སྐྲག་སྟེ་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་དང་། དགེ་བ་རྒྱུ་འབྲས་ལ་འགོད་པའི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་སེམས་བསྐྱེད་བསྒོམ་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་སོ། །