Jump to content

གངས་སུལ་གྱི་རོལ་དབྱངས།

ཡོང་ཁུངས་Wikipedia

བེ་རི་འཇིགས་མེད་ཀྱིས་རྩོམ་སྒྲིག་བྱས་པ།


༄༅། །ཀ་ཕྲེང་མི་འགྱུར་ཡིད་ཀྱི་དམ་བཅའ། ཀ་ཁས་དྲངས་བའི་ཨ་ཕ་དྲན་ཐེངས་ཞིག་༡ ཀ་ཁ་ངོ་སྤྲོད་དུ་གནང་ཞིང༌། །ཁ་ཟས་ལུས་གོས་སོགས་སྤྱིན་པོ། །ག་ནས་མནོ་བསམ་ཞིག་གཏོང་ན། །ང་ཡི་ཨ་ཕ་རང་དྲིན་ཆེ། ། ༢ ཅ་ཅོ་བཅོས་མ་ཡི་ཕྱོགས་ནས། །ཆ་མཉམ་ལས་ཞིག་ཀྱང་མ་བྱུང༌། །ཇ་མར་ཤ་ཐུད་སོགས་འཛོམས་ཀྱང༌། །ཉ་མོ་བྱི་ཐང་དུ་ལྷག་བྱུང༌། ། ༣ ཏུ་ལའི་བླ་མ་ཡིས་མགོན་ཡང༌། །ཐ་མ་ཁྱེད་དང་ཕྲན་བྲལ་བས། །ད་ལྟ་བདག་ཡིད་ཀྱི་དབུས་ན། །ན་བའི་ཟུག་རྔུ་ཞིག་རྒྱས་ཡོད། ། ༤ པ་ཕ་ཁྱེད་རང་གི་སེམས་ནང༌། །ཕ་སྤུན་ཞབས་ཞུ་སོགས་མེད་པར། །བ་ནེ་བུ་ནེ་ཡི་ངང་ནས། །མ་བསྡད་ཕྱིན་སོང་དེ་མ་བསམ། ། ༥ ཙ་གེ་ཙེ་གེའི་ངང་མིན་པར། །ཚ་གྲང་ག་འདྲ་ཞིག་མྱོང་ཡང༌། །ཛ་དྲག་ཤེས་ཡོན་ལ་འབད་བཞིན། །ཝ་ལེར་སེམས་ནང་དུ་བཞག་ཡོད། ། ༦ ཞ་ལྷམ་གྱོན་ཆས་ཀྱི་རིགས་དང༌། །ཟ་མའི་ཕྱོགས་རྣམས་ནི་འབད་མེད། །འ་འོར་འུར་སྒྲ་རང་བརྒྱག་མིན། །ཡ་མཚན་གང་འདོད་དེ་རགས་ཀྱིན། ། ༧ རྭ་བ་གངས་ཅན་གྱི་བོད་ལྗོངས། །ལ་མོའི་རྒྱབ་ཕྱོགས་སུ་ལྷག་སོང༌། །ཤ་རུས་གཅིག་པ་ཡི་སྤུན་ཟླ། །ས་ཕྱོགས་ག་འདྲ་ཞིག་ཕྱིན་ཡང༌། །ཧ་ཅང་སེམས་ནང་དུ་དྲན་གྱིན། །ཨ་སྡུག་སེམས་ནང་གི་སྐྱོ་སྡུག། ཧ་ཧུའི་ཆོ་ངེ་ཞིག་ཤོར་སོང༌། །ཨ་ཕ་དྲན་ཞོར་དུ་ཡིན་འགྲོ། འགོ་ཤུ་བསྟན་འཛིན་ཚེ་དཔག་༡༩༩༨།༡༡།༡༥ ཉིན་བྲིས།

ཀ་ཡེ་གསོན་དང་བོད་རིགས་ཀྱི་གཞོན་སྐྱེས། །ཁ་ཞེ་མེད་པའི་ཤེས་བྱ་ཡི་ཚལ་ལ། ། ག་དུས་ཡིན་ན་ཕྱི་བཤོལ་དེ་འདོར་ཏེ། །ང་ཚོར་དགོས་པའི་བརྩོན་འགྲུས་དེ་བརྩམས་དང༌། །

ཅ་ཅོའི་དོན་མེད་ལོང་གཏམ་དེ་མ་སྒྲོག། ཆ་ལུགས་མཐུན་པའི་ཡ་རབས་ཀྱི་སྲོལ་འཛིན། ། ཇ་ཆང་ལོངས་སྤྱོད་གནས་སྐབས་ཀྱི་དོན་ལ། །ཉ་རེ་དུས་ཚོད་འཕྲོ་ལྷག་དེ་མ་གཏོང༌། །

ཏ་ལའི་ལྟ་བུ་ཤེས་བྱ་ཡི་ཚལ་ལ། །ཐ་མ་ལེ་ལོ་རྣམ་གཡེང་དེ་འདོར་ཏེ། ། ད་ནས་བཟུང་སྟེ་ཡ་རབས་ཀྱི་རྗེས་སུ། །ཤ་གཞོན་ང་ཚོའི་རྟག་ཏུ་ལ་བརྩོན་དང༌། །

པ་ལྕོག་དཀྲིས་པའི་བོད་རིགས་ཀྱི་གཞོན་ནུ། །ཕ་ཡུལ་ཕྱོགས་ཀྱི་ཡ་རབས་ཀྱི་ལུགས་སྲོལ། ། བ་སོ་ཇི་བཞིན་བློ་ཡིད་ལ་ཤར་བས། །མ་མ་སྟེང་དུ་མཛེས་པ་ལ་བརྒྱན་ནོ། །

ར་སྤྲོད་བྱེད་ནས་རང་དབང་གི་རྟ་བདུན། །ལ་ཁར་ཤར་བའི་འབད་བརྩོན་གྱི་དུང་དཀར། ། ཤ་ཞེན་བཟུང་སྟེ་བདེན་དོན་གྱི་ཆེད་ལ། །ས་ཕྱོགས་གང་ཕྱིན་བདེན་ཚིག་དེ་སྨྲ་འོ།།

ཧ་ཧ་མ་སྒྲོག་གཞན་ཕན་གྱི་དོན་དུ། །ཨ་ཁ་མེད་པའི་ཉིན་མཚན་གྱི་ཀུན་ལ། ། སེམས་འདུལ་བག་ཕེབས་ཡ་རབས་དེ་བརྩོན་ན། །དགེ་བའི་འབྲས་བུ་ཡར་ངོ་ལྟར་འཕེལ་ལོ། །

༄༅། །འདི་དག་གི་ཆེད་དུ། གཉིད་མི་ཁུག་གསོག་སྒར་རྨ་སྲས་གསུང་རབ། སྤུན་ཟླ་མཚོ་འཚོ་གཞེས་ཀྱི་དབྱངས་རྟ་ཧྲིལ་བོ་འདི། བགྲོད་ལམ་གུ་དོག་པོ་ཞིག་གི་སྔ་རོལ་རེད། ཡོད་ཚད་དད་པ་དང་དག་སྣང་གིས་ཁྱེར་བའི་ཞིང་ཁམས་ན། ཐམས་ཅད་ལས་དབང་དང་རླུང་རྟ་ལ་རེ་བའི་རྣམ་ཤེས་འབུམ་ཕྲག་ཅིག་ད་དུང་གཉིད་འདུག་ན་ནིང་སྡེ་དཀྱིལ་ན་ལྷ་འདྲེ་མང་བའི་གཏམ་རྒྱུད་ཅིག་གིས། ད་ལོ་རི་གྲོང་ན་རྣམ་རྟོག་འདྲེ་མོས་མོ་བ་དང་ལྷ་བ་བཙལ་བཞིན། རྫུན་གཏམ་གྱི་ལྷག་མ་ལ་ཡིད་ཆེས་ངོམ་སྟེ། སང་ལོ་ཡང་འདི་ལྟར་འདས་དགོས་པ་ལས་དབང་ཞིག་དང་གོ་རིམ། ཞིག་ཏུ་སེམས་ནས། ཉམ་ཐག་དང་སྙིང་རྗེ་བའི་ལོ་ཟླ་གྲངས་མེད་ཅིག་ཐོབ་མེད་ཟིན་མེད་དུ། སྤུན་ཟླ་ཚོ། སྐྲ་ལོ་ཤད་མ་མྱོང་བའི་མི་རབས་འདི་སྙིང་མི་རྗེ་འམ། ལག་པ་ལྕི་འདམ་ལ་འཆིང་སྟེ། འབྲི་མོ་དང་འོ་མའི་འཚོ་བ་ལས་ནར་མ་སོན་ཏེ། ད་དུང༌། མེས་པོ་གླེན་པ་ཞིག་གི་བཀའ་ཁྲིམས་ལས། འདི་ལྟར་འཚོ་མོས་རེད། སྤུན་ཟླ་ཚོ། བཙོན་གྲོལ་གཏོང་རོགས། ཧ་ཅང་འཐག་པའི་མུན་ཁུང་དེ་ལས། སྐྱ སྤུན་ཟླ་ཚོ། འདི་ལྟར། བོད་པས་ཡིད་ཆེས་ཀྱིས་བཏེགས་པའི་འཇིག་བརྟེན་དེར། ང་འབྱོར་ཉིན་ནས། གཉིད་མི་ཁུག་པ་སྐར་ཆ་ཅིག་ཙམ་མ་ཡིན་ཏེ། མཚན་མོ་ཡང༌། དུས་གཏན་དུ། ལན་ཆགས་དེ་འདི་ལྟར་ལྕི་བས། སྙན་ངག་པ་སྡུག་གཏམ་དང་མཆི་མའི་ཀློང་ན་རང་ཤི་རྒྱག་མུན་པ་འདི་གཏིང་ཟབ་ཡིན་པས། སྙན་ངག་པ་གཉིད་མི་ཁུག་དབྱངས་ཅན་མ། འཇིག་རྟེན་འདི་ང་དང་མཉམ་དུ་ཁ་ལོ་སྒྱུར་ཤོག་དབྱངས་ཅན་མ། ལང་ཚོའི་མྱོས་བུམ་གྱིས་མི་སེམས་ལ་དྲོད་ཁོས་སྦར་ཤོག་དབྱངས་ཅན་མ། ཀི་ཧུ་ཧུ། སྐྲ ཡོད་ཚད་སྒྲོ་ལོ་ལ་འཁྲེང་བའི་སེམས་པ་བན་བུན་ཐམས་ཅད་ཨ་རི་ལ་དགའ་བའི་ཏིང་འཛིན་སྙོམ་པོ། སྤུན་ཟླ། སྒྲོ་ལོའི་བྲན་གཡོག་པ། དར་བབས་ཀྱི་ལང་ཚོ་སྒྲོ་ལོའི་གྲངས་འབོར་བར་ན་ཧ་ཅང་སྙི་བས་རང་ཉིད་རླུང་བུ་བཞིན། གང་སར་གཡོ་དགོས། གང་སར་འཁུར་མི་ཤེས་བའི་མི་ནག་ཚོ། གང་སར་སེམས་ཁྲེལ་ཆེ། ཡང་ན། མི་རིགས་དང་རིན་ཐང་གི་ཆེད་དུ། འདི་ལྟར་ན་ཟུག་ཁུར་བ་ཡིན་ནམ། སྤུན་ཟླ་ཚོ། བུ་ཆུང་འདི་སྨྱོས་འདུག་འདི་དག་གི་ཆེད་དུ་མུན་པ་ཧ་ཅང་འཐུག་ས་ན་༡།༢།༢༠༠༢ ཕ་སའི་ལྗོངས་རྒྱུ། སྨན་རིའི་གླིང༌། བྱ་འཕུར་ལྷུན་གྲུབ་རྒྱ་མཚོ། རབ་དཀར་དུང་གི་འོད་མདངས་རྫོགས་པ་བསིལ་ལྡན་གངས་རི་དཀར་པོའི་ལྗོངས། ། འཚེ་མེད་ཞི་བདེའི་ངང་པ་དཀར་པོ་ཉལ་འགྲོའི་ཀླུང་དུ་འཕྱོ་བའི་ཤུལ། ། དྭངས་གཙང་ཤེལ་དཀར་མཆོད་སྡོང་བརྩེགས་འདྲའི་སྨད་ཕྱོགས་ས་ཡི་ཐིག་ལེ་ན། ། ངེས་མེད་འཁྱམས་པའི་རྒྱལ་ཁམས་པ་ཡི་ཕ་ཡུལ་རྔ་བའི་ལྗོངས་རྒྱུ་ཡོད། །

བྱང་སེམས་ཞི་རྒྱུན་འོ་མ་བཏུང་བས་ལུས་ཀྱི་མེ་ཏོག་རབ་རྒྱས་ཤིང༌། ། དོན་གཉིས་སྦྲང་རྩིའི་དཔལ་ལ་སྲེད་པས་ལུགས་གཉིས་ཁྲིམས་ཀྱི་ལྟ་བ་མཐོ། ། རིག་བྱེད་ངག་གི་མགྲིན་པའི་ལམ་ནས་ཁུ་བྱུག་གླུ་སྒྲ་འཇོ་བ་རྣམས། ། ངེས་མེད་འཁྱམས་པའི་རྒྱལ་ཁམས་པ་ཡི་གངས་རིའི་བརྩེ་གླུ་སྐྱོར་གྲོགས་ཡིན། །

མཛེས་སྡུག་ཤེལ་དཀར་བྱུར་བུར་གཏམས་འདྲའི་གཞོང་ཆེན་སྤང་གི་ར་བ་ནས། ། གྱད་རྩལ་སུག་བཞིའི་གོམ་སྟབས་ལྕི་མོ་མཛེས་སྡུག་མེ་ཏོག་ལ་འཁྱུད་དེ། ། ལ་རྒྱའི་དཔུང་ཁྲག་སྙིང་ནས་བརྡོལ་བའི་མདུང་དམར་རྭ་རྣོན་འབྲོང་གཡག་རྣམས། ། ངེས་མེད་འཁྱམས་པའི་རྒྱལ་ཁམས་པ་ཡི་གཅེས་ནོར་ལ་རྒྱའི་བདག་པོ་ཡིན། །

བསིལ་ཆབ་བདུད་རྩིའི་བཞུར་སྒྲ་དྭངས་མོ་རྣ་བའི་བུ་ག་ལ་སྙན་ཞིང༌། ། ལུས་ཀྱི་ཕུང་ཁམས་བདེ་བའི་བཅུད་སྟེར་གསོ་བྱེད་སྨན་སྣ་དགུ་ཡིས་བསྲུབས། ། གང་སར་རྒྱུ་བའི་ཆུ་ཕྲན་ཆུ་མིག་ལྷུམ་ལྷུམ་འབེབས་པ་གཙང་བོའི་ཆབ། ། ངེས་མེད་འཁྱམས་པའི་རྒྱལ་ཁམས་པ་ཡི་ལུས་ཁམས་གསོ་བའི་སྨན་སྣ་ཡིན། །

ལོག་པར་ཕྱོགས་ཚེ་སྤྱན་གྱིས་གཡེལ་མ་མྱུར་དུ་བྱོན་པའི་གྲོགས་མཛད་ཅིང༌། ། བསྟན་སྲིད་ལ་རྒྱའི་རྒྱལ་མཚན་མཐོན་པོ་སྲིད་པའི་རྩེ་མོར་འགོད་པ་ལ། ། འབྲལ་མེད་བརྩེ་རྒྱའི་འདུན་མ་མི་ལྷོད་སྡོང་གྲོགས་མཛད་པའི་དམ་ཅན་རྣམས། ། ངེས་མེད་འཁྱམས་པའི་རྒྱལ་ཁམས་པ་ཡི་བསྟན་སྲིད་སྐྱོང་བའི་སྲུང་མ་ཡིན། །

རབ་དཀར་སྤྲིན་ཞོ་མགུལ་དུ་འཁྱུད་ཅིང་ལ་ཐོད་ནམ་མཁའི་དབྱིངས་སུ་ཟུག། ཉེ་རྡུལ་བྱེ་མའི་བཀྲག་མདངས་ཁྲོད་ན་འཇའ་ཟེར་འོད་ཀྱི་ཐིག་ལེས་བཏུམ། ། ལྷ་དབང་སྟོང་གི་གནས་རི་ཞེས་བརྗོད་རྨ་རྒྱལ་སྤོམ་ར་ངལ་གསོའི་སྟེགས། ། ངེས་མེད་འཁྱམས་པའི་རྒྱལ་ཁམས་པ་ཡི་བསྟན་པའི་གནས་རི་ཁྱད་འཕགས་ཡིན། ། ༩༨། ༤། ༢༧རང་ཤག་ཏུ་བྲིས། སེམས་ཀྱི་འབོད་པ། །སྨན་རིའི་གླིང༌། རྔ་བ་རིག་རྒྱམ། མཚན་དཔེའི་འོད་སྣང་རྫོགས་པ་འཇའ་གུར་གྱི་ཁམས་སུ། །སྟོབས་བཅུའི་མེ་ཏོག་གྲོལ་བའི་ཕྱག་འདབ་ཀྱི་རྩེ་མོར། །སྙན་རིག་ཐགས་རྒྱ་རྩེན་པའི་རིན་ཆེན་གྱི་ལྷ་མོ། །མི་ཕྱེད་དད་པ་སྟོང་གི་གདེངས་ཀ་ཡིས་མཆོད་དོ།།

མཐའ་ཡས་རི་ཆུ་སྟོང་གི་ཕ་མཐའ་ན་ལུས་པའི། ། བོད་ཁམས་སཱ་ལའི་སྨན་ལྗོངས་ཕྱུག་མོ་དེ་དྲན་ཚེ། ། སྐྱོ་གདུང་སྨག་གིས་སེམས་ཀྱི་རི་ལུང་དེ་འཛིན་པས། ། མ་བཅོས་སེམས་ཀྱི་འབོད་པ་དབང་མེད་དུ་ཤོར་འགྲོ། །

གཡུ་གོས་ལྗང་བུར་དཀྲིགས་པའི་ནགས་ཀློང་གི་སུལ་ནས། ། འཇིགས་པའི་ཚག་སྒྲ་ང་རོའི་གདངས་ཆེན་ལ་སྦྱར་ཅིང༌། ། ཝ་སྐྱེས་སྙིང་རྩ་གཅོད་པའི་ངར་ཆེན་གྱི་དཔའ་བོ། ། རྒྱ་རྫོངས་ནགས་ཁྲོད་འགྲིམས་པའི་སྟག་རྒོད་དེ་དྲན་བྱུང༌། །

འཇིགས་རུང་དགུ་རླུང་ལྡིང་བའི་བར་སྣང་གི་ཁམས་ནས། ། འཁོར་བའི་འདམ་རྫོབ་དུག་གི་གཡང་རོང་དེ་གཏོར་ཕྱིར། ། རྣམ་རྟོག་རི་བོ་གཞོམ་པའི་ལྕགས་མདའ་དེ་གཏོང་མཁན། ། ཚ་ཞུན་གློག་དམར་སྐྱུག་པའི་གཡུ་འབྲུག་དེ་དྲན་བྱུང༌། །

དཀར་མདངས་ལོ་མས་སྤྲས་པའི་གངས་རི་ཡི་རྩེ་ནས། ། ལྗང་མདོག་གཡུ་གོས་སྣུམ་པོའི་འཕུར་ཤམ་དེ་ལྷུག་ཅིང༌། ། རྩལ་དགུའི་མཆོག་སྟོབས་གླིང་བཞིའི་རྩེ་མོ་ན་ངོམ་པ། ། འཇིགས་བྱེད་གདོང་ལྔ་ལྡན་པའི་གངས་སེང་དེ་དྲན་བྱུང༌། །

དཔག་ཚད་འབུམ་ཕྲག་དུ་མའི་ཡ་མཐའ་ན་འཁོར་ཞིང༌། ། འབད་བརྩོན་རླུང་ཤུགས་དྲག་པོའི་འཁོར་ལོ་ལ་ཞོན་ཏེ། ། མུ་མེད་ཤེས་བྱའི་ཕ་མཐའ་མིག་རྒྱང་གིས་ཟིན་པ། ། མཁའ་ལམ་གསང་རྒྱ་རྟོགས་པའི་ཁྱུང་ཆེན་དེ་དྲན་བྱུང༌། །

འཁྱགས་གཟུགས་རླུང་ངར་ལྡིང་པའི་རྫ་འཕྲང་གི་འདབས་ནས། ། ཁེར་བུར་རྣམ་ཤེས་ཕྲ་མོས་རྒྱལ་ཁམས་དེ་བརྟོལ་ཅིང༌། ། མ་བཅོས་གངས་ལ་དད་པའི་དྭངས་གཙང་གི་སེམས་འགྱུར། ། སྙིང་རྩེའི་ངར་དང་བསྡེབས་པའི་འབྲོང་རྒོད་དེ་དྲན་བྱུང༌། །

ཡངས་པའི་ཐང་གཤོང་གོམ་ཁའི་ལྷུ་དྲུག་གིས་འཇལ་ཞིང༌། །སྐྱ་རྩལ་སྣ་དགུས་སྐྱེལ་བསུ་ཐོགས་མེད་དུ་རྒྱུ་བ། ། ལ་ལུང་དགུ་ཆུ་བརྟོལ་བའི་གཤོག་མེད་ཀྱི་སེམས་ཅན། །འདོ་རིག་རླུང་ལ་འགྲན་པའི་རྟ་མཆོག་དེ་དྲན་བྱུང༌། །

ཞིམ་མངར་འོ་ཞོའི་རྒྱ་མཚོ་བྱང་ཐང་ན་རྩེན་ཞིང༌། །གཡུ་གོས་འདབ་ལོ་རྩེགས་པའི་ཐང་ཆེན་དེ་འགྲིམས་ནས། ། ངུར་བའི་རང་སྒྲ་སྙན་མོས་བེའུ་རྣམས་སྐྱོང་མཁན། །བག་ཡངས་དལ་གྱིས་བགྲོད་པའི་འབྲི་མོ་དེ་དྲན་བྱུང༌། །

ལྕུག་ཕྲན་འདབ་དགུ་རྩེན་པའི་ལྗོན་ཤིང་གི་ཀློང་ནས། ། སྤུ་སྐྱེས་སྒྲོ་ཐུལ་འཇམ་པོ་ལྷབ་ལྷུབ་ཏུ་བསྐྱོད་ཅིང༌། ། ངག་རིག་སྒྱུ་འཕྲུལ་སྟོང་གི་གླུ་སྒོ་དེ་ཕྱེ་མཁན། ། སྨྲ་བ་མཆོག་ཏུ་བྱང་བའི་ཁུ་བྱུག་དེ་དྲན་བྱུང༌། །

མཛེས་མདོག་སྤྲིན་དཀར་ལང་ལོང་རི་རྩེ་ན་འཁྱུད་ཅིང༌། ། སྣ་ཚོགས་མེ་ཏོག་བྲེས་པའི་ལྗོན་ཤིང་དེ་ཀླུབས་ནས། ། རིན་ཆེན་གཏེར་དགུས་ཕྱུག་པའི་བང་མཛོད་དེ་འཆང་བ། ། རྩེ་མོ་དགུང་དུ་སྙེགས་པའི་རི་དབང་རྣམས་དྲན་བྱུང༌། །

བོད་རྒྱལ་གཉའ་ཁྲི་བཙན་པོའི་ཞབས་རྗེས་ཀྱི་ཐོག་མ། ། ཕུན་ཚོགས་འདོད་དགུས་གཏམས་པའི་བྱིན་རླབས་ཀྱི་གན་མཛོད། ། ཡར་ཀླུང་གསེར་གྱི་ཕྱེ་མའི་མཚོ་ཁུག་ན་བཞེངས་པ། ། གནའ་མཁར་དང་པོ་ཡུམ་བུ་བླ་སྒང་དེ་དྲན་བྱུང༌། །

སྲ་མཁྲེགས་རྡོ་རྗེའི་བྲག་རྫོང་བསྣོལ་མ་ཡི་རྩེ་མོར། ། རྒྱ་སྟག་དམར་པོ་འགྱིང་འདྲའི་བྱིན་ཆེན་གྱི་ཕོ་བྲང༌། ། འཛམ་གླིང་མི་རིགས་ཀུན་གྱི་སེམས་ངོགས་ན་གསལ་བ། ། ཕྱོགས་ལས་རྣམ་པར་རྒྱལ་བའི་པོ་ཏུ་ལ་དྲན་བྱུང༌། །

གནའ་བོའི་བཙན་རྫོང་དཀྲིགས་པའི་ལྷ་ལྡན་གྱི་ཞིང་ཁམས། ། བཙན་གྱིས་ལེ་བུར་བདས་པའི་མྱ་ངམ་གྱི་བྱེ་ཐང༌། ། སྔ་རབས་མེས་པོ་དུ་མའི་ཞལ་ཆེམས་དེ་གསལ་བ། ། རྩེ་མོ་དབྱིངས་སུ་གཏད་པའི་རྡོ་རིང་རྣམས་དྲན་བྱུང༌། །

མངར་ལྡན་རོ་བརྒྱ་འཛགས་པའི་ཤིང་ཏོག་གི་རིགས་དང༌། ། སྨིན་ལེགས་ཞིང་སར་རྒྱས་པའི་འབྲུ་དྲུག་གི་ལང་ཚོ། ། ཟད་མེད་ཟས་སྣ་བརྒྱ་ཡི་ལོངས་སྤྱོད་དེ་འབོལ་བ། ། རྨོ་འདེབས་ཞིང་ལས་བྲེལ་བའི་རོང་ཕྱོགས་དེ་དྲན་བྱུང༌། །

གཡའ་སྤང་གངས་ཀྱི་མེ་ཏོག་ལྷུག་ལྷུག་ཏུ་ལྡེམ་ཞིང༌། ། ཞོ་ཕྱུར་འོ་མའི་རྒྱ་མཚོ་ལོངས་སྤྱོད་དུ་རོལ་ནས། ། ཤ་རིགས་རྒྱུན་སྤྱོད་བྱེད་པའི་ཞལ་ཟས་ལ་གོམས་པ། ། ཕྱུགས་རིགས་སྣ་ཚོགས་ལྡན་པའི་འབྲོག་ཕྱོགས་དེ་དྲན་བྱུང༌། །

གསང་ཀློང་ལྟེ་ཁྲག་དམར་པོའི་ཐིག་ལེ་དེ་བབ་ཅིང༌། ། ལུས་ཀྱི་མེ་ཏོག་འབུས་པའི་ཞིང་ས་རུ་གྱུར་བ། ། མདོ་ཁམས་རྔ་གཡང་ཕྱུག་མོའི་སྣོད་བཅུད་ཀྱི་དགེ་མཚན། ། ལྷ་ཡུལ་ལས་ཀྱང་མཛེས་པས་ལྷག་པར་དུ་དྲན་བྱུང༌། ། ༩༨ ༤ ༢༣ཉིན་གདན་ས་སྨན་རིའི་གླིང་དུ་བྲིས། །

མ་ཎིའི་གླུ་དབྱངས་ལེན་པའི་དུས། ། ༄། གསན་མཁན་རྣམ་པཚོ་སྐུ་ཁམས་བཟང༌། ད་ལྟ་ནི། ཨེ་ཤི་ཡ་རང་དབང་རླུངས་འཕྲིན་ཁང་གིས་བདུན་རེའི་གླུ་གཞས་ཕྱོགས་བསྒྲིགས་ཀྱི་ལེའུ་མཚན་ཞུ་རྒྱུའི་དུས་ཚོད། གཤམ་ལ་སུ་སི་གནས་སྡོད་སྟག་འཚེར་བདེ་ཆེན་ལགས་ནས་བཏང་གནང་བའི་ཆོས་དབྱངས་ཞེས་པའི་གླུ་གཞས་དེ་གསན་རོག་གནང༌། ཞེས་ངོ་སྤྲོད་བྱས་ཚར་བ་དང༌། མ་ཎིའི་གླུ་དབྱངས་ཤིག་རྣ་ལམ་དུ་ཐོས་ཡོང༌། རྡོ་རྗེས་ཨ་སྟས་ངན། ད་དངོས་གནས་དུས་ངན་སྙེགས་མར་སླེབས་པ་འདྲ་ཞེས་བཤད་དེ། ཁོང་བཟའ་མི་གཉིས་ཀྱིས་ཉན་བཞིན་པའི་རླུངས་འཕྲིན་དེ་ཐག་ཅེས་སྒོ་རྒྱབས། པདྨ་རང་གི་བཟའ་ཟླར་ཡ་མཚན་གྱིས་གཅིག་བསྟས་ཏེ། ཁྱེད་རང་བཀའ་མོལ་མགོ་འཇུག་མེད་པ་དེ་འདྲ་ག་རེ་གསུང་གིས་ཡོད། གཞས་དེ་གཏོང་གནང༌། སྙན་པོ་འདུག་ཅེས་རླུང་འཕྲིན་དེ་ཚུར་འཕྲོག་རྩིས་བྱས། ཁོ་པས་ཡ་ལྐུག་པ། ཇོ་བོ་རིན་པོ། ཁྱོད་ཀྱིས་མ་ཎིའི་གླུ་དབྱངས་ལེན་པའི་དུས། མ་ཇོས་ཕྲུག་གུ་གསོད་པའི་དུས་ཞེས་པའི་མགུ་རུ་རིན་པོ་ཆེས་ལུང་བསྟན་པ་དེ་གོ་མ་མྱོང་ངམ། ད་དངོས་གནས་ལུང་བསྟན་གྱི་དུས་དེར་སླེབས་པ་འདྲ་ཟེར་བཤད། པདྨ་དེས་ག་རེ་གསུངས་ཀྱིས་ཡོད་རེད། ངས་ཧ་གོ་མ་སོང༌། མ་གཞི་ན། དེའི་ནང་རླུང་འཕྲིན་ཉན་ན་དུས་ངན་སྙེགས་མར་སླེབས་གསུངས་མི་འདུག་ག་ཟེར། རྡོ་རྗེས། ཨ་རྩི་ཁྱེད་རང་བོད་པ་ཞིག་རེད་པ། ལུང་བསྟན་དེ་དག་ཚང་མ་བོད་ཡིག་ཐོག་བྲིས་ཡོད་པ་ལས། མི་རིགས་གཞན་གྱི་སྐད་ཡིག་ནང་བྲིས་ཡོད་པ་མ་རེད་ད་ཞེས། གོ་སྐབས་དམ་འཛིན་གྱིས་ཟུར་ས་ཞིག་ཀྱང་བྱས། དེར་པདྨ། ང་སྔོན་མ་གྲྭ་པ་བྱེད་མ་མྱོང་ཙང་ཆོས་ཚིག་གི་ལུང་དོན་དེ་འདྲ་ག་ལ་ཤེས། ཁྱེད་རང་གིས་འགྲེལ་བཤད་གཅིག་སྐྱོངས་དང༌། ཞེས་མཚང་འབྲུ་ཆུང་ཆུང་ཞིག་བྱས་པ། ལྷན་དུ་རེ་བ་ཞིག་ཀྱང་བཏོན། རྡོ་རྗེས་ཨོ་ཆོས་ཚིག་ཚང་མའི་འགྲེལ་བཤད། སྔོན་ཆད་གྲྭ་པ་བྱེད་མྱོང་བ་ཞིག་གིས་རྒྱབ་དགོས་པ་དེ་འདྲ་ག་ལ་ཡིན། མ་གཞི་ནི། ཁྱེད་རང་དང་མ་ཕྲད་ན། ང་ད་ལྟ་ཡང་གྲྭ་པ་ཡིན་གྱི་རེད། ད་དེ་ཚོ་གཡུག་གཞག་དེ་ལས་ཁྱེད་རང་གིས་མགོ་མ་ཚོས་ན། ངས་འགྲེལ་བཤད་རྒྱབ་ཆོག དངོས་གནས་བྱས་ན་འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་མ་ཎི་ཡིག་དྲུག་འདི་ཉིད། བསྙེན་སྒྲུབ་སྒམས་འདས་བྱས་ནས་ཉམས་སུ་བླང་བྱའི་མན་ངག་ཅིག་ཡིན་པ་ལས། འཇིག་རྟེན་ཟང་ཟིང་འཚོ་བའི་ཁྲོད་དུ་ཡ་མཚན་མཚན། ཉམས་དགའ་དགའ་བྱས་ནས་གཞས་ཚིག་ནང་བཅུག་ཡག་དེ་འདྲ་མ་རེད། དེ་འདྲ་བྱས་ན་ཆོས་ལ་སྣང་ཆུང་བྱས་པར་ཆགས་ཡོད། མ་ཟད་ཆོས་ལ་ཆེ་མཐོ། དང་གུས་རྩིས་བརླག་འགྲོ་བ་མཚོན་གྱིས་མི་འདུག་གམ། ད་དུང་མ་ཎ་གཞས་ཚིགས་ནང་བཅུག་པ་དེས། ཐར་པ་འཐོབ་པའི་རྒྱུ་རུ་འགྲོ་རྒྱུ་ཕར་ཞོག་རང་གི་ཚེ་འདིའི་ལྟོ་གོས་བསྒྲུབ་པའི་ཐབས་སུ་འགྲོ་བའི་ཉན་ཁ་མེད་པ་མིན། དེ་འདྲ་འགྱུར་ན་ཆོས་ལ་བརྟེན་ནས་ལོག་འཚོ་བསྒྲུབས་པ་ཆགས་ཡོད་པས་དམྱལ་བ་མནར་མེད་དུ་སྐྱེ་བའི་རྒྱུ་རང་གིས་བསྒྲུབས་ཟིན་པ་རེད། བྱས་ཙང༌། མགུ་རུ་རིན་པོ་ཆེས། མ་ཎིའི་གླུ་དབྱངས་ལེན་པའི་དུས་ཞེས། དུས་ངན་ཞིག་ཡིན་པར་ལུང་སྟོན་གྱིས་ཡོད། ད་དངོས་གནས་ལུང་བསྟན་གྱི་དུས་དེར་སླེབས་པ་འདྲ། རྡོ་རྗེས་ཚིག་མཚམས་མ་བཅད་གོང༌། པདྨ་སླར་ཡང་དྲི་བ་འདི་འདྲ་ཞིག་བཏོན། འོ་ན། ཁོ་ཚོས་ག་རེ་བྱས་ནས། མ་ཎིའི་གླུ་གཞས་བཏང་བ་རེད་ཟེར། ཨོ་ཁོས་ཟབ་ནན་གྱིས། རེད་ཡ། ཁོང་ཚོ་ལའང་ཁག་ཅི་ཡོད། མགོ་མ་ཚོས་པ་རེད་པ། ཁོང་ཚོ་ཁ་ཤས་ཀྱིས། རྒྱུ་མཚན་མེད་པར། གཞན་གྱི་ལད་མོ་བྱེད་བཞིན་ཡོད། ཡང་འགའ་ཤས་ཤིག་གིས། ཆོས་དང་མ་ཎི་ལ། དགའ་ཞེན་འཚོལ་ཕྱིར་གཟབ་ཟབ་བྱས་ནས་གཞས་བཏང་པའི་ཁུལ་རེད། སྙིང་རྗེ། ཁོ་ཚོའི་ལྷག་བསམ་ལ་སྐྱོན་མེད་ཀྱང་བྱ་སྤྱོད་ཀྱི་ཆ་ནས་ནོར་འགྲོ་གིས་ཡོད། གང་ལྟར་ཟབ་གཟབ་བྱས་པས། ཟིང་ཟིང༌། རྡོ་པདྨབཀོད་པས་ཁྱིའི་རྗེས་ཟེར་བ་དེ་རང་ཆགས་པ་རེད། ད་དངོས་གནས་ལུང་བསྟན་གྱི་དུས་དེར་སླེབས་པ་འདྲལ། ཁོས་སྐྱར་ཟློས་ཤིག་བྱས། པདྨ་རང་གི་བཟའ་ཟླའི་གདོང་གི་ཡིད་ཤིན་ཏུ་སྐྱོ་བའི་ངང་ཚུལ་ཚུལ་དེ་མཐོང་བས་སེམས་ཀྱིས་མ་བཟོད་པར་ལུང་བསྟན་གྱི་དུས་གཅིག་གཉིས་གསུམ། ད་གྲངས་ཀ་གསོག་དགོས་མ་རེད། དེ་ལས་བཞེས་ཐུག་མགྱོགས་ཙམ་མཆོད། ཨ་ནི། ང་གཉིས་ཉལ་སྡད་ན། ཞེས་ཁོའི་གདོང་ལ་ཟུར་མིག་གཅིག་འཕང་ནས་དགོད་ཙམ་བྱས་པས་རྡོ་རྗེའི་གདོང་གི་ཡིད་སྐྱོ་བའི་ངང་ཚུལ་དེ་ཡང་ག་ལེར་འཛུམ་པའི་མདངས་ལ་གྱུར་ཏོ། །

གངས་སུལ་གྱི་རོལ་དབྱངས་ཁྱོད་ལ་སྨོན། བློ་གླིང་ཐུབ་བསྟན་བསྟན་དར། འཕྲིན་ལས་སྣ་ལྔའི་འཇའ་ཚོན་འོད་སྟོང་ཕྱོགས་བཅུའི་ཀུན་གསལ་ཁྱོན་ལ་འཕྲོ། ། ཟབ་བརླིང་སྙིང་རྗེ་འོ་མའི་མཚོ་ཡིས་མུ་མེད་ཁམས་གསུམ་སྐྱེ་འགྲོ་བརླན། ། ཇི་སྙེད་ཆོས་ཀུན་མཁྱེན་པའི་གཏེར་གྱུར་རྣམ་འདྲེན་བསྟན་འཛིན་རྒྱ་མཚོ་མཆོག། བདག་སོགས་ཉམས་ཐག་འགྲོ་བའི་མགོན་དུ་བསྐལ་བརྒྱའི་བར་དུ་བཞུགས་སུ་གསོལ། །

ཕྱིའི་བཀོད་པ་སུམ་རྩེན་ཞིང་ལྟར་འདྲེ་བྱེད་ཡུལ་དུ་མ་མཛེས་ཀྱང༌། ། ནང་གི་སེམས་ལ་འཆི་མེད་ལས་ལྷག་ཆོག་ཤེས་ཞི་བདེའི་པད་དཀར་འཛིན། ། སྙིགས་དུས་བསྟན་འཛིན་མཁས་གྲུབ་དུ་མའི་འདབ་སྟོང་བཞད་པའི་འོ་མཚོ་སྟེ། ། དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་གླིང་འདིར་འཆད་རྩོད་རྩོམ་པའི་དྲི་བཟང་རྒྱས། །

ཤར་དང་ནུབ་ཀྱི་ཐ་སྙད་ཙམ་ལས་བློ་གསལ་སྒོ་མང་དམ་ཚིག་འདི། ། ཟུར་གནས་མཁས་པས་ཞིམ་མོར་དཔྱད་ཚེ་དྲི་མས་དབེན་པའི་ཆུ་ཀླུང་འདྲ། ། དགེ་འདུན་ཐུགས་མཐུན་ཚུལ་ཁྲིམས་གཙང་བའི་ཙན་དན་སྤོས་ཀྱི་དྲི་ངད་འདི། ། སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས་དབང་མི་ཕྱེད་དྭངས་བའི་དད་པ་མཚོན། །

སྙན་པའི་བ་དན་མཁའ་ལ་འཕྱོ་བ་བློ་གསལ་བྱེ་བའི་གླིང་ཆེན་ནས། ། མཁས་བཙུན་བཟང་པོའི་ནོར་གྱི་ཕྱུག་པའི་སློབ་དཔོན་དུ་མའི་ཞབས་བསྟེན་ཏེ། ། ཞག་སྟེང་ཟླ་བའི་ཆུ་རླབས་བརྩེགས་ཏེ་ལོ་ཤས་ནང་དུ་འབད་པ་བརྒྱས། ། གངས་ལྟ་རྒད་པོའི་ཐུགས་ངལ་བསིལ་ཕྱིར་གངས་སུལ་རོལ་དབྱངས་འཁྲོལ་ལ་མཚར། །

མཛེས་སྡུག་ཡིད་འོངས་གདོངས་མཐའ་ཅན་པའི་རབ་རྒྱས་ལེགས་བྲིས་འཇུག་སྒྲོ་ལྟར། ། ཡ་རབས་བཟང་སྤྱོད་རྒྱན་གྱིས་སྤྲས་ཤིང་རྒན་གཞོན་ཕན་ཚུན་བརྩེ་གུས་ཟབ། ། ཁུ་བྱུག་སྔོན་མོས་དྲུག་འགྱུར་དབྱངས་ཀྱིས་མཚར་སྡུག་དཔྱིད་དཔལ་བསུ་བ་བཞིན། ། འཛུམ་པའི་བཞིན་ནས་གངས་སུལ་དབྱངས་ཀྱིས་གསར་བུའི་སྙིང་སྟོབས་སྤེལ་ལ་བསྔགས། །

གངས་རིའི་ལྗོངས་སུ་ནམ་མཁའི་ནོར་བུ་རྨུག་སྤྲིན་སྟུག་པོས་ལང་ལིང་སྒྲིབ། ། ཞི་བདེའི་གེ་སར་སྙིང་དུ་འཛིན་པའི་འདབ་བརྒྱའི་ཚོགས་རྣམས་རྙིད་པར་བྱེད། ། དྭངས་གཙང་ཆུ་བོ་འཛམ་གླིང་སྟེང་གི་མི་བཟོད་གྲང་དམྱལ་ཞིག་ཏུ་བསྒྱུར། ། ཉམས་ཆུང་འགྲོ་བ་ཁྲི་ཁྲག་དུ་མ་སྡིག་ཏོ་འཁྱགས་པས་སྙིང་རྩ་བཀས། །

ལོ་པཎ་མཁས་གྲུབ་སྐར་ཚོགས་འབྱུང་གནས་རང་དབང་ཅན་གྱི་འཕགས་ཡུལ་འདིར། ། གདོང་དམར་ཕལ་ཆེར་ས་པཎ་དམ་པའི་བླངས་དོར་དབྱེ་བའི་ལེགས་བཤད་བརྗེད། ། ཡིག་དྲུག་འདོན་པའི་དུས་ཚོད་མ་རྙེད་སྒྲོ་ལ་བགྲང་བས་ཉིན་མཚན་འདའ། ། གངས་རིའི་སུལ་གྱི་རོལ་དབྱངས་འཁྲོལ་མཁན་ཧ་ལམ་རིན་ཆེན་གསེར་བས་དཀོན། །

ཆོས་ཀྱི་ཞིང་སར་རབ་བྱུང་རྣམས་ལ་དམར་པོའི་དཔུང་གིས་མཚོན་ཆ་སྣུན། ། མི་ཡུལ་ལུང་པར་ངུར་སྨྲིག་ཅན་ལ་ཁྱིམ་པ་རྣམས་ཀྱིས་རྙིང་རླུང་སྡང༌། ། གཉའ་གནོན་མཐོང་ཆུང་ཚ་ཟེར་འཕྲོ་ཡང་སྙིང་སྟོབས་གངས་རི་མ་བཞུར་བར། ། གངས་རི་ལྷ་མོའི་ལས་དབང་བསམ་བཞིན་གངས་སུལ་རོལ་དབྱངས་སྙན་པར་འཁྲོལ། །

སུམ་རྟགས་དག་པའི་སྐུ་གཟུགས་རྒྱས་ཤིང་ལང་ཚོའི་མེ་ཏོག་འཛུམ་དཀར་གྲོལ། ། སྙན་ངག་ཚིག་རྒྱན་ལེགས་པར་སྤྲས་པས་སྐལ་མཉམ་བུང་བའི་ཡིད་དབང་འཕྲོག། ལུགས་གཉིས་གེ་སར་གངས་སུལ་དབྱངས་ཀྱི་འབྲལ་མེད་གཅེས་པའི་སྲོག་ཏུ་འཛིན། ། རབ་བྱུང་གཞོན་ནུ་ལང་ཚོ་དར་ཡང་རྒད་པོ་བརྒྱ་ཡི་བློ་གྲོས་ལྡན། །

ན་གཞོན་སློབ་བུའི་སྙིང་ཁམས་བཅོལ་ས་ཕ་ཡུལ་ཆིབས་རྟ་སྤུ་ཁ་འགྱུར། ། གངས་ལྷ་རྒད་པོའི་ཕོ་ཉ་དུ་མ་གཤིན་རྗེའི་ནགས་སུ་ཞི་བར་གཤེགས། ། མེས་པོའི་ཚལ་དུ་སྙན་འསྒྲོག་ཁུ་བྱུག་ཚ་གཙིར་སྙིང་ཁམས་ལྡབ་ལྡིབ་གཡོ། ། གངས་སུལ་རོལ་དབྱངས་ནམ་ཡང་མི་ནུབ་ཡར་ངོའི་ཟླ་བ་ར་རྟག་འགྲན་ཤོག།

ཕྱི་དྲན་གྱི་ངུ་ངག་འབྲས་ཉག་རེ་ཚེ་དབང་མཐར་ཕྱིན་ནས། ཀེ་ལ་ཤ་ཡི་མཛེས་རྒྱན་སྤྲས་ཤིང་བཟོ་དབྱིབས་དྲུག་བཅུའི་གཏོར་མ་བཞིན། ། གནམ་མཐོངས་རྒན་མོའི་དབྱིབས་སུ་བསྙེགས་པས་ཆུ་འཛིན་དཀར་པོའི་སྐེ་རགས་བཅིངས། ། ཆར་པའི་སྐྱེས་བཟང་སྟོང་དུ་འཇོ་བས་དབྱིགས་འཛིན་བུ་མོའི་བཞིན་རས་བརླན། ། འོད་སྨྱུག་འཁྲིགས་པའི་ཉི་ཟེར་མཚམས་སུ་རྩ་ལྗང་ལོ་འདབ་མགོ་ལྕོག་ལྡེམ། །

རི་ཆུ་སྔོན་མོ་ལྷུང་ལྷུང་བཞུར་ངོགས་ཤ་དང་ཡུ་མོས་རྩེད་འཇོ་རོལ། ། མཛེས་སྡུག་ལྡན་པའི་རི་བོའི་འདབས་སུ་བུ་ང་ལྟེ་ཁྲག་འཕོས་པའི་སར། ། དྲི་བཞོན་བུ་མོས་ཤུགས་གླུ་ལེན་ཞིང་ལོ་ཡག་སྙེ་མ་ལྡེམ་ལྡེམ་གཡོ། ། ན་གཞོན་དུ་མས་མཛེས་ཆེས་སྤུད་དེ་འཇིག་རྟེན་འཚོ་བའི་ལས་ལ་བྲེལ། །

གནམ་སྔོན་ཞུན་མ་ཐང་མར་བརྡལ་འདྲ་བརྗིད་ཉམས་ལྡན་པའི་ཡུལ་ལྗོངས་དེར། ། ཞོགས་ཁའི་བསིལ་རླུང་དེལ་གྱིས་སྐྱོམ་པས་མེ་ཏོག་གསར་བཞད་ཁྲི་མ་འབུམ། ། ཕན་ཚུན་མཛེས་སྡུག་ངོམས་རེས་བགྱིས་པས་ལེགས་བྲིས་བུ་མོའང་སྐྱེངས་པར་སྟེར། ། ལྷ་དབང་བརྒྱ་བྱིན་ཚངས་པ་དག་ཀྱང་ཡིད་ཀྱི་བརྟན་པ་དབང་མེད་འཕྲོག།

བརྩེ་ཆེན་ཨ་མས་སྐྱིད་སྡུག་བཅོལ་ས་གདོད་ནས་ཆགས་པའིའ་འབུལ་ཐང་གྲོང༌། ། ཁོ་བོའི་དལ་རྟེན་མྱུ་གུ་སྔོན་པོས་ཟླ་དགུ་ངོ་བཅུ་མ་ལོན་པར། ། བྱམས་ལྡན་ཨ་མའི་རུམ་དུ་ཞུགས་པས་ཨ་མའི་འདོད་ལམ་ཡདོ་ཚད་བཀག། དབུ་སྐྲ་ལན་བུ་གྱེན་དུ་རབ་ཟིང་མི་སྡུག་ཡི་དྭགས་གཟུགས་སུ་གྱུར། །

ཁྲག་རྣག་ཚོས་པའི་མྱུ་གུ་ཆུང་ངུས་མེ་ཏོག་ལམ་ནས་ཕྱིར་མངོན་དུས། ། བརྩེ་བའི་རབ་མྱོས་བྱམས་ལྡན་ཨ་མས་སྙིམ་ཟུང་དལ་བུར་ཚུར་བླངས་ཏེ། ། མི་གཙང་འཇམ་གཉན་ལག་པས་ཕྱིས་ཏེ་ལུས་ཟུངས་བཅུད་ལྡན་འོ་མ་སྟེར། ། བྱམས་བརྩེ་བཅོས་མིན་འཛུམ་གྱིས་བསྟན་པས་དེར་ལེན་ངུ་ངག་ཕྲེང་བ་བགྲངས། །

ལོ་དང་ཟླ་བ་རིམ་གྱིས་འདས་ནས་བུ་ང་གོག་འགོས་བཞུད་དུས་སུ། ། བྱམས་བརྩེ་མེ་ཏོག་ཁོག་ན་དགོད་པའི་བདག་གི་སྐྱེ་བའི་ལམ་སྟེར་གྱིས། ། ང་ཡི་སྙིང་གི་ཟེའུ་འབྲུ་སྨྲེང་སྟེ་ཕྱག་ཟུང་འདབ་མའི་རྩེར་བཀོད་ནས། ། ཨུད་པལ་ལྟར་མཛེས་མིག་ཟུང་ཅེར་བར་མི་གཙང་སྐྱག་གཅིན་སྐྱེས་སུ་ཕུལ། །

ཁྲག་དང་མཆི་མའི་ལོ་ཟླའི་ཁྲོད་དུཁོ་བོའི་སླད་དུ་དུས་བཞིའི་ནང༌། ། དབྱར་དགུན་ཚ་གྲང་ཁྱད་དུ་བསད་ནས་རྒྱ་ནོར་དངུལ་དངོས་གསོག་འཇོག་བྱེད། ། ཡོད་ཚད་བུ་ངའི་མདུན་ལམ་ཆེད་དུ་རེ་བའི་ལོ་ཟླ་སྡུག་གིས་བསྐྱལ། ། དེ་འདྲ་ཨ་མའི་བཀའ་དྲིན་དྲན་དུས་སྐྱོ་བའི་མིག་ཆུ་རྒྱ་མཚོ་འཕྱུར། །

ཨ་མར་སྤྲིངས་པའི་མིག་ཆུ། འདུལ་བ་བློ་བཟང་རྒྱ་མཚོ། ཀ་མ་ལ་ལྟར་མཛེས་པའི་ལྗོངས་སུ་བདག་གི་དྲིན་ཅན་ཨ་མ་ལགས། ། ཁ་ཆུ་སྣབས་ལུད་ཁ་ཡིས་ཕྱིས་ཤིང་དཀར་གསུམ་རོ་བཅུད་བུ་ངར་སྦྱིན། ། ག་ནས་བལྟས་ཀྱང་བཀྲིན་གསུམ་ལྡན་ཨ་མ་ཁྱོད་འདྲ་མཐོང་ཡུལ་དཀོན། ། ང་ཡི་སྙིང་འདྲའི་ཨ་མ་ལོ་ལོ་བུ་ངར་ཐུགས་གཡེང་གནང་མི་དགོས། །

ཅ་དངོས་སྲིད་པའི་ནོར་ལ་མ་རྔམ་འཚོ་བ་ངན་ངོན་ཙམ་གྱི་འགྲིགས། ། ཆ་ལུགས་ཀུན་སྤྱོད་ཆོས་སུ་འགྲོ་བའི་ཁ་འདོན་དགེ་སྦྱོང་ཡང་ཡང་གྱིས། ། ཇ་ཐུག་རྩམ་གསུམ་ལུས་འདི་འཚོ་ན་སྲིད་པའི་ནོར་ལ་སྙིང་པོ་ཅི། ། ཉ་མོ་ཆུ་དང་འགྲོགས་པ་བཞིན་དུ་དགེ་བའི་ཆོས་དང་འབྲེལ་ན་ལེགས། །

ཏཱ་ལའི་བླ་མའི་སྐུ་ཚེ་བརྟན་ན་དྭ་ཕྲུག་བུ་ང་སྡུག་མི་སྲིད། ། ཐ་ཆུང་བུ་ང་མི་ཡུལ་འབྱོར་ཡང་རང་གི་རིགས་པའི་གཞུང་ལུགས་ལ། ། ད་ལྟར་ལྷོ་ཕྱོགས་རྒྱ་མཚོའི་འགྲོམ་དུ་གནས་པའི་བློ་གླིང་སློབ་གྲྭ་རུ། ། ན་གཞོན་བུ་ང་རིག་པ་སྟུག་ཀྱང་ཚོགས་ཆོས་སློབ་གཉེར་བརྩོནལ་བཞིན་མཆིས། །

པ་ཕ་ཨ་མའི་བཀའ་དང་འགལ་ནས་རྒྱུས་མེད་མི་ཡུལ་འབྱོར་བ་མིན། ། ཕ་ཡུལ་ཀླ་ཀློས་ཧམ་བཟུང་བྱེད་པ་བཙན་དབང་འོག་ཏུ་གནས་ཐབས་བྲལ། ། བ་རྒན་བེའུ་དོར་བ་བཞིན་དུ་ད་ལྟར་མཇལ་ཐབས་དབེན་ན་ཡང༌། ། མ་རྒན་ཁྱེད་དང་དྭ་ཕྲུག་ང་གཉིས་ལྷན་འཛོམས་དུས་ཤིག་ཤར་ངེས་སྲིད། །

ཙ་ཀྲ་རྣམ་གསུམ་གཞུང་ལ་བརྩོན་པའི་དུས་བཟང་གོ་སྐབས་རྙེད་ན་ཡང༌། ། ཚ་གདུང་དྲག་པོ་ས་ལུས་ལ་གཟར་དུས་བསིལ་ལྡན་གང་ལྗོངས་སྙིང་ནས་དྲན། ། ཛ་ཡི་གསུང་རབ་ལུང་དོན་ཇི་བཞིན་མི་ཤེས་རྨོངས་པའི་ཡུལ་དུ་ལྷུང༌། ། ཝ་ལེར་སྙིང་ནས་ཨ་མ་དྲན་ཞིང་མིག་ཟུང་མཐའ་ནས་མཆི་མ་བཞུད། །

ཞྭ་སེར་འཛིན་པའི་དགེ་བའི་བཤེས་གཉེན་ཞབས་རྡུལ་སྤྱི་བོར་གཙུག་ཏུ་བཀུར། ། ཟ་འཐུང་ཆེད་དུ་མ་ཡིན་བུ་ངས་གསུང་གི་བདུད་རྩིའི་ཉིང་ཁུ་དེ། ། འ་རེ་འུ་རེའི་ལམ་ནས་མིན་པ་ཁོ་བོའི་སྒྲ་འཛིན་དཀྱིལ་ལ་འཁོར་ནས། ། ཡ་མེད་བུ་ངའི་ཨ་མའི་གསུང་བཞིན་ཡལ་མེད་སྙིང་ཁམས་དབུས་སུ་གཅེས། །

ར་ལུག་འབྲི་གཡག་འཚོ་བའི་དུས་སུ་ཨ་མ་ཁྱེད་དང་ལྷན་ཅིག་ཏུ། ། ལ་དང་སྤང་ཁའི་སྟེང་དུ་གནས་ཤིང་བཟའ་བཏུང་འཚོ་བ་མཉམ་དུ་རོལ། ། ཤ་ཁྲག་རུས་ལས་མཆེད་པའི་བུ་ངའི་དྲིན་ཅན་ཨ་མའི་བསླབ་བྱ་དེ། ། ས་མཐའི་མི་ཡུལ་ལུང་པར་འཁྱམས་ཀྱང་ཨ་མའི་དྲིན་དེ་བརྗེད་མི་སྲིད། །

ཧ་ཅང་བུ་ང་སྦྱངས་འབྲས་དམན་པས་ཚིག་གི་ཟེར་ཟློ་ཤིན་ཏུ་མང༌། ། ཨ་མར་སྤྲིངས་པའི་གདུང་པའི་འཕྲིན་ཆུང་གཟུར་གནས་མཁས་པར་སྙན་མི་སྲིད། ། རང་དང་མཉམ་པའི་སློབ་མ་ཡོངས་ལ་རྩོམ་གྱི་ཁ་ལོ་བསྒྱུར་ཕྱིར་དུ། ། ཁེར་རྐྱང་མགོ་རིལ་གོ་སྨྱོན་ཁོ་བོ་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ནས་བླངས། །

རང་མཚང་ཕྱིར་འདྲེན། རང་བཙན་རྒྱལ་ཁབ་ང་ལ་ཡོད་ཀྱང༌། །ལོན་པའི་བསམས་པ་ང་ལ་མེད། ། ཆོས་སྲིད་ཟུང་འབྲེལ་ལམ་བཟང་ཡོད་ཀྱང༌། །གཉིས་ཀའི་དོན་དག་ངས་མི་ཤེས། །

རྒྱལ་དར་དམར་པོ་མཁའ་ལ་བསྒྲེངས་ཀྱང༌། །རང་དབང་རྒྱལ་ཁབ་ང་ལ་མེད། ། བོད་རྒྱ་ཐ་དད་བདེན་དཔང་ཡོད་ཀྱང༌། །འཆད་པའི་སྤོབས་པ་ང་ལ་མེད། །

རྐུབ་སྟེགས་མཐོན་པོའི་གོ་ས་ཟིན་ཀྱང༌། །སེམས་ཤུགས་ལྷག་བསམ་ང་ལ་མེད། ། སྐྲ་ལོ་རིང་པོ་མགོ་ན་བསགས་ཀྱང༌། །ཆུང་འདྲིས་ན་ཆུང་ང་ལ་མེད། །

བཞུགས་ཁྲི་མཐོན་པོ་གནམ་ལ་བཏེགས་ཀྱང༌། །ས་ལམ་རྟོགས་པ་ང་ལ་མེད། ། གྲྭ་ཆས་དམར་པོ་ལུས་སུ་གྱོན་ཡང༌། །སྒོམ་སྒྲུབ་ཉམས་ལེན་ང་ལ་མེད། །

ཆ་ལུགས་བོད་པའི་ལུས་སུ་སྐྱེས་ཀྱང༌། །མི་རིགས་ལ་ཞེན་ང་ལ་མེད། ། སྐྱིད་པའི་རང་ཡུལ་ང་ལ་ཡོད་ཀྱང༌། །སྡོད་པའི་རང་དབང་ང་ལ་མེད། །

སྡkང་བའི་དགྲ་བོ་ང་ལ་ཡོད་ཀྱང༌། །དགྲ་ཤ་ལེན་བསམ་ང་ལ་མེད། ། གཉེན་པའི་འདུན་གྲོགས་ང་ལ་ཡོད་ཀྱང༌། །རྒྱུན་གཤིབ་རེ་བ་ང་ལ་མེད། །

ཆོས་ལུགས་ཆོལ་ཁ་ང་ལ་ཡོད་ཀྱང༌། །མཐུན་ལམ་བྱེད་བསམ་ང་ལ་མེད། ། ས་མཐར་འཁྱམས་པའི་འཁྱམས་པོ་ང་ལ། །ཡོད་གོ་ཆོད་པ་སྣ་གཅིག་མེད། །

དགོས་པའི་ཆ་རྐྱེན། གོ་ཕྲུག་འཆི་མེད་ཚེ་རིང༌། རྒན་པར་གུས་ཞབས་ཡིན་ལུགས་ཚུལ་མཐུན་དང༌། །གཞོན་པར་བྱམས་སྐྱོང་གྲོགས་དང་མཐུན་ལམ་སོགས། །ཐར་པའི་གྲོང་ཁྱེར་བགྲོད་དུས་མི་མཁོ་ཡང༌། །འཇིག་རྟེན་སྲིད་ལུགས་འདི་ན་དགོས་ངེས་ཤིག།

རས་གཟན་ལེབ་མོ་གྱོན་པའི་རྣམ་འགྱུར་དང༌། །མགོ་སྒུར་ལྕེ་ཕྱེད་དཔྱངས་པའི་སྤྱོད་ཚུལ་དག། ཕྱི་མའི་དག་ཞིང་ཡུལ་དུ་མི་མཁོ་ཡང༌། །དགེ་འདུན་ནང་ཁྲིམས་འདི་ན་དགོས་ངེས་ཤིག།

ཁ་ནས་སྙན་པོའི་སྤྲེལ་ལད་སྣ་དགུ་དང༌། །ལུས་ཀྱི་རྣམ་པ་གུས་གུས་ཞུམ་ཞུམ་སོགས། །ཚུལ་ལྡན་ཆོས་པ་ཞིག་ལ་མི་དགོས་ཀྱང༌། །དེང་གི་སྤྱི་ཚོགས་འདི་ལ་དགོས་ངེས་ཞིག།

ལག་ཏུ་ཁྱེར་རྒྱུའི་བརྩེགས་བཀྱགས་རྒྱུ་ནོར་དང༌། །མཛེས་པའི་གདོང་དང་ལུས་ངག་ཉམས་དང་འགྱུར། །རི་ཁྲོད་རྣལ་འབྱོར་པ་ལ་མི་མཁོ་ཡང༌། །རང་དོན་རྐུབ་སྟེགས་དོན་ལ་དགོས་ངེས་ཤིང༌། ། ལུས་ལ་མཛེས་བྱེད་རིན་ཆེན་སྣ་དགུ་དང༌། །ལག་ཏུ་ཁུར་རྒྱུའི་འདོད་འཇོ་པད་ཤག་སོགས། །ཐར་པའི་ལམ་སྣེ་ཟིན་པར་མི་མཁོ་ཡང༌། །འཁོར་བ་སྲིད་པ་འདི་ལ་དགོས་ངེས་ཤིག།

རྒྱ་བོད་དབྱིན་སོགས་སྐད་རིགས་འདྲ་མིན་དང༌། །ཨ་རི་ཧོར་སོགས་ངོ་ཤེས་འདྲ་མིན་དག། རྣལ་མའི་ཆོས་པ་ཞིག་ལ་མི་མཁོ་ཡང༌། །འཇིག་རྟེན་ཕལ་བའི་མི་ལ་དགོས་ངེས་ཤིག།

ཟད་བྲལ་རྒྱལ་མཚོའི་མིག་ཆུ། མུ་ཏོ་བ་བསྟན་འཛིན་ཆོས་རྗེ། བཤད་སྒྲུབ་བལྟི་གནས་གཙུག་ལག་རྭ་བའི་མཐར། །གཟུགས་ཕུང་གཞུ་ལྟར་གུག་པའི་རྒན་ཁོག་ཚོས། །ཕྱག་དང་བསྐོར་བ་དལ་བུར་སྐྱོད་མཐོང་ཚེ། །སྡུག་གིས་གཉེར་མ་བསགས་པའི་སྐྱེད་མ་དྲན། །

གཞུང་ལུགས་རྒྱ་མཚོར་བརྩོན་པར་ངལ་མེད་ཀྱང༌། །རྟག་ཏུ་བཅུད་མེད་འབྲས་རྡལ་ཟ་བའི་ཚེ། །ཤ་མར་རྩམ་པའི་བཅུད་ཀྱིས་གསོས་པ་ཡི། །སྙིང་བརྩེ་ཨ་མ་ཡང་ཡང་དྲན་ཞིང་སྐྱོ། །

དཔལ་ལྡན་བློ་གསལ་གླིང་གི་ཆོས་རྭའི་ནང༌། །རྟོག་གེ་འབུམ་ཁྲག་རྟག་ཏུ་དགག་བཞག་གི། རྟགས་གསལ་རྩོད་དུས་རྒྱུན་ཏུ་སློབ་སྦྱོང་ཞེས། །ཡང་ཡང་གསུང་པའི་སྐྱེད་མ་སྙིང་ནས་དྲན། །

དབུ་སྐྲ་ཁ་བའི་མདོག་ལྟར་རབ་དཀར་བའི། །ཞལ་རེས་འཛུམ་མདངས་དབེན་བའི་འདྲ་དཔར་ཞིག། འབྱོར་བས་ཡང་ཡང་བལྟས་པས་སེམས་ཁམས་བུུ། །ཟུག་ངུས་མི་བཟོད་དྲན་པའི་གདུང་དབྱངས་ཐོན། །

སྲོག་ལྡན་ལྗོན་ཤིང་རླུང་གིས་རབ་ཏུ་གཡོ། །གྲིན་གྲལ་སྔོ་བསང་སྒེས་མོའི་ཕང་པ་ན། །གསལ་བྱེད་ཟླ་བའི་འོད་དཀར་འཇམ་པ་དང། །ཡིད་ལ་མ་མའི་ཞལ་ཁྱིམ་ལྷམ་མེར་འཆར། །

བདེན་གཏམ་ཚིག་གི་མདའ་མོ། གུར་ཐང་ཚེ་རིང༌། གྲགས་པའི་མིང་སྙན་དེ་ཁྱེར་བའི། །གཞན་ཕན་བླ་སྤྲུལ་ཚོའི་མདུན་ཅོག། བསྔོ་རྟེན་རི་རབ་ལྟར་བརྩིགས་དུས། །ཤི་བོའི་རྣམ་ཤེས་དེ་ཨེ་གཟིགས། །

གཞུང་དོན་ཐུགས་མངལ་ཏུ་ཆུད་པའི། །དེང་སྐབས་གསར་འཁྲུངས་ཀྱི་དགེ་བཤེས། །ཕྱི་གླིང་ཨ་སྒོར་ལ་བརྩོན་དུས། །ཉམས་ལེན་སེམས་ངོས་སུ་ཨེ་ཤར། །

མི་རྟག་འཆི་རྒྱུ་ལ་ཞུམ་པའི། །བརྫུ་འཕྲུལ་གློག་ཞགས་ཀྱི་སྔགས་རྒན། །ཡོན་བདག་རྒྱུ་ནོར་ལ་ཆགས་དུས། །སྒྲུབ་པའི་གོ་འཕང་ཞིག་ཨེ་བསམ། །

སྣུམ་སྣག་སྐྲ་ལོ་དང་བྲལ་བའི། །འཛུམ་དྲུག་སྟག་རྒོད་ཀྱི་བན་ཆུང༌། །སྒྱུ་འཕྲུལ་གློག་བརྙན་ལ་དབྱིངས་དུས། །དགེ་སྦྱོང་གཙང་དག་ཞིག་ཨེ་དྲན། །

འཇིག་རྟེན་འཁོར་བའི་ནོར་ལ། །སྲེད་བྲལ་བྲག་ཕུག་གི་སྒོམ་ཆེན། །མཛེས་མའི་ཞལ་རས་ལ་ཆགས་དུས། །སྒོམ་སྒྲུབ་སེམས་ངོགས་སུ་ཨེ་བསམ། །

མ་ཅིག་མངལ་སྤྲུམ་ལས་མཆེད་པའི། །ཡུལ་མེད་སྤྲང་འཁྱམས་ཀྱི་བུ་ཚས། །ཉིན་མཚན་སྤྲིད་དུག་ལ་རོལ་དུས། །གངས་ཅན་ཉིན་གཅིག་ཞིག་དྲན་ནམ། །

ཕྱི་གླིང་ལྷ་ཡུལ་དུ་ཆགས་པའི། །རིགས་གཅིག་བོད་རིགས་ཀྱི་སྤུན་ཟླ། །མདུན་ལམ་མགོ་སེར་དང་འདྲེས་ན། །རིགས་བརྒྱུད་དྭངས་གཙང་དེ་ཨེ་ཆགས། །

བྱང་རྒྱུད་གངས་དཀར་ལས་ཉིལ་བའི། །སེང་ཕྲུག་སྟག་ཤར་གྱི་གཞོན་ནུ། །དུས་གང་སྤྲོ་སྐྱིད་ལ་འཁོར་དུས། །མེས་པོའི་ཕང་པ་དེ་ཨེ་དྲན། །

གསེར་ཁྲིའི་གོ་འཕང་ལ་འཛེགས་པའི། །གཞུང་དྲང་སེང་གེ་ཡི་དཔོན་རིགས། །གཞུང་དངུལ་ལྐོག་ཟ་རུ་བྱེད་དུས། །སྡིག་པའི་རྒྱ་མཚོ་དེ་ཨེ་དྲན། །

བྱང་ཕྱོགས་ཕ་ཡུལ་ནས་སྤྲིངས་པའི། །དྲིན་ལྡན་ཡབ་ཡུམ་གྱི་བསླབ་བྱ། །རྫ་བརྒྱབ་ཆུ་བླུགས་བཞིན་བྱས་ན། །ཕ་མར་དྲིན་ལན་ཞིག་ཨེ་ཡོང༌། །

འཕགས་ཡུལ་བོད་རིགས་ཀྱི་སོན་རྩས། །ཟབ་བརླིང་རིག་གཞུང་དེ་དོར་ནས། །སྐྲ་སེར་སྐད་ཡིག་ལ་འཇུག་དུས། །བོད་མིའི་བདེ་སྡུག་ཞིག་ཨེ་དྲན། །

རྩལ་རྫོགས་བོད་ཞེན་གྱི་རྩོམ་པོ། །གཞན་ལ་ཚིག་མཚོན་ཀྱོང་འཕེན་ནས། །སྙན་གྲགས་ཁོ་ན་ལ་བརྔམས་དུས། །བོད་མིའི་གནས་སྟངས་དེ་དྲན་ནམ། །

ལྔ་རིག་ལུས་སྟོབས་རང་རྒྱས་ན། །འབྱུང་འགྱུར་གངས་ཅན་གྱི་བུ་ཚར། །གོ་རྟོགས་དཀའ་གནད་ཀྱི་ཉིང་ཁུ། །ཤོག་དཀར་ལེབ་མོའི་ཐོག་ཕོབ་དང༌། །

ཡུལ་མེད་བྱེས་འབྱོར་གྱི་བོད་མི། །མ་གཡེང་རྣ་བ་ཡི་བུ་གར། །བས་མཐའ་ཉམ་ཆུང་གྱི་བུ་ངའི། །འབོད་སྒྲའི་ཚིག་ཕྲེང་འདི་གསན་དང༌། །

བསིལ་བསིལ་སྨན་ལྗོངས་ཀྱི་ཡུལ་ཁམས། །སྙིང་སྙིང་སྲོག་རྩ་དབུས་མཆིས་ན། །ནག་ནག་དུག་སེམས་དེ་དོར་ནས། །རྡོག་རྡོག་ཅིག་བསྒྲིལ་དེ་གནང་རོགས། །༩༩།༩།༡༥ ཉིན་རང་ཤག་ཏུ་བྲིས།

ཕ་མ་དྲན་པའི་སྐྱོ་གླུ། བུ་སྨྱོན་ཆོས་འཕེལ་ཚེ་རིང༌། བསིལ་ལྗོངས་གངས་དཀར་གྱིས་ཡུལ་ལྗོངས་མཇེས་བའི། །རྒྱུས་མེད་མི་ཡུལ་དུ་འཁྱམས་པའི་གྲྭ་ཆུང་ངས། །ངེས་མེད་ས་མཐའ་རུ་འཁྱམས་པའི་གྲྭ་ཆུང༌། །འབད་པས་བཙལ་ཀྱང་ཤིང་ཏུ་རྙེད་པར་དཀའ། །

རོ་བཅུད་ལྡན་པའི་བྱ་ཤ་ཉ་ཤ་ལས། །བརྩེ་ལྡན་ཨ་མའི་ནུ་ཞོ་མངར་མོ་ཞིམ། །ཕག་ཤ་ལུག་ཤ་རིན་ཐང་ཆེ་ན་ཡང༌། །རིན་པ་མེད་པའི་ཨ་མའི་འོ་མ་བཞིན། །

ཕ་ཡུལ་སྤུན་མཆེད་ཡིད་ལ་དྲན་པ་དང༌། །འདྲེན་བྱེད་ཟུང་ནས་མཆི་མའི་རྦ་རླབས་གཡོ། །སྙིང་རྗེ་མེད་པའི་རྒྱ་དམར་ཀླ་ཀློས་ཚོས། །ང་དང་ཕ་ཡུལ་མ་འགྲིམ་ཀ་མེད་བཟོས། །

དྭངས་གཙང་དབྱིངས་ལ་འཕུར་བའི་ཁྲུང་ཁྲུང་ལགས། །ཚིག་གསུམ་ཡི་གེ་ཕ་མའི་ཕྱག་ཏུ་ཕུལ། །ཡང་ཡང་དྲན་པའི་བྱམས་ལྡན་ཨ་མ་ལགས། །ལྷོ་མཐར་འཁྱམས་པའི་བུ་སྨྱོན་ང་ཡིས་ཕུལ། །

དྲིན་ཅན་ནང་མི་བཞག་ནས་མི་ཡུལ་སླེབས། །འཕགས་པའི་ཡུལ་ལ་འཁྱམས་པའི་བུ་སྨྱོན་ངས། །ཛ་དྲག་དུས་ལ་ཐུགས་པའི་སྤུན་ཟླ་རྣམས། །དཀའ་སྡུག་བཟོད་སྲན་བྱེད་རིནས་བཅུ་ལ་སློབས། །

ཁོར་ཡུག་སྐྱེད་པའི་འཕགས་ཡུལ་གྱི་ཞིང་ན། །ཆ་རྐྱེན་འཛོམས་པོ་ཇི་ལྟར་ཚང་ཡོད་ཀྱང༌། །སྐྲ་ལོ་དུང་ལྟར་དཀར་བའི་ཕ་མ་དྲན། །བྱམས་ལྡན་ཕ་མ་བཞག་ནས་སྡོད་ཐབས་བྲལ། །

ཧ་ཅང་སེམས་པ་སྐྱོ་བའི་ཚིག་གསུམ་འདེ། །ཕ་མ་རང་ཡུལ་དྲན་པའི་དབང་མེད་ཤོད། །

རེ་འགའ་ཙམ། གོ་བོ་སྐལ་བཟང་འཕྲིན་ལས། སྐྱེ་བ་འདི་ཕྱི་ཀུན་ལ་སྨན་པའི་ཐབས། །ཐུབ་ཆོས་ལས་གཞན་དབེན་པ་ལེགས་རྟོགས་ཀྱང༌། །ཆོས་ཀྱི་སྙིང་པོ་གཞན་ཕན་བྱང་ཆུབ་སེམས། །ཉམས་སུ་ལེན་མཁན་སྐྱེ་བོ་རེ་འགའ་ཙམ། །གངས་ལྗོངས་རང་དབང་བདེན་མཐའ་སེལ་པ་ལ། །ཆོལ་གསུམ་གཅིག་བསྒྲིལ་བྱ་དགོས་ཤེས་ན་འང༌། །ཕྱོགས་བྲལ་དམ་ཚིག་མཐུན་པ་བྱེད་མཁན་ནི། །བོད་མི་མང་ཚོགས་ནང་ནས་རེ་འགའ་ཙམ། །དངོས་གྲུབ་འབྱུང་གནས་ཏུ་ལི་བླ་མ་ལས། །ལྷག་པ་མེད་ཀྱང་སྐྱེ་བོ་ཁྲིལ་མེད་ཚོས། །སྐྱོན་མེད་སྐྱོན་བརྗོད་སྐུལ་དེད་བྱེད་པ་ལས། །ཐུགས་རྗེ་ལྷག་བསམ་བྱེད་མཁན་རེ་འགའ་ཙམ། །རང་བཙན་ལེན་དགོས་རང་དབང་རྩོད་དགོས་ཞེས། །ཁ་ཕོ་དབྱར་རྔ་ལྡིང་ལྟར་སྒྲོགས་མཁན་ནི། །མང་དུ་མཆིས་ཀྱང་ཅི་བཤད་དོན་ཐོག་ཏུ། །ལག་ལྟར་བྱེད་མཁན་དེང་འདིར་རེ་འགའ་ཙམ། །ཕུང་བྱེད་གཏེ་པོ་ཤོག་སྦག་མ་ཅཱང་ལས། །ལྷག་པ་མེད་ཀྱང་སྐྱེ་བོ་ལང་ཤོར་ཚོས། །རྒྱན་འཛུགས་བྱ་བར་སྤྲོ་བས་ཞུགས་པ་ལས། །འཇུག་འབྲས་མནོ་བསམ་ཐོངས་མཁན་རེ་འགའ་ཙམ། །རང་རིགས་སྔ་ནས་སྦིག་རག་རྒྱ་མཚོ་ཆེར། །བཏུང་པ་ཤེས་ཀྱང་རྟག་ཏུ་དེའི་ཀློང༌། །ཆོག་ཤེས་སྤངས་ཏེ་རྐྱལ་དུ་བརྩོན་པ་ལས། །ཐར་འདོད་རྩོལ་བ་རྩོམ་མཁན་རེ་འགའ་ཙམ། །

དབྱངས་བྲལ་ཀ་བཤད། བློ་གླིང་མིའུ་བུད་དྷནས། ཨ་ཤྭཏ྄ཐ་རྩར་སངས་རྒྱས་ནས། །ཧ་ཅང་མཛད་བཟང་བསྟན་པ་ལྟར། །ཨ་མ་ལས་ལྷག་གངས་ཅན་སྐྱབས། །ཧ་ལམ་བསྟན་པས་བསམ་པ་དད། ། ས་སྒང་ལ་ཆགས་གངས་ཅན་པས། །ཤ་མར་རྩམ་ལ་ཟས་བྱས་ནས། །ལ་དྭགས་མན་དང་རྒྱ་ནག་ཡན། །ར་གན་མདངས་ངན་ག་ལ་བསྟན། ། ཡ་རབས་ཆ་བྱད་རབ་མང་བ། །འ་ཅག་ས་ནས་ཁྱབ་ན་ཡང༌། །ཟ་དགའ་རྒྱ་ནས་ཕན་ལན་ངན། །ཞ་ལ་བྱས་བས་བསམ་པ་ཕམ། ། ཝ་ལས་དྲན་པ་རྒྱ་དམར་ནས། །ཛ་ལང་ལས་ལ་ཡང་ནས་ཡང༌། །ཚ་གྲང་འཐབ་ལྟར་བྱས་བར་བསམ། །ཙ་ན་བྲང་ལ་ཚ་ཤར་ལང༌། ། མ་ལ་ཁ་བ་ཅན་པ་རྣམས། །བ་ཚྭ་ཅན་ནང་ཉ་ཤ་ཡང༌། །ཕ་སྤད་དག་ལ་མ་དབང་ན། །ཕ་ཕས་རང་ས་ག་ལ་དབང༌། ། ན་རཿགྲལ་ན་གངས་ཅན་པ། །ད་ལྟ་རང་དབང་བྲལ་སྐབས་ལ། །ཐ་མལ་པས་ཀྱང་རང་དབང་སླད། །ཏུ་ལས་བཀའ་གནང་ཉན་པ་གལ། ། ཉ་གང་ཟླ་འདྲ་ལྷག་བསམ་དང༌། །ཇ་སྦག་བཞག་ལྟར་ཡ་རབས་ལ། །ཆ་ཅན་འབད་ན་རང་དབང་དང༌། །ཅ་ལག་སྣ་མང་ཞར་ལ་རག། ང་རྒྱལ་གཞན་ཕམ་དྲན་མང་ན། །ག་པ་བསྡད་ཀྱང་དགའ་བ་བྲལ། །ཁ་ནས་སྙན་པ་སྨྲ་བ་ལས། །ཀ་དག་བསམ་པ་བཟང་ན་ཡག། ཀ་བས་རབ་དག་ཁང་པ་ནང༌། །ཁ་ངན་བསམ་ངན་མ་དྲན་ཡང༌། །ག་པ་ལ་ཡང་ངག་བཀྱལ་སྨྲར། །ང་རང་ཞག་ཟླ་ཟད་ནས་བསྡད། ། ཅ་ག་སྣ་མང་ག་པ་ག། ཆ་ལྡན་ལྷམ་ཡང་དམན་ན་ཡང༌། །ཇ་རྩམ་ལྡན་པ་གངས་ཅན་ས། །ཉ་བསད་རྒྱ་ནས་བླང་ལ་འབད། ། ཏ་ཐཱ་ག་ཏས་བཀའ་གནང་ལྟར། །ཐ་ཤལ་ལམ་ལ་མ་འཕྱན་བར། །ད་ནས་བསམ་རྒྱ་ཡར་སྤར་སླད། །ན་ཡང་ཐམས་ཅད་བསླབ་ལ་དགའ། ། པ་ཕ་གངས་ཅན་ས་ན་ལྷག། ཕ་བཟང་སྲས་རྣམས་རྒྱ་གར་འཁྱམ། །བ་གླང་ལས་དམན་རྒྱ་དམར་ནས། །མ་དང་ཁ་བྲལ་བཏང་བས་མནར། ། ཙ་ར་བཅད་སར་མ་སྐྲགས་བར། །ཚ་གྲང་ངལ་བས་མནར་ན་ཡང༌། །ཛ་དྲག་གངས་ཅན་རང་དབང་སླད། །ཝ་ལ་མ་འགྲན་སྟག་ལ་འགྲན། ། ཞ་དང་རྣ་དབང་ཉམས་པ་ལྟར། །ཟ་ཉལ་ཙམ་ལ་མ་འཡན་བར། །འ་ཅག་ཚང་མས་དམར་ནག་རྒྱར། །ཡ་རབས་ངང་ནས་རང་བཙན་བརྩད། ། རྭ་ལྟར་མ་དྲང་རྒྱ་དམར་རྩར། །ལ་ལས་གངས་ཅན་ལ་རྒྱ་སླད། །ཤ་དང་ཁྲག་དམར་མཇལ་དར་མཛད། །ས་གནམ་བར་ན་དཔའ་རྟགས་བཞག། ཧ་ཅང་ཕྱག་ལས་མཛད་པ་ལྟར། །ཨ་འཐས་ངང་ནས་རང་དབང་སླད། །ཧ་ལས་ལྔ་ལམ་བརྫང་ན་ཡང༌། །ཨ་གསར་སྤངས་ནས་འབད་པར་འཚལ། །

སེམས་ཁམས་ཀྱི་ཟླ་བ་དཀར་པོ། ཏྲེ་བྲག་ཁུག་རྟ། བསིལ་སྦྱིན་གྱི་དུང་ཟླ་དཀར་པོ། །ཁྱོད་ཀྱི་གཟི་འོད་མངར་མོ། །ཁ་བའི་ལང་ཚོ་ལ་འཕྲོས་དུས། །དགའ་དད་ཀྱི་ཀུ་མུད་འཛུམ། །སྙིམ་པའི་པད་འདམ་ཟུམ། ཀྱེ། སེམས་ཁམས་ཀྱི་ཟླ་བ་དཀར་པོ། །ཁྱོད་ཤར་རིའི་རྩེར་འཕགས་དུས། །ངེད་ཅག་དགའ་དད་སྤྲོ་གསུམ་གྱི་བསུ་མ་བྱས། །ཀྱེ་མ། ངེད་ཅག་ལས་བསོད་དམན་སོང༌། །ཁྱོད་ཞལ་སྤྲིན་པས་སྡོམ། །གངས་ཁྲོད་མུན་པས་བཟུང་སྟེ། །ངེད་ཅག་གི་སྐྱོ་མིག་མཆི་མས་རུམ། །སེམས་ཁམས་ཀྱི་སྤྲོ་སྣང་ཉམས། །ངུ་ངག་གིས་སྐྱེལ་མ་བྱས། །སེམས་ཁམས་ཀྱི་དུང་ཟླ། །ཁྱོད་ཀྱི་བྱམས་བརྩེས་ངེད་ཅག་མ་དོར་མོད། །འོན་ཀྱང༌། ངེད་ཅག་ལས་སྐལ་ཟད་པས་ཁྱོད་དང་གྱེས་སོང༌། །


དང་ནུབ་འཆར་བའི་རྨི་ལམ་གྱི་ཞིང༌། ཐུབ་བསྟན་ཚེ་རིང༌། ཀྱེ་མ། ཧི་མ་ལ་ཡི་རི་རྒྱུད་རྣམས། །ཁྱོད་ཉི་ཆལ་གསུམ་ཡོངས་ཀྱི་མོགས། །རིན་ཆེན་རིན་ཐང་ཅན་རྣམས་འདི་རུ་གནས། །རྩེ་ཤིང་གསན་ཚལ་གསུ་ལོའི་འཛོལ་པའི་ཚལ། ། ཀྱེ་མ། གངས་དཀར་རི་ཡི་ཁྱོད་བདག་ཅག་རྣསམ་ཀྱི་སྲོགས། །གངས་ཆུ་གང་རྒྱུགས་ས་ལ་ལོ་ཡག་རྩ་བར་གཙུག། རིན་ཐང་ཆེ་ཞིང་ཟད་པ་མེད་པའི་རྩ་ཆེན་གཏེར། །སྐལ་ལྡན་སྐྱེ་བོའི་ཚོགས་རྣམས་སྐོམ་པ་སེམས། ། ཀྱེ་མ། དེའི་ཕྱི་གཉིས་ཀྱི་ལམ་སྟོན་བཤེས་གཉེན་ཁྱོད། །རིན་ཆེན་གསེར་དངུལ་གཏེར་ལས་རིན་ཐང་ཆེ། །བཅུད་ལྡན་ཤ་མར་ཐུད་གསམ་ལས་ཀྱང་མཆོག། མཐར་ཐུག་རྣམས་མཁྱེན་གོ་འཕང་དེ་ལ་སྙེགས། །ཀྱེ་མ། དང་ནུབ་མཚན་མོའི་རྨི་ལམ་གྱི་སྒྱུ་མི་ཁྲོད། །རོ་བཅུད་ཞིམ་མངར་ལྡན་པའི་རོ་ལ་རོམ། །སྙན་ཞིང་འགྱུར་ཁུག་དང་ལྡན་གླུ་དབྱངས་སྒྲ། །མཛེས་སྡུག་ལང་ཚོའི་སྨིན་ལེགས་མ་ཡི་ཞམ། །ཀྱེ་མ། སྐྱེ་གསུམ་སྡུག་གསུམ་བཞོར་བའི་ངང་ཚུལ་རྣམས། །ལན་ཅིག་མཐོང་བའི་ཡོད་ལ་ཞན་པ་གཏིང་ནས་ལོགས། དེ་ལས་ལྡོག་ཏེ་རྟགས་ཏུ་དགེ་བའི་ཆོས་ལ་བརྩོན། །མཐར་ཐུགས་རང་གཞན་བདེ་སྐྱིད་འཛམས་པའི་དཔལ་དུ་བཞུགས། །ཀྱེ་མ། ཡ་རབས་སྤྱོད་བཟང་བོད་མིའི་གཤིས་རྒྱུད་དེ། །འཕགས་མཅོག་སྤྱན་རས་གཟིགས་ནས་འོངས། །ཉིན་མཚན་དུས་དྲུག་ཀུན་ཏུ་དགེ་བའི་ཆོས་ལ་བརྩོན། །ཆོས་སྲིད་གཉིས་ལྡན་ཆོམ་གསུམ་ཡངས་ལ་བསྔགས། ། བཅས་གུས་མིང་པས་རེ་བཟའ་ཉི་མ་ཉིན་ལྷོ་ཕྱོགས་རྒྱ་མཚོའི་མཆོག་ནས་བྲིན། ༢༠༠༢།༣།༢༤ཉིན།

ཙོང་ལ་རིང་མོ། སའི་གོ་ལའི་སྙིང་གི་ཚན་པ་བདུན་པ། རྨ་ཀླུང་ལྷ་མོ་སྐྱབས། ༡ ལུང་གསུམ་མདོ་ན། གོ་རྒྱུ་མང་ཡང༌། ཀུན་བཤད་ཀྱི་ཁ་ཡིས་ཁྱོད་ལ་ཅི་སྐྱོན། བདག་གི་ཙོང་ལ་རིང་མོ། ༢ ཁྱོད་ཀྱི་པང་ནས། ང་ཚོ་ལམ་ལ་ཆས་དུས། དགོད་སྒྲ་དང་མིག་ཆུ་མེད་པར། རེ་བ་ཞིག་སེམས་ལ་ཉར་ཡོད། ༣ ཙོང་ལ་རིང་མོ། ཕར་བལྟས་ན་ཉལ་འདུག་ཀྱང༌། དོན་དམ་དུ། གཉིད་ཆེ་ཡོད།

དགའ་སྐྱོའི་ཕྲེང་ཐག་གངས་སྲས་ཟླ་གཞོན། དགའ་ཞིང་སྐྱོ་ཞིང༌། སྐྱ་རེངས་ཀྱི་དུས་སུ། དགའ་ཞིང་སྐྱོ་ཞིང༌། ས་སྲོད་ཀྱི་དུས་སུ། ལྷ་མོའམ་བུ་མོ་གང་རུང་གི་མྱོས་བུམ་བསམ། དགའ་ཞིང་སྐྱོ་ཞིང༌། མདུན་ཕྱོགས་སུ་སོང་ན། དགའ་ཞིང་སྐྱོ་ཞིང༌། རྒྱབ་ཕྱོགས་སུ་བལྟས་ན། ལྷ་མོའམ་བུ་མོ་གང་རུང་གི་སེམས་འགྱུ་ཚོར། དགའ་ཞིང་སྐྱོ་ཞིང༌། མེ་ཏོག་གི་ཚལ་ཏུ། དགའ་ཞིང་སྐྱོ་ཞིང༌། མུན་ནག་གི་བཙོན་དུ། ལྷ་མོའམ་བུ་མོ་གང་རུང་གི་མཛེས་ཀོང་དྲན། ཕྱི་ལོ་༢༠༠༡ ལོར་རི་བོ་མ་ལ་ཡ་རུ་བྲིས།


དེ་རིང་གི་དགེ་རྒན་ཉིན་མོ། རབ་རྒྱལ། དགེ་རྒན་ཡ་དགེ་རྒན། ཁྱོད་ནི་ཤེས་ཡོན་གྱི་འབྱུང་ཁུངས་ཡིན་ལགས། ཁྱོད་ཉིད་རྣམ་དཔྱོད་ཀྱི་ཡང་རྩིར་ཡང་སོན། ། ཁྱོད་ཀྱིས་བདག་ཅག་གི་མུན་པ་སྟུག་པོ་དེ་བསལ་ཐུབ་པས། །ཁྱོད་ནི་སྤྱི་ཚོགས་ནང་ལ་རྨད་དུ་བྱུང་བའི་བརྟེན་ལ་ངོས་འཛིན་བྱེད་ཀྱི་ཡོད། གང་ལྟར་ཡང་ཁྱེད་ནི། བདག་ཅག་ལ་ཐར་ལམ་སྤྲོད་པོ་ཞིག་ཡིན། དེར་བརྟེན། བདག་ཅག་གི་ཁྱེད་ཉིད་ཀྱི་སླད་དུ། ( དགེ་རྒན་ཉིན་མོ) དེ་དུས་ཆེན་ཁྱད་པར་ཅན་ཞིག་དམ་འཛིན་ཞུ་བཞིན་ཡོད། གཟིགས་དང༌། ཁྱེད་ཉིད་ཀྱིས་གཟིགས་དང༌། དེ་རིང་གི་དགེ་རྒན་ཉིན་མོ། ཅི་འདྲ་ཡི་རྫིག་ཉམས་ལྡན་པ། དགེ་རྒན་ཡ་དགེ་རྒན། ཁྱེད་རང་གི་ཐུགས་སྤྲོ་བའི་སླད་དུ། གདིང་ཆ་སྒང་སློབ་མའི་རྒྱུད་ནས། མཚར་གཏམ་དང་སྒྲུང་གཏམ་གྱིས་ཆར་པ་འབབས་ཀྱིན། ཁྱེད་ཉིད་དགའ་འང་བདག་རྣམས་སྤྲོ། རེད་ཡ། བཅུ་གཉིས་བདག་པོའི་ང་ཚོ་མི་སྒུག་ཉིན་མ་ནས་ཟླ་བ་དང་ཟླ་བ་ནས་ལོ་བཅས་སྐྱོད་བཞིན་ཡོད། དུས་ནམ་ཞིག་ལ། དེ་རིང་གི་ཉིན་བཞིན་ཤར་བརྟེན་ཁས། དེ་དུས་སླར་ཡང་བཀྲ་ཤིས་པའི་དགའ་སྟོན་ལ་རོལ་མཆོག། ཕྱི་༢༠༠༠ ཟླ་༩ ཚེས་༥ཉིན།

ལྷོ་མཐའི་རེ་སྨོན། འཛིན་བརྒྱད་པ། ཡ་མ་དོན་འགྲུབ། ཀྱེ་མ་གངས་རི་ལགས། སྲིད་པ་ཆགས་པའི་གངས་རི་ཡ། ཁྱེད་ནི་ང་ཚོའི་ལོ་རྒྱུས་ཀྱི་བདག་པོ་སྟེ། རྔམ་བརྗིད་ཀྱི་རི་བོ། མི་རིགས་ཀྱི་ལ་རྒྱ། ཤེས་བྱ་དང་ལོ་རྒྱུས་ཀྱི་བདག་པོ་ཡིན། ཁྱེད་ལས་བཞུད་བའི་བསིལ་ལྡན་གྱི་གངས་ཆུས། མི་རིགས་དང་མི་རིགས་ཀྱི་སྙིང་ཁམས་ནས་འབར་བའི་ཚ་གདུང་། དཔའ་བོ་དང་དཔའ་མོ་དུ་མའི་རྨ་ཁ་སེལ་བའི་བདུ་རྩི་སྟེ། ཀྱེ་མ་གངས་རི་ལགས། ཁྱེད་ཉིད་ལ་ངེད་ཅག་ཡོངས་ཀྱི་ཕུངས་བསམ་གྱི་རེ་བ་བཅོལ་ཡོད། གསན་ཨེ་བྱུང༌། གངས་རི་ལགས། ལོ་རྒྱུས་ཀྱི་བདེན་དཔང༌། ལྷག་བསམ་གྱི་འཛུམ་རླབས། ཞུམ་པ་མེད་པའི་སྙིང་སྟོབས། ཞི་བདེ་ཡི་འོད་སྣང༌། མདོར་ན། ཡོད་ཚད་ནས་ཡོད་ཚད་ཁྱེད་ཉིད་ལ་ཕྱོགས། གལ་ཏེ། ཁྱེད་མེད་ན་གསར་གཏོད་ཀྱི་གོམ་ཁ་སུས་བསྒྱུར། ཕ་མེས་ཀྱི་ཞབས་རྗེས་སུ་ཡིས་བསྐྱེལ། བདེ་སྐྱིད་ཀྱི་འཚོ་བ་ཇི་ལྟར་སྤྱད། ལོ་རྒྱུས་ཀྱི་དཔལ་ཡོན་སུ་ལ་བརྟེན། ཨེ་མ། གངས་རི་ཡ། ངའི་དྭངས་གཙང་གི་སེམས་ཁོང་ནས། ཁྱེད་ལ་ཕུགས་བསམ་གྱི་རེ་སྨོན་བཅོལ་ཡོད། ད་དུང་ཡང་བཅོལ་བཞིན་ཡོད། ངའི་སྙིང་ཁོང་གི་གངས་རི་ལགས། ༢༠༠༡།༡༠།༡༢ ཉིན་དགོང་དྲོ་ཞིག་ལ།

སྙིང་ཁོངས་ཀྱི་སྤུན་ཟླ། ཁྱེད་གང་དུ་བཞུད། ཁ་བྱང་གི་འབྲེལ། ཏྲེ་ཤོད་པ་བྱམས་པ་དབང་ལྡན། སྟོང་སིང་སིང་གི་མུན་ནག་རྒྱུ་སྐར་ཚོགས་པའི་དགུང་སྔོན་དེར། །སྤྲིན་དཀར་གྱི་བམ་རིམ་གསེབ་ནས་འཛུམ་དམུལ་ལེར། །སིམ་བྱེད་ཟླ་བའི་འགྱུར་འགྲོས་ལ་རེ་ཞིག་ཅེར་ཏེ། །ངའི་སེམས་པས་མནོ་བསམ་བྱས་ཐེངས་རེ་རེར། །སྙིང་གི་ཐིག་ལེ་ནས་ཁྱོད་འབའ་ཞིག་དྲན། །ངས་དྲན་ཞིང་ཁེར་གཏམ་འདི་ལྟར་སྨྲེང༌། །དོན་ཅན་འདི་ང་གཉིས་རྒྱུ་འབྲས་ཅི་ཞིག་བྱུང་བ་ཡིན་ནམ། །ཁྱོད་གློ་བུར་དུ་གོ་རྒྱུ་འཚོ་རྒྱུ་མེད་པ་ཆས་སོང༌། །ཁྱོད་མུ་མེད་ས་མཐའ་གང་ཞིག་ཏུ་བཞུད། །མདུན་ངོས་དཔར་སྒྲོམ་ནང་དུ་གཤོམ་པའི་ཁྱོད་ཀྱི་འདྲ་དཔར་ལ་བལྟ་ཙམ་བྱས། །ངས་ལྟ་ཙམ་བྱས་ཐུན་རེ་རེ་ནས་རེ་རེ། །དྲན་གདུང་གི་མིག་ཆུ་མཁུར་ཚོས་ནས་རིལ་རིལ་བསྙིལ། ། ༢༽ བརྩེ་སེམས་གནག་སྣུམ་དྲི་མ་མ་གོས་པའི། །ངའི་སྙིང་ཁོངས་ཀྱི་ཟླ་བ་དཀར་པོ་ཁྱེད་དང་གྱེས་པའི་ཉིན་དེར་ནས། །སེམས་གྲང་ཤུར་ཤུར། སྐྱོ་ལྷུང་ལྷུང༌། ཡོད་ཚད་ནས་ཡོད་ཚད་བསམས་གཞིགས་ཀྱི་ཀློང་དུ་བསྐྱལ། །དེས་ན་གཟུགས་མེད་སེམས་ཀྱི་རྟ་ཕོ་རྒོད་པོ་འདི། །འགོག་ཐབས་དབེན་པ་དབང་མེད་དུ་ཁྱོད་ལ་ཕྱོགས། །གྱེས་བྲལ་གྱི་མིག་ཆུ་མིག་ཀོང་ནས་མདུན་དུ་བསུ། །གྱེས་ཁའི་སྙིང་གཏམ་ཡང་ཡང་དུ་དྲན་གཤེས། །མུ་མེད་ན་ཀྲའི་གྲོང་ཁྱེར་འཇུག་ངོགས་འདི་ན། །གཤོག་རྩལ་མ་རྫོགས་པའི་ངང་ཕྲུག་ངའི་རྟག་ཏུ། །དཔྱིད་ཀྱི་དབྱངས་སྙན་གྱི་གནམ་ཆུ་སྒུག་པ་བཞིན། །ངས་ཀྱང་ཁྱེད་ཉིད་བདེ་མཚམས་དང་བླང་དོར་གྱི་བཀའ་སློབ་རེ་སྒུག་བྱས། ། ༣༽ གལ་ཏེ་ང་གཤོག་རྩལ་རྫོགས་པའི་ཁྱུང་ཆེན་ཞིག་ཡིན་ན། འདི་ནས་ང་བྱང་རྒྱུད་ཁ་བའི་རྡུལ་བརྩེགས་ཏི་སེ་རུ་འཕུར་ཏེ། ཁ་བ་དཀར་པོ་བུ་ཡུག་འཚུབ་པའི་ཁྲོད་ན། གྲང་ངར་གྱིས་གཙེས་པའི་འཁྱགས་ཀློང་ནས། གྲང་བསིལ་བསིལ། གངས་སུལ་ནས་གངས་སུལ་རྒྱུད་གདུང་འབོད་བགྱིས་ཏེ། ཁྱེད་རང་བཙལ། གྱེས་ཟིན་པའི་ལྷ་གཅེས་སྙིང་ཟླ་དཀར་མོ། ཁྱོད་ལ་རྒྱུས་མངལ་ཡོད་པའི་སྐྱེ་བོ་སུ་མ་མཐོང་ལ། ཁྱོད་ཀྱི་ལོ་རྒྱུས་ད་དུང་ཡང་ཤེས་མ་སོང༌། ཀྱཻ་ཧུད། ༤༽ དྲན་གདུང་གིས་མནར་བའི་གཉོམ་ཆུང་ངའི། ལས་ཉོན་གྱི་གྲུབ་པའི་གདོས་བཅས་ཀྱི་ཕུང་པོ་ཁོ་ན་བྲལ་ཡང༌། སླད་མེད་པའི་དྭངས་བའི་སེམས་པ་དཀར་མོ། མི་འཇིག་པར་རྟག་ཏུ་ཁྱེད་དང་ལྷན་ཅིག་སྦྲེལ་ཡོད། སྟོང་འཇགས་ཀྱི་བར་སྣང་ལྷ་ཟླའི་ཟེགས་མའི་འོག། ཤིན་ཏུ་ལྕི་བའི་བསམ་གཤིགས་འདི་སྣེ་མོ་བསུ། ལྷ་གཅེས་སྙིང་ཁུང་གི་སྤུན་ཟླ། ཁྱེད་རྟག་ཏུ་ཡིད་ལ་འཁོར། དེའི་ཕྱིར་ཁྲ་ཆུང་མིག་མཐའ་ཆུ་ཡི་ཁེངས་ཞིང༌། སྟག་ཤར་གཞོན་ནུའི་སྨྲེ་ངག་འདི་སྙུག་རྩེ་སྒེག་མོའི་ཤུགས་གླུ་གྱེར། སྤྱི་ལོ་༢༠༠༢ ༡༠ ༢ ལ།


༄༅། །སྙན་ངག་མེ་ལོང་མའི་སྡོམ་ཚིག་མཁས་པའི་སྙིང་ནོར་བློ་བསལ་མགྲིན་པའི་རྒྱན་གཅིག་མུ>eི་ཀའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། ། རྒྱལ་ཀུན་མཁྱེན་རབ་དམར་སེར་ལི་ཁྲིའི་ཁམས། །གཅིག་བསྡུས་འོད་ཞགས་རྣོན་པོས་ཤེས་བྱའི་ཁྱོན། །གསལ་མཛད་ནང་གི་ཉི་མ་སྨྲ་བའི་ལྷ། །འཇམ་དཔལ་རྣོན་པོས་ངག་གི་ཤིས་པ་སྒྲུབས། །རབ་དཀར་འོ་མའི་ཆུ་གཏེར་གཡོ་བའི་འཇིངས། །རབ་སྙན་དྲི་ཟའི་འཕང་འགྲོ་འཁྲོལ་བའི་ཉམས། །རབ་མཛེས་ཚངས་སྲས་དབྱངས་ཅན་ངག་གི་ལྷ། །རབ་དང་ཕུལ་བྱུང་སྨྲ་བའི་ཤིས་པ་སྒྲུབས། །ཕུལ་བྱུང་མཁས་རྒུའི་སྙིང་ནོར་ཚིག་གི་སྦྱོར། །དབྲསྤྱི་དགོངས་པའི་མུ>eི་ཀ་ཡི་ཕྲེང༌། །རྣམ་གྲངས་དར་གྱི་སྲད་བུ་ལ་བརྒྱུས་ཏེ། །བཀོད་ལེགས་བློ་གསལ་མགྲིན་པའི་སྐྱེས་སུ་འདེགས། །དུས་ཀྱི་ཐུན་མཚམས་ཐ་མ་འདིར། །བཅུ་ཕྲག་ཤེས་བྱ་རིག་པའི་གཞུང༌། །སྨྲ་བའི་ཉི་མ་ཕལ་ཆེར་ནུབ། །འགའ་ཞིག་སྒྲ་གཅན་ཁ་ན་ཟིམ། །མུན་སྟུག་སྨག་རུམ་འཐུག་པོའི་ནང༌། །འབྱུང་པོའི་བྱ་ཚོགས་འབུམ་ཕྲག་གིས། །འདི་ཀོ་མཁོ་མེད་གཞུང་ཡིན་ཞེས། །མགྲིན་པ་བསྡེབས་ནས་མཉམ་དུ་གླེང༌། །རྒྱུ་ཚོགས་ཤེས་པ་མཁོ་མེད་ན། །འབྲས་བུ་ཀུན་མཁྱེན་མཁོ་མེད་སྨོས། །རྒྱུ་མ་ཚོགས་པའི་འབྲས་བུ་དག། ཀུན་མཁྱེན་ཡིན་ཀྱང་རྙེད་ནུས་མིན། །མ་བསླབས་ཀུན་མཁྱེན་འགྱུར་སྲིད་ན། །ལས་འབྲས་རྫུན་ཞེས་སྨྲ་བར་གྱིས། །ཤེས་བྱ་ཕྱོགས་རེ་ཙམ་བསླབས་པས། །ཀུན་མཁྱེན་ཐོབ་པར་ནུས་སོ་ལོ། །ཤེས་བྱ་ཀུན་ལ་མ་བསླབས་ན། །ཀུན་མཁྱེན་ནམ་མཁའི་མཐའ་ལྟར་རིང༌། །དེ་སླད་རྒྱལ་བ་མ་ཕམ་པས། །དེ་ལ་དེ་བརྩོན་བྱ་ཞེས་གསུངས། །སྒྲ་ཚད་གསོ་བཟོ་ནང་དོན་དང༌། །སྙན་ངག་མངོན་བརྗོད་སྡེབ་སྦྱོར་རྩིས། །ཟློས་གར་བཅས་ཏེ་བཅུ་ཕྲག་གནས། །མཁྱེན་ན་མཁས་པའི་གོ་ས་སྙེགས། །རང་གིས་སྤྱངས་པའི་ཤེས་བྱ་དེ། །ཆེ་མཐོ་ནམ་མཁའི་དབྱིངས་བཏེགས་ནས། །རང་ཉིད་རྨོངས་པའི་རིག་གཞུང་ལ། །སྨད་པ་བླུན་པོའི་རང་མཚང་ཡིན། །༈སྔོན་ཀྱི་འཕགས་ཡུལ་སྙན་ངག་མཁན། །རམ་ཤ་རྨ་དང་བྷར་ཏ། །སོགས་ཀྱི་གཞུང་ལས་བསྟན་པ་རྣམས། །དབྲསྤྱིས་མེ་ལོང་ནང་དུ་བསྡུས། །འདི་ལ་ལེའུ་གསུམ་ཡོད་དེ། །དང་པོར་བརྒྱ་དང་བཅོ་ལྔ་དང༌། །གཉིས་པར་སུམ་བརྒྱ་དྲུག་ཅུ་ལྔ༌། །གསུམ་པར་བརྒྱ་དང་གྱ་དྲུག་སྟེ། །བསྡོམས་པས་ཤོ་ལོ་ཀ་ཡི་གྲངས། །དྲུག་བརྒྱ་དྲུག་ཅུ་རྩ་དུག་གོ །༈ གང་ཞིག་བརྗོད་བྱའི་དངོས་པོ་དག། ཕུན་ཚོགས་རྗོད་བྱེད་ཚིག་གི་ཉམས། །རྣ་བར་སྙན་ཞིང་ཡིད་ལ་ནི། །འཇེབས་པ་སྙན་ངག་མཚན་ཉིད་ཡིན། །༈ འདི་བཤད་གཞུང་གི་སྔོན་འགྲོ་གསུམ། །སྙན་ངག་ཤེས་པའི་ཕན་ཡོན་དང༌། །མ་ཤེས་པ་ཡི་ཉེས་དམིགས་དང༌། །སྙན་ངག་ཕུན་སུམ་ཚོགས་པའི་རྒྱུའོ། །༈ འཆད་དང་རྩོད་དང་རྩོམ་པ་དང༌། །ཤགས་འགྱེད་ཟུར་ཟ་གླེང་མོ་སོགས། །རྫོད་ཚིགསྔ་ཕྱི་མི་འགལ་ཞིང༌། །དོན་གྱི་ཆ་ལ་སྐྱོན་མེད་པ། །བློ་ལྡན་ཀུན་གྱིས་གོ་སླ་བ། །སྙན་ངག་ཤེས་པའི་ཕན་ཡོན་ཡིན། །༈ བརྗོད་དོན་ལོག་པར་བཀྲལ་བ་དང༌། །ཚིག་དོན་སྔ་ཕྱི་འབྲེལ་མེད་དང༌། །གྲོང་ཚིག་ཕལ་སྐད་འདྲེས་པ་སོགས། །སྙན་ངག་མི་ཤེས་པ་ཡི་སྐྱོན། །༈ སྐྱེས་སྦྱངས་ཤེས་རབ་མྱུར་བ་ལས། །རང་བཞིན་སྨྲ་བརྗོད་བདེ་བ་དང༌། །བརྡ་སྤྲོད་མངོན་བརྗོད་སྡེབ་སྦྱོར་དང༌། །ཕྱི་དང་ནང་གི་བརྗོད་གཞི་ཀུན། །མང་ཐོས་བརྩོན་པས་ཕྱུག་པ་ནི། །སྙན་ངག་ཕུན་སུམ་ཚོགས་པའི་རྒྱུའོ། །རྒྱུ་ཚོགས་པ་ལས་འབྲས་སྐྱེ་བ། །རྟེན་འབྱུང་རྒྱལ་མོའི་རྩ་ཁྲིམས་ཏེ། །མ་ཚང་མེད་རྒྱུ་དེ་ལས་ནི། །འབྲས་བུ་གང་གིས་ཟློག་ནུས་མིན། །༈ དེ་ལྟར་སྔོན་འགྲོ་གསུམ་ཤེས་ནས། །ལུས་དང་རྒྱན་དང་སྐྱོན་སེལ་གསུམ། །སྙན་ངག་གཞུང་འདིའི་བརྗོད་བྱ་ཡིན། །༈ ལུས་ནི་བརྗོད་དོན་གོ་བྱེད་ཀྱི། །ཚོགས་གསུམ་ཕྲེང་བའི་བདག་ཉིད་དོ། །དེ་ལ་བཅད་ལྷུག་སྤེལ་མ་གསུམ། །ཚིགས་བཅད་ཅེས་པ་ཚིག་གི་ཕྲེང༌། །རྐང་པས་ངེས་པར་གཅོད་པར་འདོད། །༈ སྡེབ་སྦྱོར་དབང་གིས་རྒྱ་སྐད་ཐོག། པྲིཏ་ཛཱ་ཏི་གཉིས་སུ་ངེས། །འབྲིའི་ཚུལ་སྡེབ་སྦྱོར་གཞུང་དུ་གསལ། །བོད་སྐད་རྐང་པ་རེ་རེའི་ནང༌། །ཚེག་ཁྱིམ་གསུམ་ནས་སོ་ལྔ་བར། །ཡོད་ཅིང་རྐང་པ་བཞི་རེ་ལ། །ཚིག་བཅད་ཅེས་པའི་ཐ་སྙད་འདོགས། །སྦྱོར་ཚུལ་སྒོ་ནས་བཞིར་འགྱུར་ཏེ། །གྲོལ་བ་དང་ནི་རིགས་དང་མཛོད། །འདུས་པ་རྣམས་སུ་མཁས་པས་བཤད། །གྲོལ་བ་བརྗོད་དོན་གང་ཡིན་ཏེ། །ཚིག་བཅད་གཅིག་ཏུ་རྫོགས་པར་འདོད། །རིགས་ནི་བརྗོད་དོན་གཅིག་ཉིད་པོ། །ཚིག་བཅད་དུ་མ་འདས་པའི་མཐར། །བྱ་ཚིག་གཅིག་གིས་སྟོན་པར་འདོད། །མཛོད་ནི་བརྗོད་བྱ་སྣ་ཚོགས་པ། །རྗོད་བྱེད་གཅོད་མཚམས་ཤོ་ལོ་ཀ། །བྱ་ཚིག་མང་ཉུང་ཅི་རིགས་སོ། །འདུས་པ་ཚིགས་བཅད་བྱ་ཚིག་བཅས། །དུ་མས་དོན་གཅིག་སྟོན་པར་འདོད། །དེ་དག་ས་རྒའམ་ལེའུ་ཡིས། །བཅིངས་པ་སྙན་ངག་ཆེན་པོར་བཤད། །༈ དེ་ལ་འཇུག་པའི་སྒོ་གསུམ་སྟེ། །སྒོ་དང་སྲོག་དང་རྩོམ་ཚུལ་ལོ། །ཤིས་བརྗོད་ཕྱག་བྱ་ངེས་བསྟན་གསུམ། །སྙན་ངག་ཆེན་པོར་འཇུག་པའི་སྒོ། །༈ གང་ཞིག་བརྗོད་དོན་སྙིང་པོའི་ཆ། །སྙན་ངག་གི་ནི་སྲོག་ཡིན་ནོ། །དབྱེ་ན་ཆོས་དང་ཐར་པ་ནོར། །འདོད་པ་བཅས་ཏེ་སྡེ་བཞི་དང༌། །དེ་ལས་འཕྲོས་པའི་ལོ་རྒྱུས་སོགས། །སྔོན་བྱུང་འདས་དང་ད་ལྟ་ཡི། །གྲོང་ཁྱེར་རྒྱ་མཚོ་རི་དང་དུས། །ཉི་ཟླ་འཆར་ནུབ་སྐྱེད་ཚལ་དང༌། །ཆུ་ཡི་རོལ་རྩེད་ཆང་འཐུང་བ། །དགའ་སྟོན་དང་ནི་དུས་མ་ཚོགས། །གཉེན་བསུ་གཞོན་ནུ་སྐྱེས་འཕེལ་དང༌། །གྲོས་དང་ཕོ་ཉ་འགྲོ་འོངས་དང༌། །གཡུལ་འཐབ་མངའ་ཐང་དར་བ་སོགས། །བརྗོད་བྱའི་ཕྱིར་ན་སྲོག་ཡིན་ནོ། །༈ རྩོམ་ཚུལ་བསྟོད་པའི་ཡུལ་དེ་ཡི། །དགྲ་སྡེ་ཕྱོགས་ལ་ཆེས་བསྔགས་ནས། །དེ་ལས་བསྟོད་ཡུལ་རྒྱལ་བའི་ཉམས། །བསྟོད་ཚུལ་མཛེས་པའི་མཆོག་ཅེས་བཤད། །༈ རྐང་པས་མ་བཅད་ཚིག་སྦྱོར་དག། གཅོད་མཚམས་ངེས་མེད་སྣ་ཚོགས་རྒྱུན། །ལྷུག་པའི་ལུས་ཏེ་དབྱེ་བ་གཉིས། །བརྗོད་པ་དང་ནི་གཏམ་ཉིད་དེ། །དབྲསྤྱིས་འདི་གཉིས་གཅིག་ཏུ་འདོད། །༈ རྐང་པས་བཅད་དང་མ་བཅད་པ། །ཕན་ཚུན་བསྲེས་པ་སྤེལ་མར་འདོད། །༈ ངག་གི་རང་བཞིན་དེ་དག་ཀྱང༌། །ལེགས་སྦྱར་དང་ནི་རང་བཞིན་སྐད། །ཟུར་ཆགས་སྐད་དང་ཤ་ཟའི་སྟེ། །སྐད་རིགས་བཞི་ལས་བརྩམས་པར་བཤད། །འདི་བཞི་བོད་སྐད་ལ་མེད་ཀྱང༌། །རྗེས་མཐུན་རེ་རེ་ཞ་ལུས་གསུངས། །༈ སྙན་ངག་མཛེས་པར་བྱེད་པ་ཡི། །ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད། །དེ་ལ་ཐུན་མོང་མིན་པ་དང༌། །ཐུན་མོང་རྒྱན་ཏེ་རྣམ་པ་གཉིས། །༈ འཕགས་ཡུལ་ལྷོ་ཤར་གཉིས་པོ་ཡི། །སོ་སོ་ཁོ་ནའི་ལམ་སྲོལ་རྒྱན། །ཐུན་མོང་མིན་པའི་རྒྱན་ཡིན་ནོ། །དེ་ལ་ལྷོ་ཕྱོགས་བཻདསྐྲརྟ-་དང་། །ཤར་ཕྱོགས་གཽ་ཌཱ་བའི་ལུགས་གཉིས། །ལྷོ་ཕྱོགས་ཡི་གེ་འཇམ་ཞིང་ཡང༌། །ཤར་པས་རྩུབ་ཅིང་ལྕི་བས་ཁྱད། །ཡི་གེ་འཇམ་དང་བརྗོད་པ་ལྷོད། །ཡངས་དང་སྲོག་ཅུང་དོན་གཅིག་ཅིང༌། །དེ་བཞིན་རྩུབ་དང་ལྕི་བ་དང༌། །དམ་དང་སྲོག་ཆེན་རྣམས་ཀྱང་གཅིག། འཕགས་ཡུལ་གསལ་བྱེད་སོ་བཞི་ལས། །ཕོ་ཡིག་ལྔ་དང་མོ་ཡིག་ལྔ༌། །ཤིན་ཏུ་མོ་ལྔ་མཐའ་གནས་བཞི། །འཇམ་པའི་ཡི་གེ་བཅུ་དགུ་ཡིན། །མ་ནིང་ལྔ་དང་འཐུག་པོ་ལྔ༌། །དྲོ་བ་བཞི་དང་མཐའ་ཟད་གཅིག། རྩུབ་པའི་ཡི་གེ་བཅོ་ལྔར་འདོད། །བོད་ཡིག་གསལ་བྱེད་སུམ་བཅུ་ལས། །སྡེ་བ་ལྔ་པ་ཡན་ཆད་ཀྱི། །གཉིས་པ་བཏོན་པས་བཅུ་གཉིས་དང༌། །འ་ཡ་ར་ལ་ཨ་ཡིག་བཅས། །འཇམ་པའི་ཡི་གེ་ཉི་ཤུ་ཡིན། །མ་ནིང་ལྔ་དང་ཞ་ཟ་ཤ། །ས་དང་ཧ་བཅས་བཅུ་པོ་འདི། །རྩུབ་པའི་ཡི་གེ་ཉིད་ཡིན་ཞེས། །སྔོན་བྱོན་བོད་ཀྱི་མཁས་པས་བཤད། །༈ སྦྱར་བ་རབ་དྭངས་མཉམ་ཉིད་དང༌། །སྙན་དང་ཤིན་ཏུ་གཞོན་པ་དང༌། །དོན་གསལ་བ་དང་རྒྱ་ཆེ་བ། །བརྗིད་དང་མཛེས་དང་ཏིང་ངེ་འཛིན། །ཡོན་ཏན་འདི་བཅུ་བཻདར྄བྷཔའི། །ལམ་གྱི་སྲོག་ཏུ་བཤད་པ་ཡིན། །འདི་དག་ཕལ་ཆེར་ལྡོག་པ་ཡིས། །གཽ་ཌཱ་པ་ཡི་ལམ་སྲོལ་མཚོན། །༈ འཇམ་པ་ཤས་ཆེ་རྩུབ་པ་ཡང༌། །ཅུང་ཟད་བསྲེས་པ་ལྷོ་ལུགས་དང༌། །འཇམ་པ་ཁོ་ན་དེ་ལ་ཡང༌། །ཡི་གེ་གཅིག་གིས་རྗེས་འཁྲིད་ཅན། །ཤར་བའི་ལུགས་ཀྱི་སྦྱར་བའོ། །༈ བརྗོད་བྱ་རྗོད་བྱེད་གཉིས་ཀའི་ཆ། །འཇིག་རྟེན་གྲགས་པ་གཙོར་བྱས་སྟེ། །སྦྱར་བས་གོ་སླ་ལྷོ་ལུགས་དང༌། །སྔོན་དུས་གྲགས་པ་མི་ལྡན་ཡང༌། །ངེས་ཚིག་ཙམ་གྱིས་ངག་སྦྱོར་དེ། །བཤད་དུ་རུང་བའི་དོན་ཅན་ནི། །ཤར་བས་འདོད་པའི་རབ་དྭངས་ཡིན། །༈ འཇམ་རྩུབ་ཡི་གེ་དོ་མཉམ་ཞིང༌། །ཕྱོགས་སུ་མ་ལྷུང་ལྷོ་ལུགས་དང༌། །ཕྱེད་སྔ་འཇམ་ཞིང་ཕྱི་རྩུབ་པའམ། །གཅིག་རྩུབ་གཞན་འཇམ་མི་མཉམ་ཅན། །ཤར་བའི་ལུགས་ཀྱི་མཉམ་ཉིད་ཡིན། །༈ ཡི་གེ་སྐྱེ་གནས་བརྩེགས་པ་སོགས། །སྒྲ་མཚུངས་ཉེ་བའི་ཉམས་ལྡན་པ། །ལྷོ་བའི་ལུགས་ཀྱི་སྙན་པ་དང༌། །སྐྱེ་གནས་ལ་སོགས་གང་ཡིན་ཡང༌། །སྒྲ་མཚུངས་ཙམ་གྱིས་ཆོག་མིན་པར། །རྗེས་འཁྲིད་ཁོ་ན་ཤར་བའི་ལུགས། །༈ འཇམ་ཡིག་ཤུགས་ཆེ་རང་ཤུགས་ཀྱིས། །ངག་ནས་བརྗོད་བདེ་ལྷོད་བ་དང༌། །རྩུབ་ཡིག་མང་པོ་ཚོགས་ཆེན་པོས། །བརྗོད་པར་བྱ་བའི་རང་བཞིན་ཅན། །ཤར་བའི་ལུགས་ཏེ་ཤིན་ཏུ་གཞོན། །བརྗོད་དོན་ཚིག་གང་ཐོས་མ་ཐག། སྒྲ་དོན་ལ་བརྟེན་རྟོགས་སླ་བས། སླར་ཡང་ཁྱད་པར་མ་ལྷོད་པར། །དོན་གསལ་བ་དེ་གཉིས་ཀའི་ལུགས། །༈ བསྔགས་པའི་ཚིག་སྦྱོར་འགའ་ཞིག་ལས། །ཁྱད་འཕགས་ཡོན་ཏན་རྟོགས་ནུས་པ། །དེ་ནི་རྒྱ་ཆེ་རྒྱན་ཡིན་ཞེས། །ལྷོ་ཤར་གཉིས་ཀའི་འདོད་པར་མཐུན། །༈འཇམ་རྩུབ་ཆ་མཉམ་ཚིག་སྡུད་མང་། །ལྷོ་བའི་ལུགས་ཀྱི་བརྗོད་པ་སྟེ། །འཇམ་རྩུབ་དོ་མི་མཉམ་པ་དང༌། །ཚིག་སྡུད་མང་བ་ཤར་བའི་ལུགས། །འཇིག་རྟེན་གྲགས་ཚད་དང་བསྟུན་ཏེ། །རན་པའི་སྙན་ཚིག་ལྷོ་པའི་ལུགས། །གྲགས་ཚད་ལས་བརྒལ་འུད་བཤད་ཀྱིས། །སྒྲོ་བཏགས་ཤར་པས་མཛེས་པར་མདོད། །༈ འཇིག་རྟེན་ལུགས་ཀྱི་རྗེས་འབྲང་ནས། །ཆོས་དང་ཆོས་ཅན་ཕན་ཚུན་དུ། །རྒྱན་ཞེས་ལྷོ་ཤར་གཉིས་ཀས་འདོད། །དབུས་འགྱུར་འཕགས་པའི་ལྷོ་ཤར་གྱི། །ཐུན་མོང་མིན་པའི་རྒྱན་འདི་དག། ལམ་དང་ལུགས་སྲོལ་ཙམ་མ་གཏོགས། །བོད་ལ་དེ་ཙམ་རྒྱུག་མི་ཆེ། །འོན་ཀྱང་རིག་པ་འཕེལ་བའི་སླད། །སྔོན་བྱོན་བོད་ཀྱི་མཁས་པ་ཚོས། །བོད་ཡིག་འཇམ་རྩུབ་དང་བསྟུན་ནས། །ལད་མོའི་ཚུལ་དུ་སྤེལ་བ་ཡིན། །སྙན་ཚིག་མཁས་པའི་སྙིང་གི་ནོར། །བློ་གསལ་མགྲིན་པ་མཛེས་པའི་རྒྱན། །མུ>eི་ཀ་ཡི་ཕྲེང་བ་ལས། །ལེའུ་དང་པོའི་སྔོམ་ཚིག་གོ། །༈ ལྷོ་ཤར་གཉིས་ཀས་ཐུན་མོང་དུ། །འདོད་པ་ཐུན་མོང་རྒྱན་ཡིན་ནོ། །དེ་ལ་དོན་རྒྱན་སྒྲ་རྒྱན་དང༌། །གབ་ཚིག་རྒྱན་ཏེ་རྣམ་པར་གསུམ། །༈ གང་ཞིག་བརྗོད་བྱའི་དོན་གྱི་ཉམས། །གཙོ་བོར་འདོན་པ་དོན་རྒྱན་ཡིན། །འདི་དོན་ཉེ་བར་སྟོན་པའི་ཕྱིར། །སྙན་ངག་ལེའུ་བར་པ་གསུངས། །༈ རང་བཞིན་བརྗོད་དང་དཔེ་དང་ནི། །གཟུགས་ཅན་གསལ་བྱེད་སྐོར་བ་དང༌། །འགོག་དང་དོན་གཞན་བཀོད་པ་དང༌། །ལྡོག་པ་ཅན་དང་སྲིད་པ་ཅན། །བསྡུས་དང་ཕུལ་བྱུང་རབ་བཏགས་དང༌། །རྒྱུ་དང་ཕྲ་མོ་ཆ་དང་རིམ། །དགའ་དང་ཉམས་ལྡན་གཟི་བརྗིད་ཅན། །རྣམ་གྲངས་བརྗོད་དང་ཀུན་ཏུ་ཕན། །རྒྱ་ཆེར་བསྙོན་འདོར་སྦྱར་བ་དང༌། །ཁྱད་པར་མཚུངས་པར་སྦྱོར་པ་དང༌། །འགལ་དང་སྐབས་མིན་བརྗོད་པ་དང༌། །ཟོལ་བསྟོད་ངེས་པར་སྟོན་པ་དང༌། །ལྷན་ཅིག་བརྗོད་དང་ཡོངས་བརྗེས་ཤིས། །རབ་སྤེལ་དེ་ནས་དགོངས་པ་ཅན། །དོན་རྒྱན་སོ་ལྔ་འདི་དག་ནི། །ལེའུ་བར་པའི་བརྗོད་གཞི་ཡིན། །༈ དངོས་རྣམས་རང་བཞིན་སྒྲོ་སྐུར་དང༌། །ཤུགས་སྟོན་ཙམ་མིན་དྲང་པོ་བརྗོད། །རང་བཞིན་བརྗོད་པའི་རྒྱན་ཏེ་བཞི། །རིགས་དང་བྱ་བ་ཡོན་ཏན་རྫས། །༈ མཚོན་བྱེད་དཔེ་དང་མཚན་བྱ་དོན། །མཚུངས་པར་སྟོན་པ་དཔེ་རྒྱན་ཡིན། །ཆོས་དཔེ་དངོས་དཔེ་བཟློག་པའི་དཔེ། །ཕན་ཚུན་དཔེ་དང་ངེས་ངེས་མེད། །བསྡུས་དང་ཕུལ་བྱུང་རབ་བཏགས་རྨད། །རྨོངས་དང་ཐེ་ཚོམ་གཏན་འབེབས་དཔེ། །སྦྱར་དང་མཉམ་ཉིད་རྨད་དང་བསྔགས།། ངོ་བསྟོད་དེ་ཉིད་ཐུན་མོང་ནིན། །བྱུང་མིན་སྲིད་མན་མང་བའི་དཔེ། །བརྗོད་འདོད་འགལ་དང་དགག་པའི་དཔེ། །རྣམ་འགྱུར་ཕྲེང་བ་ངག་དོན་དང༌། །ཟླ་བོ་དངོས་དང་མཚུངས་སྦྱོར་དཔེ། །རྒྱུ་ཡི་དཔེ་སྟེ་སུམ་ཅུ་གཉིས། །དཔེ་ཡི་རྒྱན་གྱི་དབྱེ་བ་ཡིན། །༈ རྟགས་ཐ་དད་དང་ཚིག་ཐ་དད། །དཔེ་དོན་མཆོག་དམན་ཆེ་བ་རྣམས། །སྙན་ངག་མཁན་གྱི་སྐྱོན་རྩི་ཡང༌། །སྦྱོར་ཚུལ་ཤེས་ན་རྒྱན་དུ་འགྱུར། །༈ དཔེ་དོན་མཚུངས་པར་གསལ་བྱེད་སྒྲ། །ཤོང་དཔང་ལོ་ཙཱས་རེ་གསུམ་བསྒྱུར། །དུས་ཕྱིས་སྣར་ཐང་པཎ་ཆེན་གྱིས། །རྫོགས་པར་བསྒྱུར་ཏེ་རེ་ལྔར་འགྱུར། །དེ་ལ་སྡེ་ཚན་བཞིར་ཕྱེས་ཏེ། །དཔེ་དོན་གསལ་བྱེད་ཉེ་གཉིས་དང༌། །འདྲ་དོན་གསལ་བྱེད་ཉི་ཤུ་དང༌། །དཔེ་རྒྱན་གསལ་བྱེད་བཅོ་ལྔ་དང༌། །དེ་ལྟ་བུ་སོགས་བརྒྱད་རྣམས་སོ། །༈ བཞིན་ལྟར་ལྟ་བུ་ཇི་ལྟར་མཐུན། །མཚུངས་དང་ཡང་དག་མཚུངས་དང་མཉམ། །ཡང་དག་གསལ་དང་ངེས་པར་གསལ། །རབ་གསལ་གཟུགས་ཀྱི་ཟླ་བོ་དང༌། །མཉེན་པོ་དང་ནི་དགྲ་ཟླ་བྱེད། །སོ་སོར་རྟོགས་དང་འགྲན་དང་འདྲ། །ལྟ་བཅས་བསླུ་བ་རིགས་མཐུན་དང༌། །རྗེས་སུ་སྨྲ་སྟེ་ཉེར་གཉེས་ནི། །སྡེ་ཚན་དང་པོའི་དབྱེ་སྒོ་ཡིན། །༈ གཟུགས་བརྙན་ཅན་དང་སོ་སོར་སྡེབ། །གཟུགས་མཚུངས་གཟུགས་མཉམ་གཟུགས་གཞལ་དང༌། །མཚན་ཉིད་མཐུན་དང་མཚན་ཉིད་འདྲ། །མཚན་ཉིད་མཚུངས་དང་མཐུན་ཕྱོགས་དང༌། །དཔེར་བྱས་དཔེ་དང་རྟོག་དང་དམན། །ཅུང་ཟད་དམན་དང་རབ་ཏུ་སྨྲ། །སོ་སོར་ཟློག་དང་རིགས་མཐུན་མཉམ། །ཆོས་མཐུན་དང་ནི་ཆོས་ཐུན་མོང༌། །འདྲ་དོན་གསལ་བྱེད་ཉི་ཤུ་ཡིན། །༈ འབྲུ་མང་པོ་ཡི་ཚིག་སྡུད་དང༌། །འགྲན་དང་རྒྱལ་དང་སྡང་དང་འཁུ། །མི་མཐུན་སྒྲོག་དང་འཐབ་དང་འཕྱ། །སྨ་འབེབས་སྨད་པ་ཅོ་འདྲི་འགོག། རྒོད་དང་ཕྲག་དོག་མི་བཟོད་བྱེད། །དཔེ་རྒྱན་གསལ་བྱེད་བཅོ་ལྔ་ཡིན། །དེ་ཡི་སྐལ་བཟང་འཕྲོག་བྱེད་དང༌། །དེ་ཡི་མཛེས་པ་ཟུམ་པར་བྱེད། །དེ་དང་འགྲན་ལས་ཚར་གཅོད་དང༌། །དེ་ཡི་རྗེས་སུ་རྐང་པ་འཇོག། དེ་ཡི་ནུས་པ་འཇུག་པ་དང༌། །དེ་ཡི་ངང་ཚུལ་དེ་འགོག་པ། །དེ་ཡི་རྗེས་སུ་བྱེད་པ་སྟེ། །དེ་ལྟ་བུ་སོགས་བརྒྱད་ཡིན་ནོ། །འདི་ནི་དབྱངས་ཅན་དགྱེས་གླུའི་སྲོལ། །ཡིན་གྱི་མཚུངས་གསལ་འདྲེན་ཚུལ་ལ། །བོད་མཁས་སི་ཏུའི་རྗེས་འབྲངས་བཅས། །བཞེད་ཚུལ་སོ་སོའི་གཞུང་དུ་གཟིགས། །༈ རྩ་བས་དངོས་སུ་མ་ཟིན་པ། །ཆ་གྲོགས་སྤུན་ཟླ་མཐོང་ཐོས་དྲན། །རེག་ཕམ་སྙེག་འཛེགས་སེམས་པ་སྟེ། །དབྱེ་བའི་རྣམ་གྲངས་བཅུ་གཅིག་འདི། །རིན་སྤུངས་སྡེ་བས་བཞེད་པ་ལྟར། །དབྱངས་ཅན་དགྱེས་གླུའི་གཞུང་དུ་བཀོད། །དཔེ་ཡི་རྒྱན་གྱི་ཚིག་སྦྱོར་ལ། །མཚུངས་གསལ་འདི་དག་ཤིན་ཏུ་གལ། །༈ བརྗོད་བྱའི་དོན་དེ་དཔེ་ཡི་གཟུགས། །བཀོད་པའི་རྒྱན་དེ་གཟུགས་རྒྱན་ཡིན། །བསྡུས་དང་མ་བསྡུས་བསྡུས་མ་བསྡུས། །མཐའ་དག་ཆ་ཤས་ཆ་ཤས་ཅན། །ཡན་ལག་གཅིག་སོགས་ལྡན་མི་ལྡན། །མི་མཉམ་ཁྱད་པར་འགལ་དང་རྒྱུ། །སྦྱར་དང་དཔེ་ལྡོག་འགོག་པ་དང༌། །མཉམ་འཇོག་གཟུགས་ཅན་གྱི་གཟུགས་ཅན། །བསྙོན་དོར་བཅས་ཏེ་ཉི་ཤུ་འདི། །གཟུགས་རྒྱན་དབྱེ་བའི་རྣམ་གྲངས་ཡིན། །༈ རིགས་དང་བྱ་བ་ཡོན་ཏན་རྫས། །ཚིག་གཅིག་ལ་ནི་གནས་པ་ཡིས། །གལ་ཏེ་ངག་ཀུན་ལ་ཕན་ན། །དེ་ནི་གསལ་བྱེད་རྒྱན་དུ་འདོད། །རིགས་དང་བྱ་བ་ཡོན་ཏན་རྫས། །ཐོག་མར་བརྗོད་པའི་གསལ་བྱེད་དང༌། །རིགས་དང་བྱ་བ་བར་མཐའ་གསལ། །ཕྲེང་བ་འགལ་དོན་དོན་གཅིག་སྦྱར། །དངོས་བསྟན་དབྱེ་བ་བཅུ་གཉིས་དང༌། །ཤུགས་བསྟན་བཞི་དང་བཅུ་དྲུག་གོ། ༈ ཚིག་སྦྱོར་གང་གི་ཐོག་མཐའ་བར། །བརྗོད་དོན་གསལ་བྱེད་ཚིག་དང་དོན། །ཅི་རིགས་ཟློས་པ་བསྐོར་པའི་རྒྱན། །དབྱེ་ན་དོན་བསྐོར་ཚིག་བསྐོར་དང༌། །གཉིས་ཀ་བསྐོར་པའི་རྒྱན་དང་གསུམ། །༈ དགག་བྱ་གང་ཞིག་གཟུང་བ་དེ། །འགོག་བྱེད་དགག་ཚིག་དངོས་སམ་དོད། །ཅི་རིགས་ཀྱིས་ནི་འགོག་བྱེད་པ། །དེ་ནི་འགོག་པའི་རྒྱན་ཡིན་ནོ། །བྱུང་བ་མངོན་གྱུར་འབྱུང་འགྱུར་ཆོས། །ཆོས་ཅན་རྒྱུ་འབྲས་རྗེས་གནང་དབང༌། །མ་གུས་ཤིས་བརྗོད་རྩུབ་མོ་གྲོགས། །འབད་དང་གཞན་དབང་ཐབས་དང་ཁྲོ། །མྱ་ངན་འགྱོད་དང་ཐེ་ཚོམ་སྦྱར། །དོན་གཞན་རྒྱུས་འགོག་ཉི་ཤུ་གསུམ། །༈ བསྒྲུབ་བྱའི་དངོས་འགའ་སྔོན་བཀོད་ནས། །དེ་ཡི་སྒྲུབ་བྱེད་ནུས་པ་ཅན། །དངོས་པོ་གཞན་ཞིག་འགོད་པ་དེ། །དོན་གཞན་བཀོད་པའི་རྒྱན་ཞེས་བྱ། །ཀུན་ཁྱབ་ཁྱད་པར་སྦྱར་དང་འགལ། །འོས་པ་དང་ནི་མི་འོས་པ། །འོས་ཤིང་མི་འོས་དེ་བཟློག་བརྒྱད། །༈ སྒྲས་ཟིན་པའམ་ཤུགས་ལ་ནི། །དཔེ་དོན་མཚུངས་པར་བསྟན་ནས་ཕྱིས། །ལྡོག་ཆོས་གང་ཞིག་ལ་བརྟེན་ནས། །ཁྱད་པར་འབྱེད་པ་ལྡོག་པའི་རྒྱན། །གཅིག་ལྡོག་གཉིས་ལྡོག་སྦྱར་དང་འགོག། གཏན་ཚིགས་ལྡོག་པ་ཅན་དང་ལྔ༌། །༈ རྟེན་གྱི་དབྱེ་དང་དཔེ་ཅན་ལྷག། མཚུངས་ཆོས་སྒྲས་ཟིན་འབྱེད་ཆོས་ལྡོག། རིགས་མཐུན་ལྡོག་པ་ཅན་དང་བཅུ། །༈ རབ་ཏུ་གྲགས་པའི་རྒྱུ་ཟློག་ནས། །གང་ཞིག་རྒྱུ་གཞན་ཅུང་ཟད་ཙམ། །གང་དུ་རང་གི་ངོ་བོ་ཉིད། །སྟོན་པ་དེ་ནི་སྲིད་པ་ཅན། །ཕྱི་ནང་ཤེས་བྱེད་རྒྱུ་གཉིས་དང༌། །འབྲས་བུ་རང་གི་ངོ་བོ་ཙམ། །སྟོན་པའི་སྲིད་པ་ཅན་དང་གསུམ། །༈ དངོས་པོ་གཞན་ཞིག་བརྗོད་འདོད་ནས། །དེ་དང་མཚུངས་པའི་དངོས་པོ་གཞན། །བསྡུས་པའི་ཚུལ་གྱིས་བརྗོད་པ་གང༌། །དེ་ནི་བསྡུས་བརྗོད་རྒྱན་ཡིན་ནོ། །སྤྱི་དང་ཁྱད་གཞི་ཐ་དད་དང༌། །ཁྱད་པར་ཐ་དད་ཐ་དད་མིན། །སྔོན་མེད་བསྡུས་བརྗོད་རྒྱན་དང་བཞི། །༈ བརྗོད་འདོད་དེ་ཉིད་འཇིག་རྟེན་གྱི། །མཚམས་ལས་བརྒལ་བའི་འུད་ཤོད་ཀྱིས། །རྗོད་པ་ཕུལ་བྱུང་རྒྱན་ཡིན་ཏེ། །ཁྱད་འཕགས་ཐེ་ཚོམ་ངེས་པ་དང༌། །གྲགས་པ་བརྗོད་པའི་ཕུལ་བྱུང་བཞི། །༈ སེམས་དང་ལྡན་མིན་ཇི་ལྟར་ཡང༌། །བརྗོད་བྱའི་དངོས་པོ་དེ་ཉིད་ལ། །རྣམ་པར་གཞན་ཞིག་སྒྲོ་བཏགས་ནས། །བརྗོད་པ་རབ་བཏགས་རྒྱན་དུ་འདོད། །སེམས་ལྡན་སེམས་མེད་རབ་རྟོག་གཉིས། །ཏིང་འཛིན་རབ་རྟོག་བཞིན་སྒྲ་ཅན། །སྙམ་དང་དྭོགས་དང་ངེས་དང་འདྲ། །མིན་ནམ་ཞེས་སོགས་རབ་རྟོག་གི། གསལ་བྱེད་འདིར་སྟོན་དྲུག་ཉིད་དོ། །༈ བྱེད་པོ་ཤེས་བྱེད་དངོས་མེད་སོགས། །རྒྱུ་ཡི་ཁྱད་པར་འགའ་ཞིག་ལ། །བརྟེན་ནས་དེ་མཐུན་འབྲས་བུ་དག། གོ་བར་བྱེད་པ་རྒྱུ་རྒྱན་ཡིན། །དངོས་དང་དངོས་མེད་མཚར་རྒྱུ་སྟེ། །རྩ་བའི་དབྱེ་བ་གསུམ་ཡོད་དེ། །དང་པོ་དངོས་པོའི་རྒྱུ་ལ་གཉིས། །བྱེད་པོའི་རྒྱུ་དང་ཤེས་བྱེད་རྒྱུ། །བྱེད་པོ་ལ་ཡང་རྣམ་གཉིས་ཏེ། །སྒྲུབ་བྱེད་རྒྱུ་དང་ལས་ཀྱི་རྒྱུ། །སྒྲུབ་བྱེད་རྒྱུ་ལ་རྣམ་གཉིས་ཏེ། །སྐྱེད་བྱེད་རྒྱུ་དང་ཉམས་བྱེད་རྒྱུ། །ལས་རྒྱུ་ལའང་གཉིས་ཡོད་དེ། །རྣམ་འགྱུར་རྒྱུ་དང་ཐོབ་བྱེད་རྒྱུ།། ཤེས་བྱེད་རྒྱུལ་རྣམ་གཉིས་ཏེ། ཕྱི་དང་ནང་གི་ཤེས་བྱེད་རྒྱུ། །དེ་དག་དངོས་པོའི་རྒྱུ་དྲུག་ཡིན། །གཉིས་པ་དངོས་མེད་རྒྱུ་ལ་གཉིས། །སྔར་ནས་མེད་དང་ཞིག་ནས་མེད། །ཕན་ཚུན་མེད་དང་སྤངས་ནས་མེད། །མེད་དགག་རྒྱུ་ནི་རྣམ་བཞི་དང༌། །བཟློག་པའི་རྒྱུ་གཅིག་མ་ཡིན་དགག། དངོས་མེད་རྒྱུ་རྒྱན་བསྡོམས་པས་ལྔ༌། །གསུམ་པ་མཚར་བའི་རྒྱུ་ལ་ལྔ༌། །རིང་འབྲས་རྒྱུ་འབྲས་ལྷན་ཅིག་པ། །འབྲས་བུ་སྔོན་དང་རིགས་མིན་རྒྱུ། །རིགས་པའི་རྒྱུ་དང་མཚར་རྒྱུ་སྟེ། །བསྡོམས་པས་དབྱེ་བ་བཅུ་དྲུག་གོ། ༈ བསམ་དོན་སྒྲས་ཟིན་མ་བརྗོད་པར། །ལུས་དང་ངག་གི་བརྡ་ཐབས་ལས། །གོ་བར་ནུས་པ་ཕྲ་མོའི་རྒྱན། །ཟུར་དང་རྣམ་པ་ཕྲ་མོ་གཉིས། །༈ དོན་དེའི་སྐྱོན་མཚང་འགེབས་པའི་སླད། །སྒྲིབ་བྱེད་ཆོས་མཐུན་མཛེས་པ་ཞིག། རྗོད་པའི་ཟོལ་ཀྱིས་སྒྲིབ་པ་དེ། །ཆ་ཡི་རྒྱན་གྱི་མཚན་ཉིད་ཡིན། །འོས་པ་དང་ནི་མི་འོས་དང༌། །བསྟོད་པའི་ཆ་ལས་སྨད་པ་དང༌། །སྨད་པའི་ཆ་ལས་བསྟོད་པ་བཞི། །༈ དཔེ་ཅན་འགའ་ཞིག་གོ་རིམ་བཞིན། །སྔོན་དུ་བཀོད་ནས་དེ་དག་གི། འཇལ་བྱེད་དཔེ་རྣམས་རིམ་གྱིས་བཀོད། །དེ་ནི་རིམ་པ་ཅན་གྱི་རྒྱན། །༈ རྒྱུ་རྐྱེན་འགའ་ཞིག་ལ་བརྟེན་ནས། །ནང་སེམས་དགའ་བ་ཁྱད་པར་ཅན། །སྐྱེས་བར་རྗོད་པའི་ཚིག་སྦྱོར་དེ། །དགའ་བའི་རྒྱན་གྱི་མཚན་ཉིད་ཡིན། །དངོས་ཐོབ་གཟུགས་བརྙན་ལས་བྱུང་གཉིས། །༈ ནང་གི་བསམ་པའི་འགྱུར་བ་ལ། །བརྟེན་ནས་ཕྱི་ཡི་ལུས་ངག་ཏུ། །ཐོན་པའི་ཉམས་དག་སྟོན་པའི་ངག། དེ་ནི་ཉམས་ལྡན་རྒྱན་ཞེས་བྱ། །སྒེག་དང་དྲག་ཤུལ་དཔའ་བ་དང༌། །སྙིང་རྗེ་མི་སྡུག་གཞད་གད་དང༌། །རྨད་བྱུང་འཇིགས་རུང་ཉམས་ཏེ་བརྒྱད། །༈ རྗོད་བྱེད་ཚིག་བརྗིད་དྲེགས་པའི་ཉམས། །གཟེངས་སུ་མཐོ་བ་སྟོན་པའི་ངག། གཟི་བརྗིད་ཅན་གྱི་རྒྱན་ཏེ་གཅིག། ༈འདོད་དོན་དངོས་སུ་མ་བརྗོད་པར། །དེ་ཉིད་བསྒྲུབ་པར་བྱ་བའི་སླད། །རྣམ་པ་གཞན་ཞིག་བརྗོད་པ་གང༌། །དེ་ནི་རྣམ་གྲངས་རྒྱན་ཏེ་གཅིག། ༈ བྱ་བ་འགའ་ཞིག་རྩོམ་པ་ལ། །སྐལ་བ་ཡི་ནི་སྟོབས་ལས་ཀྱང༌། །དེ་ཡི་སྒྲུབ་བྱེད་ཕུན་ཚོགས་གང༌། །ཀུན་ཕན་རྒྱན་ཏེ་གཅིག་ཉིད་དོ། །༈ བརྗོད་དོན་དེ་ཉིད་བསམ་པ་དང༌། །འབྱོར་པ་གང་ཡང་རུང་སྒོ་ནས། །ཁྱད་པར་འཕགས་པ་སྟོན་པའི་ངག། རྒྱ་ཆེན་རྒྱན་གྱི་ངོ་བོར་འདོད། །དབྱེ་ན་བསམ་འབྱོར་རྒྱ་ཆེ་གཉིས། །༈ བརྗོད་དོན་དངོས་པོའི་གནས་ལུགས་ལ། །བསྙོན་ནས་དོན་གཞན་ཅུང་ཟད་ཙམ། །བསྟན་པ་དེ་ནི་བསྙོན་དོར་རྒྱན། །ཆོས་ལ་བསྙོན་དང་ཡུལ་ལ་བསྙོན། །རང་བཞིན་བསྙོན་པའི་རྒྱན་དང་གསུམ། །༈ སྒྲ་དོན་གང་རུང་གི་སྒོ་ནས། །རྗོད་བྱེད་གཅིག་ཏུ་སྦྱར་བ་ལས། །བརྗོད་དོན་དུ་མ་གོ་ནུས་པ། །དེ་ནི་སྦྱར་བའི་རྒྱན་དུ་འདོད། །ཚིག་གི་གཅོད་མཚམས་ཐ་དད་མིན། །ཐ་དད་ཚིག་འདྲའི་སྦྱར་བ་དང༌། །བྱ་བ་གཅིག་དང་འགལ་མིན་པ། །བྱ་བའི་ཡུལ་ཅན་སྦྱར་བ་དང༌། །ངེས་པར་ཅན་དང་ངེས་པར་འགོག། འགལ་མིན་འགལ་བ་ཅན་དང་དགུ། ༈ བརྗོད་བྱའི་དངོས་དེར་རྒྱུ་རྐྱེན་སོགས། །ཁྱད་ཆོས་འགའ་ཞིག་མ་ཚང་ཡང༌། །ཁྱད་པར་ཚང་པ་ལས་ལྷག་པ། །སྟོན་པ་ཁྱད་པར་བརྗོད་པའི་རྒྱན། །ཡོན་ཏན་རིགས་དང་བྱ་བ་རྫས། །རྒྱུ་ཡི་ཁྱད་པར་བརྗོད་པ་ལྔ༌། །༈ བརྗོད་འདོད་སྐྱོན་ཡོན་གང་རུང་ཞིག། མཚུངས་དོན་མེད་པའི་དཔེ་ཞིག་དང༌། །བསྟོད་སྨད་ཅི་རིགས་ཀྱི་སྒོ་ནས། །མཚུངས་པར་སྦྱོར་པ་མཚུངས་སྦྱོར་རྒྱན། །དབྱེ་ན་བསྟོད་སྨད་མཚུངས་སྦྱོར་གཉིས། །༈ འགལ་ཟླ་སྒྲུབ་བྱེད་སླད་དུ་ནི། །འགལ་བའི་ཆོས་དང་ཆོས་ཅན་འགའ། །གཞི་གཅིག་སྟེང་དུ་མཉམ་དུ་སྡེབ། །དེ་ནི་འགལ་བའི་རྒྱན་དུ་འདོད། །གཞི་ཐ་དད་དང་བྱ་བ་འགལ། །གཞི་གཅིག་ཡོན་ཏན་གཉིས་འགལ་དང༌། །རྫས་འགལ་རྫས་དང་ལས་འགལ་བ། །བྱ་བ་འགལ་དང་སྦྱར་འགལ་དྲུག། ༈ རང་ལས་དམན་པའི་ཡུལ་ཞིག་ལ། །བསྟོད་པ་བྱེད་པ་སྐབས་མིན་ཀྱང༌། །རྐྱེན་གྱི་དབང་གིས་བསྟོད་འདོད་པ། །སྐབས་མིན་བསྟོད་པའི་རྒྱན་ཏེ་གཅིག། ༈ གང་ཞིག་བརྗོད་གཞི་གཟུང་བ་དེར། །རྗོད་ཚུལ་སྐྱོན་ལྟར་སྣང་ན་ཡང༌། །དོན་ལ་ཆེ་བའི་ཡོན་ཏན་ཉིད། །ཉེ་བར་སྟོན་པ་ཟོལ་བསྟོད་དེ། །མཐུ་དཔའ་སྟོབས་ཀྱི་ཟོལ་བསྟོད་གསུམ། །༈ སྟོན་བྱེད་དཔེ་སྔོན་བཀོད་པ་དེས། །དེ་དང་མཚུངས་པའི་བསྟན་བྱའི་དོན། །མཆོག་དམན་རང་བཞིན་གསལ་བྱེད་པ། །དེ་ནི་ངེས་སྟན་རྒྱན་ཏེ་གཉིས། །མཆོག་དང་མཆོག་མིན་ངེས་བསྟན་ནོ། །༈ བརྗོད་དོན་དེ་དང་འབྲེལ་བ་ཡི། །ཡོན་ཏན་བྱ་བ་གང་ཡང་རུང༌། །ལྷན་ཅིག་ཚོགས་པ་སྟོན་པའི་ངག། དེ་ནི་ལྷན་ཅིག་བརྗོད་པའི་རྒྱན། །ཡོན་ཏན་ལྷན་ཅིག་བརྗོད་པ་དང༌། །བྱ་བ་ཐ་དད་བྱ་བ་གཅིག། ལྷན་ཅིག་བརྗོད་པའི་རྒྱན་ཏེ་གསུམ། །༈ བརྗོད་བྱའི་དོན་རྣམས་ཕན་ཚུན་དུ། །བརྗེ་རེས་བྱེད་པ་ཡོངས་བརྗེས་རྒྱན། །༈ འདོད་བྱའི་དོན་དེ་འགྲུབ་པའི་སླད། །སྨོན་ཚིག་སྦྱོར་བ་ཤིས་བརྗོད་ཡིན། །༈ ཐ་དད་རྒྱན་གསུམ་བསྲེས་ཤིང་སྤེལ། །དེ་ནི་རབ་སྤེལ་རྒྱན་ཡིན་ཏེ། །ཕན་ཚུན་ལྟོས་པའི་རབ་སྤེལ་དང༌། །སྟོབས་མཚུངས་རབ་སྤེལ་རྒྱན་དང་གཉིས། །༈ རྩོམ་མཁན་རང་གི་བསམ་དོན་ལྟར། །སྙན་ངག་རྩམ་པའི་དགོས་དོན་དེ། །གསལ་བར་མཚོན་པ་དགོངས་རྒྱན་ཡིན། །དེ་ཡི་ཆོས་བཞི་རྒྱས་བཤད་ན། །དངོས་པོ་ཡི་ནི་ཚིག་རྣམས་ཀུན། །ཕན་ཚུན་ཕན་པར་བྱེད་པ་ཉིད། །དོན་དང་བྲལ་བའི་ཁྱད་པར་རྣམས། །མ་བྱས་གནས་སུ་བསྔགས་པ་དང༌། །བརྗོད་རིམ་སྟོབས་ལས་དངོས་པོ་ནི། །ཟབ་མོ་དག་ཀྱང་གསལ་པ་སྟེ། །དེཀུན་དགོངས་པའི་དབང་གྱུར་ཕྱིར། །དེ་དག་དགོངས་པ་ཅན་ཡིན་ནོ། །དེ་ལྟར་ལེའུ་བར་བ་ཡི། །དོན་རྒྱན་སོ་ལྔའི་མཚན་ཉིད་དང༌། །ནང་ཚན་དཔེར་བརྗོད་དངོས་བསྟན་གྲངས། །དྲིལ་བས་ཉིས་བརྒྱ་རྩ་གསུམ་ཡོད། །དེ་ཉིད་རྨང་གཞིར་བྱས་པའི་སྟེང༌། །ད་དུང་རྒྱ་བོད་མཁས་པ་ཚོའི། །མཁྱེན་སྩལ་མུ་མཐའ་མེད་པ་ལས། །བྱུང་བའི་སྙན་ཚིག་རྣམས་ལའང་གཟིགས། །སྙན་ཚིག་མཁས་པའི་སྙིང་གི་ནོར། །བློ་གསལ་མགྲིན་པའི་མཛེས་རྒྱན་གཅིག། མུ>eིཀ་ཡི་ཕྲེང་བ་ལས། །ལེའུ་གཉིས་པའི་སྡོམ་ཚིག་གོ། ༈ སྒྲ་རྒྱན་གབ་ཚིག་སྐྱོན་སེལ་རྣམས། །བསྟན་ཕྱིར་ལེའུ་ཐ་མ་གསུངས། །༈ སྒྲ་དོན་གཉིས་ལས་གཙོ་བོ་སྒྲའི། །ཉམས་ལ་བརྟེན་ནས་བརྗོད་དོན་དག། གསལ་ཞིང་རྗོད་ཚིག་སྙན་པ་ཡི། །ཚིག་སྦྱོར་དེ་ནི་སྒྲ་རྒྱན་ཡིན། །དེ་ལ་ཟུང་ལྡན་རྣམ་བཞག་དང༌། །བྱ་དཀའི་ཁྱད་པར་གཞན་བརྗོད་པ། །དབྱངས་སོགས་ངེས་པའི་བྱ་དཀའ་གསུམ། །༈ བར་མ་ཆོད་དང་བར་ཆོད་དག། ཡི་གེ་ཚོགས་པ་བསྐོར་བ་ནི། །ཟུང་ལྡན་རྒྱན་ཏེ་དབྱེ་བའི་སྒོ། །བྱ་སླའི་རྐང་བ་དང་པོ་ལ། །ཡོད་པའི་ཟུང་ལྡན་བྱ་དཀའ་པ། །གནས་གཞན་ཡོད་པའི་ཟུང་ལྡན་དང༌། །ཀུན་ཏུ་ཟུང་ལྡན་བསྲེས་པ་དང༌། །ཟློག་པའི་ཟུང་ལྡན་དང་རྣམ་དྲུག། ༈ བྱ་སླ་རྐང་པ་དང་པོ་ལ། །ཡོད་པའི་ཟུང་ལྡན་ནང་བསྲེས་གྲངས། །བར་མ་ཆོད་པའི་ཟུང་ལྡན་དང༌། །བར་དུ་ཆོད་པའི་ཟུང་ལྡན་དང༌། །ཆོད་ཅིང་མ་ཆོད་ཟུང་ལྡན་གསུམ། །༈ བར་མ་ཆོད་པའི་ཟུང་ལྡན་ལ། །རྐང་པ་གཅིག་གཉིས་གསུམ་བཞི་རུ། །རེ་རེ་གཉིས་གཉིས་གསུམ་གསུམ་བཞིར། །དབྱེ་བས་རྣམ་གྲངས་བཅོ་ལྔ་ཡོད། །༈ བར་དུ་ཆོད་པའི་ཟུང་ལྡན་ལ། །གཉིས་རེ་ཡོད་པའི་དབྱེ་བ་དྲུག། གསུམ་རེ་ཡོད་པའི་དབྱེ་བ་གསུམ། །བཞི་ཡོད་གཅིག་སྟེ་བཅུ་བཅུ་ཡི་ཐོག །ཆ་གཉིས་ཡོད་པའི་དབྱེ་བ་གསུམ། །བསྣན་པས་དབྱེ་ངོ་བཅུ་གསུམ་ཡོད། །༈ ཆོད་ཅིང་མ་ཆོད་ཟུང་ལྡན་ལ། །སྔ་མ་གཉིས་འདྲ་ཕྱི་མ་གཉིས། །ཐོག་མཐའ་གཉིས་འདྲ་བར་བ་གཉིས། །རྐང་པ་བཞི་ཡི་ཐ་མ་ལ། །ཡོད་པའི་ཟུང་ལྡན་རྒྱན་དང་གསུམ། །༈ ཚིགས་སུ་བཅད་པའི་རྐང་བ་ཡི། །ཐོག་མར་ཁོ་ནར་མ་ཡིན་པར། །གནས་གཞན་ལ་ཡང་ཡོད་པ་དེ། །བྱ་དཀའི་གནས་གཞན་ལ་ཡོད་པའི། །ཟུང་ལྡན་རྒྱན་ཏེ་དབྱེ་བའི་གྲངས། །བཞི་ཀའི་དབུས་ན་ཡོད་པ་དང༌། །མཐར་ཡོད་བར་མཐའ་གཉིས་ཀ་དང༌། །ཐོག་མ་གཉིས་དང་ཐ་མ་གཉིས། །གནས་གསུམ་ལ་ཡོད་དྲུག་པོ་ཉིད། །བར་ཆོད་ཆོད་ཅིང་མ་ཆོད་པ། །གཉིས་ཏེ་སྦྱར་བས་བཅུ་གཉིས་འགྱུར། །༈ དོན་གྱི་གོ་བ་ཐ་དད་ཀྱི། །རྐང་པ་འགའ་འམ་མཐའ་དག་ནི། །རྗོད་བྱེད་གཟུགས་མཚུངས་ཉིད་སྦྱོར་བ། །དེ་ནི་ཀུན་ཏུ་ཟུང་ལྡན་ཟེར། །རྐང་པ་བཟླས་དང་ཚིགས་བཅད་བཟླས། །ཟུང་ལྡན་ཆེན་པོའི་རྒྱན་དང་གསུམ། །༈ རྐང་པ་ལན་གཅིག་བཟླས་པ་དྲུག། ལན་གཉིས་བཟླས་པའི་དབྱེ་བ་གསུམ། །ལན་གསུམ་བཟླས་པ་གཅིག་སྟེ་བཅུ། །ཚིག་བཅད་བཟླས་དང་ཟུང་ལྡན་ཆེ། །རེ་རེ་བསྣན་པས་བཅུ་གཉིས་སོ། །༈ ཚིགས་བཅད་གཅིག་གི་ནང་ཚན་དུ། །ཟུང་ལྡན་སྣ་ཚོགས་ཕན་ཚུན་དུ། །བསྲེས་པའི་སྒྲ་ཡི་རྒྱན་ཞིག་ལ། །བསྲེས་པའི་ཟུང་ལྡན་རྒྱན་ཞེས་ཟེར། །བྱ་དཀའི་ཁྱད་པར་གཞན་གནས་པར། །བ་ལང་གཅིན་གྱི་བྱ་དཀའ་དང༌། །འཁོར་པའི་བྱ་དཀའ་རྣམ་པ་གཉིས། །༈ ཚིགས་བཅད་གོང་འོག་ཕྱེད་སྔ་ཕྱིར། །བ་ལང་གཅིན་ལྟར་འལོག་པོ་རུ། །ཀློག་ཏུ་རུང་བའི་ཚིག་སྦྱོར་དེ། །བ་ལང་གཅིན་གྱི་བྱ་དཀའ་ཡིན། །༈ ཚིགས་བཅད་གོང་འོག་ཕྱེད་འཁོར་ན། །ཕྱེད་དུ་འཁོར་བའི་བྱ་དཀའི་རྒྱན། །༈ ཚིགས་སུ་བཅད་པའི་སྟེང་འོག་དང༌། །གྲ་བཞི་མཐའ་དབུས་ཕྱོགས་ཀུན་ནས། །ལུགས་འབྱུང་ལུགས་ལྡོག་ཅི་རིགས་སུ། །སྒྲ་མཚུངས་པ་འམ་ཀློག་རུང་བ། །དེ་ནི་ཀུན་བཟང་འཁོར་ལོའི་རྒྱན། །ཟླུམ་པོ་དང་ནི་གྲུ་བཞི་གཉིས། །གཞན་ཡང་རིན་སྤུངས་དཔལ་སྒང་དང༌། །རྒྱལ་དབང་གཉིས་པ་ལྔ་པ་དང༌། །བོད་མཁས་པཎ་ཆེན་བདུན་པ་དང༌། །དེང་གི་ཚེ་ཏན་ཞབས་དྲུང་སོགས། །མཁས་པ་སོ་སོའི་རྣམ་དཔྱོད་ལས། །བཟོ་དབྱིབས་སྡེབ་སྒྲིགས་སྣ་ཚོགས་ཡོད། །དེ་དག་སོ་སོའི་གསུང་ལ་གཟིགས། །༈ དབྱངས་དང་གནས་དང་ཡི་གེ་རྣམས། །ངེས་པར་གང་དུ་བྱ་དཀའ་བ། །བཞི་ལ་སོགས་ལ་རབ་བསྟན་འདི། །དབྱངས་སོགས་ངེས་པའི་བྱ་དཀའི་རྒྱན། །དེ་ལ་དབྱངས་དང་གནས་དང་ནི། །གསལ་བྱེད་ངེས་པ་རྣམ་གསུམ་སྟེ། །དེ་དག་ནང་གསེས་རེ་རེ་ལའང༌། །རྐང་པ་བཟི་ལ་བཞི་དང་གསུམ། །གཉིས་དང་གཅིག་ཏུ་ངེས་པ་སྟེ། །བསྡོམས་པས་རྣམ་གྲངས་བཅུ་གཉིས་སོ། །༈ གབ་བྱའི་བརྗོད་དོན་གང་ཡིན་དེ། །གབ་བྱེད་ཚིག་གི་སྦྱོར་བ་ཡིས། །མངོན་པར་སྒྲིབ་ཏེ་སྐབས་མིན་གྱིས། །གོ་མི་ནུས་པ་གབ་ཚིག་རྒྱན། །ཀུན་ཚོགས་སླུ་བྱེད་རིམ་པ་བྲལ། །རབ་བཅོམ་མཐུན་གཟུགས་རྩུབ་མོ་གྲངས། །རབ་བཏགས་མིང་འདུས་བསྒྲིབས་མཐུན་སྒྲ། །རྨོངས་དང་ཡོངས་འཕྲོག་གཅིག་གཉིས་སྒྲིབ། །ཡོངས་འདྲེས་རྒྱན་ཏེ་བཅུ་དྲུག་ཡོད། །ཚིག་མཚམས་སྦྱར་བས་དོན་སྦས་པ། །ཀུན་ཏུ་ཚོགས་པའི་གབ་ཚིག་ཡིན། །༈ གབ་བྱེད་ཡོངས་གྲགས་སྒྲས་ཕྱེར་ནས། །གབ་བྱ་སླུ་བ་སླུ་བྱེད་རྒྱན། །༈ ཚིག་སྦྱོར་ཤིན་ཏུ་འཁྲུགས་པ་ཡིས། །དོན་ལ་རྨོངས་བྱེད་རིམ་པ་བྲལ། །༈ སྒྲ་དོན་གང་རུང་སྦྱོར་བས་དོན། །རྟོགས་དཀའི་ཚིག་ཕྲེང་རབ་བཅོམ་རྒྱན། །༈ བཏགས་པའི་དོན་བཀོད་ཚིག་སྡེབ་ཀྱིས། །བརྗོད་དོན་སྒྲུབ་པ་མཐུན་པའི་གཟུགས། །༈ མཚན་ཉིད་ཡོད་ཙམ་ངེས་ཚིག་དང༌། །ལྡན་པའི་ཚིག་རྒྱན་རྩུབ་མོ་འོ། །༈ གྲངས་ཀྱི་མིང་གིས་གབ་བྱ་དེ། །རྨོངས་བྱེད་གྲངས་ཀྱི་གབ་ཚིག་ཡིན། །༈ བརྗོད་དོན་གཞན་དུ་སྒྲོ་བཏགས་ཏེ། །སྒྲིབ་པ་རབ་བཏགས་གབ་ཚིག་ཡིན། །༈ དོན་མང་ལ་འཇུག་མིང་གཅིག་ཉིད། །གབ་བྱར་བཏགས་པ་འདུས་པའི་རྒྱན། །༈ ཚིག་གི་ཆོས་མཚུངས་ལ་རིག་པས། །དོན་གཞན་སྒྲིབ་པ་བསྒྲིབས་པས་སོ། །༈ དངོས་མིང་མི་གསལ་རྣམ་གྲངས་སྒྲ། །བཀོད་པ་དོན་སྒྲིབ་མཐུན་པའི་སྒྲ། །༈ བརྗོད་དོན་དངོས་སུ་བསྟན་ན་ཡང༌། །ཚིག་གིས་རྨོངས་བྱེད་རྨོངས་པ་ཡིན། །༈ ཚིག་སྦྱོར་སྔ་མའི་བརྗོད་དོན་རྣམས། །ཕྱི་མས་འཕྲོག་པ་ཡོངས་འཕྲོག་ཡིན། །༈ རྟེན་སྦས་བརྟེན་པ་གཅིག་པུ་གསལ། །ཚིག་སྦྱོར་དེ་ནི་གཅིག་བསྒྲིབས་སོ། །༈ རྟེན་དང་བརྟེན་པ་གཉིས་ཀ་སྦས། །ཚིག་སྦྱོར་དེ་ནི་གཉིས་ཀ་བསྒྲིབས། །༈ གབ་ཚིག་མཚན་ཉིད་སྣ་ཚོགས་པ། །འདྲེས་པ་དེ་ནི་ཡོངས་འདྲེས་རྒྱན། །༈ སྙན་ངག་ཕུན་སུམ་ཚོགས་པའི་གཞི། །ལུས་སྲོག་རྒྱན་གྱི་ཉམས་འགྱུར་ལས། །ལྡོག་པའི་སྒྲ་དོན་སྐྱོན་ཅན་ནི། །སྙན་ངག་མཁན་པོས་སྐྱོན་དུ་བགྲངས། །དོན་ཉམས་དོན་འགལ་དོན་གཅིག་པ། །ཐེ་ཚོམ་ཅན་དང་རིམ་པ་ཉམས། །སྒྲ་ཉམས་གཅོད་མཚམས་ཉམས་པ་དང༌། །སྡེབ་སྦྱོར་ཉམས་དང་མཚམས་སྦྱོར་བྲལ། །ཡུན་དུས་སྒྱུ་རྩལ་འཇིག་རྟེན་དང༌། །ལུང་རིགས་དག་དང་འགལ་བ་སྟེ། །བཅུ་པོ་འདི་དག་སྙན་ངག་སྐྱོན། །ཚིག་ཕྲེང་མང་པོ་ཚོགས་ན་ཡང༌། །དོན་གྱིས་སྟོང་པ་དོན་ཉམས་སྐྱོན། །༈ བརྗོད་དོན་སྔ་མས་ཕྱི་མ་འཇོམས། །འགལ་བའི་དོན་ཅན་ཉིད་ཀྱི་སྐྱོན། །༈ དགོས་མེད་དོན་གཅིག་ཡང་ཡང་བཟླས། །དོན་གཅིག་པ་ཡི་སྐྱོན་ཉིད་དོ། །༈ བརྗོད་དོན་ངེས་བཟུང་བྲལ་བ་ལས། །སོམ་ཉི་སྐྱེད་བྱེད་ཐེ་ཚོམ་སྐྱོན། །མདོར་བསྟན་རྗེས་བཤད་གོ་རིམ་དག། འཁྱམས་ན་རིམ་པ་ཉམས་པའི་སྐྱོན། །༈ སྒྲ་དོན་མཚོན་ཚུལ་མ་འབྲེལ་བ། །སྒྲ་ཉམས་པ་ཡི་སྐྱོན་ཡིན་ནོ། །༈ ཚིག་རྐང་གཅོད་མཚམས་ངལ་གསོ་བྲལ། །གཅོད་མཚམས་ཉམས་པའི་སྐྱོན་དུ་བགྲང༌། །༈ ཡི་གེ་ལྷག་ཆད་ལྕི་ཡང་དག། ཇི་བཞིན་མི་གནས་སྡེབ་སྦྱོར་ཉམས། །༈ ཚིག་དོན་སྔ་ཕྱི་མཚམས་སྦྱོར་བྲལ། །དེ་ནི་མཚམས་སྦྱོར་བྲལ་བའི་སྐྱོན། །ཡུལ་སོགས་འགལ་བ་ཞེས་པ་ནི། །ཡུལ་ནི་རི་ནགས་ཡུལ་འཁོར་དང༌། །དུས་ནི་ཉིན་མཚན་དབྱར་དགུན་སོགས། །སྒྱུ་རྩལ་གླུ་དང་གར་སོགས་མཚོན། །འཇིག་རྟེན་ཞེས་པ་སྣོད་དང་བཅུད། །རིགས་པ་གཏན་ཚིགས་ཉིད་ལ་སྟེ། །ལུང་ནི་ཕྱི་ནང་གཞུང་ལུགས་སོགས། །དྲུག་པོ་དག་དང་འགལ་བ་ནི། །ཡུལ་སོགས་ཉམས་པའི་སྐྱོན་ཞེས་བགྲངས། །༈ སྦྱོར་ཚུལ་མཁས་པའི་ཁྱད་པ་ལས། །དེ་དག་ལས་ལྡོག་དམིགས་བསལ་བཅུ། །དེ་ལྟར་སྐྱོན་ཡོན་ཁྱད་པར་དག། ཤེས་ནས་སྐྱོན་བྲལ་ཚངས་པའི་དབྱངས། །དཔལ་ལྡན་དྲན་དབང་མགུ་བའི་སྐྱེས། །བློ་གསལ་མགྲིན་པའི་རྒྱན་དུ་སྟོན། །སྙན་ཚིག་མཁས་པའི་སྙིང་གི་ནོར། །བློ་གསལ་མགྲིན་པ་མཛེས་རྒྱན་གཅིག། མུ>eིཀ་ཡི་ཕྲེང་བ་ལས། །ལེའུ་གསུམ་པའི་སྡོམ་ཚིག་གོ། ༈ དུས་རབས་ཉི་ཤུའི་འདུ་འཛིན་སྤྲིན་བཞིན་གཡོ། །སྔོན་བྱོན་མཁས་པའི་སྙན་གཞུང་མཚོ་ལྟར་ཟབ། །དེ་སླད་ཕལ་ཆེར་རིག་པའི་ཁྱད་ནོར་གྱི། །གྲོང་ཁྱེར་འདི་ལ་ཕྱོགས་སླེབས་མགྲོན་པོ་བཞིན། །ཕུལ་བྱུང་མཁས་རྒུ་རལ་པའི་ཅོན་པན་ལ། །དབང་བསྒྱུར་སྙན་ཚིག་གསེར་གྱི་འཁོར་ལོའི་འཕྲུལ། །འཆད་རྩོད་རྩོམ་པས་ཁ་ལོ་བསྒྱུར་བ་ལས། །རྫོགས་ལྡན་གསར་པས་འགྲོ་འདི་སླར་ཡང་འཚོ། །གངས་ཅན་གཙུག་ལག་རིག་པའི་དབྱིག་འཛིན་མ། །དུས་ཀྱི་ཀློང་དུ་བྱིང་པར་མ་བཟོད་དེ། །ལྷག་བསམ་འཇུག་པ་བཅུ་པའི་དཔུང་ཤུགས་ཀྱིས། །གྱེན་དུ་འདེགས་པའི་ངལ་བ་འདི་བྱས་དགེས། །འཆད་པ་ཚིག་དོན་མ་འཁྱོགས་ཚངས་པའི་ཐིག། རྩོད་པ་མི་ཤིགས་རྡོ་རྗེའི་ཐོག་གི་འདའ། །རྩོམ་པ་སྙན་འཇེབས་དྲི་ཟའི་ན་ཆུང་གླུ། །རྣམ་གསུམ་མཁས་པས་འཛམ་གླིང་མཛེས་གྱུར་ཅིག། ཞེས་སྙན་ངག་མེ་ལོང་གི་སྡོམ་ཚིག་མཁས་པའི་སྙིང་ནོར་བློ་གསལ་མགྲིན་པའི་རྒྱན་གཅིག་མུ>eིཀའི་ཕྲེང་བ་ཞེས་བྱ་བ་འདི་ནི་གངས་ཅན་བོད་ཀྱི་མདོ་ཁམས་ར་བ་སྒང་གི་ཉེ་འགྲམ་ཏྲེ་ཤོད་ཡུལ་སྐྱེས་སྤྲང་འཁྱམས་གཙུག་ལག་སྨྲ་བ་བེ་རི་འཇིགས་མེད་དབང་རྒྱལ་བས་རབ་བྱུང་བཅུ་བདུན་པའི་ཉག་མ་གསུམ་པ་དཀར་པོ་ཞེས་པ་ས་སྦྲུལ་( ༡༩༨༩ )ལོར་བརྩམས་ཤིང༌། སླར་ཡང་( ༡༩༩༥ ) ན་ཚོད་ལྡན་ལོར་ཞུས་དག་གིས་སྣོན་འཕྲི་ཅུང་ཟད་བྱས་ཏེ། བློ་གླིང་གཙུག་ལག་སློབ་གྲྭར་སྙན་ངག་མེ་ལོང་མའི་འཛུབ་འཁྲིད་བྱེད་སྐབས་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་གླིང་གི་རང་ཤག་རྫ་མའིི་སྤྱིལ་བུ་ལྔ་རིག་ནོར་བུའི་ལྡིང་ཁང་དུ་སྦྱར་བ་དགེ་ལེགས་འཕེལ། ། ༄།།རང་རྩོམ་ལུགས་གཉིས་མ། འབྲུག་ཐར་བྱམས་པ། རང་རེའི་རྙེད་དཀའི་དལ་འབྱོར་རྟེན་འདི། །རང་གིས་ཐོབ་པ་དོན་ཆེན་ཤེས་ནས། ། རང་གི་ལག་ཏུ་ནོར་བུ་ཡོད་བཞིན། །རང་གིས་ལོངས་སྤྱོད་ཡག་པོ་བྱེད་དགོས། །

རང་གིས་རང་ལ་མགོ་བསྐོར་མ་བཏང༌། །རང་གིས་རྙེད་པའི་དལ་འབྱོར་རྟེན་འདི། ། རང་གི་ལག་ཏུ་ཡོད་པའི་དུས་ལ། །རང་གིས་ཉར་ཚགས་བྱེད་སྟངས་ཤེས་དགོས། །

རང་ཉིད་རང་ལ་བརྩེ་བ་ཡོད་ན། །རང་ལ་ཕན་པའི་ཤེས་བྱའི་ཡོན་ཏན། ། རང་རང་སོ་སོས་སྦྱོང་ན་མ་གཏོགས། །རང་གི་ཉེ་གྲོགས་སུས་ཀྱང་མི་སྟེར། །

རང་བཞིན་གྲུབ་པའི་དངོས་པོ་ཐམས་ཅད། །རང་གིས་སྤྱོད་ན་ཟད་པའི་ཆོས་ཉིད། ། རང་ལ་ཡོད་པའི་ཤེས་བྱ་ཡོན་ཏན། །རང་གི་སྤྱོད་ཀྱང་མི་ཟད་འཕེལ་ངེས། །

རང་གི་སྙིང་ཉེ་སྤུན་ཟླ་པོ་མོ། །རང་དང་འདྲ་བ་ནམ་ཡང་མ་བྱེད། ། རང་ལ་དགོས་པའི་བརྡ་སྤྲོད་གཞུང་ལུགས། །རང་བློར་གང་ཤོང་ཅིས་ཀྱང་སྦྱོངས་དགོས། །

རང་རིགས་ཁ་བའི་ཡུལ་ལྗོངས་ཞིང་ལ། །རང་དབང་མེད་ནས་མི་ཡུལ་བསྡད་ཡོད། ། རང་ཡུལ་མ་རྗེད་སྤུན་ཟླ་བོད་རིགས། །རང་དབང་རྩོད་ལེན་ཅིས་ཀྱང་བྱེད་དགོས། །

རང་ཡུལ་དོར་ནས་མི་ཡུལ་སླེབས་ཀྱང༌། །རང་ཡུལ་རྗེད་པ་ནམ་ཡང་མ་གནང༌། ། རང་གི་ཡུལ་ལ་ལོག་པ་འདོད་ན། །རང་བཙན་རྩོད་ལེན་ངེས་པར་བྱེད་དགོས། །

རང་ཅག་ཁ་བའི་ཡུལ་གྱི་སྤུན་ཟླ། །རང་སྣང་མཐོ་བོ་ནམ་ཡང་མ་བྱེད། ། རང་བཙན་ལེན་རྒྱུ་ལྷག་ཡོད་དྲན་ནས། །རང་དབང་ཆེད་དུ་དཀའ་སྡུག་བྱེད་དགོས། །

རང་ཡུལ་ལུང་པ་མི་ལ་ཤོར་ནས། །རང་ལོ་བཞི་བཅུ་ཞེ་གསུམ་ཕྱིན་སོང༌། ། རང་གི་ཡུལ་ལ་ལོངས་སྤྱོད་འདོད་ན། །རང་བཙན་གཙང་མ་ཅིས་ཀྱང་ལེན་དགོས། །

རང་ཡུལ་རང་ལ་རང་དབང་མི་འདུག་།རང་ཆོས་རང་གིས་བྱེད་དབང་མི་འདུག་། རང་ནོར་རང་གིས་སྤྱོད་དབང་མི་འདུག་།རང་རིགས་སྤུན་ཟླས་ཡིད་ལྷོད་མ་གནང༌། །

༄། །མཛུབ་རྩེ་གདོང་ལ་ཚུགས་དང་ཨ་མའི་བུ། དམར་བུ་མི་ཁའི་རླུང་ཡན་ཞིག་གི་ན་ཟུག་མ་བཟོད་པར་འབྲི་དགོས་བྱུང༌། ཆང་དང་བུ་མོའི་ཕྱོགས་ལ་སེམས་ཤོར་བའི། །ཐ་མག་མཆུ་ལ་སྦར་བའི་གཞོན་ནུ་ང༌། ། ཁོར་ཡུག་མུན་པས་གཡོགས་པའི་འཇིག་རྟེན་ན། །རིག་བྱེད་ངག་གིས་བཟི་བའི་དུས་ཤིག་ཡིན། །

འཇམ་མཉེན་ལང་ཚོ་མེ་ཏོག་འཛུམ་པ་མོའི། །སྒྱུ་རྩལ་རེ་བཞིས་མཆོད་བའི་དགལ་སྟོན་དེ། ། སུ་ལ་མཁོ་བ་ཀུན་མཐུན་མི་ཡི་གཤིས། །ཁྲེལ་དང་ངོ་ཚའི་ཕྱི་ཤུན་གཤགས་ནས་ཡོད། །

གནམ་འོག་མི་ཡིས་བསྒྲུབ་པ་བདེ་སྐྱིད་ཉིད། །རང་གི་ལག་པས་ལེན་ལ་ང་རང་བྲིས། ། འགྲིག་ཁྲིམས་ལྕི་མོའི་ལག་ལྕག་ངས་མི་གྱོན། །རང་དབང་ཐོབ་ཐང་འཕྱུར་བའི་དུས་རབས་ཡིན། །

གཉིད་མིན་སད་མིན་ལོ་ཟླའི་ཐུ་འོག་ནས། །ཨུ་ཚུགས་ཁྲིམས་ཁའི་འཆར་གཞི་ངས་མི་ཐེག། རང་དབང་གཅེར་བྲོ་འཁྲབས་སའི་སྡིངས་ཆ་རུ། །རང་སེམས་འདབ་མ་འཛུམ་བཞིན་འཕུར་ནས་འགྲོ། །

སྣ་གཉེར་མཆུ་བརྫེས་ང་ལ་བྱ་དགོས་མེད། །འགྲམ་ལྕག་རྡོག་བརྫིས་ན་ཚ་ངས་མི་སྲོན། །སྨྱོན་པ་ནད་པའི་ཉལ་སར་མི་འཇོག་ན། །ཡོད་ཚད་མེ་རུ་འབར་ཡང་ང་མི་སྐྲག།

བཀག་རྒྱའི་བཙོན་ལས་ཤོར་བའི་འཕག་འཚག་འདིས། །གློག་གཞུས་འཇིགས་བསྐུལ་མང་བའི་ཁང་མིག་གི། །མི་ཆེན་དཔོན་པོ་གནམ་གྱི་རྐུབ་སྟེགས་ཅན། །མ་དགའ་རྒྱུ་མ་ཆད་ཀྱང་གཤགས་བཅོས་མེད། །

ཚོན་མདོག་མེད་པའི་འཇིག་རྟེན་གཅེར་བུ་ན། །རོལ་ཆུང་ལྡོམ་པོ་མི་ཁས་འབར་ནས་ཡོད། །ལས་སྣོན་མ་བྱས་དྲི་རྟགས་དམར་པོའི་མདངས། །ང་ཡི་སྙིང་ལ་གཟན་པའི་གྲི་རྩེ་ཡིན། །

སྒྱུ་རྩལ་བཟི་ཁས་གཉིད་པའི་སེམས་པ་ལ། །ཚོད་མེད་རྡོག་ཐོས་ཐད་ཀར་མ་གཞུས་ན། །ཐེར་འདོན་སྐྱག་དིའི་ངར་ཁ་བཙན་པོ་འདི། །ཀུན་ཁྱབ་གློག་འཕྲིན་བརྒྱུད་ནས་བསྒྲགས་མ་དགོས། །

བརྫུ་བག་ཤོམ་ལྭ་ཐེད་ཀྱང་ཐེད་དུ་ཆུག །སྙིང་གི་ཁྲག་རྩ་འགད་ཀྱང་འགད་དུ་ཆུག།མི་མངོན་ན་ཟུག་མ་བཟོད་བསྐྱགས་པའི་གཏམ། །སྐྱོན་མཚང་གནད་ལ་འཁོ་བའི་སྨན་ཁབ་ཡིན། །

ལན་གྲངས་དུ་མར་འབབས་པའི་དྲག་ཆར་བཞིན། །སུ་ཡི་སྙིང་ལ་གནོད་པ་ཀུ་ཅོའི་སྒྲ། །མི་མཐོང་ཕག་ནས་སྒྲོག་ལ་དགོས་པ་ཅི། །མཛུབ་རྩེ་གདོང་ལ་ཚུགས་དང་ཨ་མའི་བུ། །༢༠༠༢། ༢།༢༢ ནག་ཁུང་ནང་གི་ངོ་གདོང༌། མེ་ཛོར་སང་ཊ྄ར་ནི་སིམ་ལ་རྒྱ་དབྱིན་དབུས་སློབ་གྲྭའི་ནང་དུ་དགེ་རྒན་ཞིག་ཡོད་སྐབས་( སྐྱདྲསྤྱཏྲཎཔྱརྟཔྲ ) ཞེས་པའི་ཅོག་སྟེང་གི་རྒྱུག་པོལ། རྩེ་མོའི་སྤྲོད་སྐྱིད་ཁང་ནས་དགུང་མོ་ཞིག་མཚན་ཕྱི་བོ་ཆགས་བརྗེས་སློབ་གྲྭར་ཚུ་ལོག་ནས་ཡོང་དུས། ཁྲོམ་དང་འདིའི་ནང་དུ་ཡོད་པའི་གློག་བརྙན་ཁང་དང་ཟ་ཁང་སོགས་ནི་སློབ་གྲྭ་དེ་ནས་བརྩིས་ཏེ་ཧ་ལམ་མེ་ལའི་གཉིས་ཙམ་གྱང་རིང་དུ་ཆགས་འདུག། མེ་ཛོར་སང་ཊ྄ར་ཁོང་ད་དུང་ཕོ་ཧྲང་དང་ཁོང་སློབ་གྲྭ་འདིའི་ནང་ལོ་མང་རིང་ནས་སློབ་འཁྲིད་གནང་ནས་བསྡོད་སྐབས་ཁོང་དགུང་མོ་འཆར་ཅན་ཉེ་འགྲམ་དུ་ཡོད་པའི་གྲོང་སྡེ་ནང་དུ་སྤྲོ་འཆམ་ཕྱིན་སྟེ་ནག་ཁུང་ཆགས་རྗེས་ཤིང་ནགས་དཀྱིལ་ནས་འགྱོགས་ལམ་བརྒྱུད་ནས་ཡོང་གིན་ཡོད། ལྟེ་བའི་དབུས་ལམ་ནི་དགོང་དྲོ་མཚན་ཆགས་རྗེས་ཧ་ཅང་འཇིགས་ཤིང་རུང་བ་དང་ལྷག་པར་དུ་རླུང་ཤུགས་ཆེན་པོ་ཡོང་སྐབས་ཤིང་སྡོང་གི་ཡལ་ག་རྣམས་ཕན་ཚུན་གཅིག་གཅིག་སྒུལ་ནས་ཐོས་པ་ཙམ་གྱི་སྙིང་རྩ་འདར་བྱེད་ཀྱི་སྐད་ཞེ་སྣང་ཚ་བོ་བཏོན་པའི་རྐྱེན་གྱི་མི་ཕལ་ཆེ་བ་ལམ་འདིའི་རྒྱུད་ནས་འགྲོ་ཐུབ་པའི་སྤོབས་པ་སུའི་ཀྱང་བྱེད་ཀྱི་མེད། རི་འདིའི་གང་གནས་པའི་མི་ཚོའི་ཤིང་ནགས་ཀྱི་སྡོང་པོ་རེ་རེ་ནང་དུ་འདྲེས་ཞུགས་ཡོད་པ་དང་ལམ་དུ་བཞུད་པའི་མི་རྣམས་ལ་སོན་པོར་མིད་ཚད་རྔམ་ནས་འགུག་ཡོད་པ་ལྟར་ཡིད་ཆེས་བྱེད་ཀྱི་ཡོད། འོན་ཀྱང་མེ་ཛོར་ཁོང་ནི་ཞེ་སྣང་ཅན་གྱི་མི་མ་ཡིན་སྟབས་ཁོང་མཚན་རིག་ཁོ་ན་མ་གཏོགས་མཚན་རིག་གང་གི་བཅོས་སྒྲུང་དང་སྒྲུབ་བྱེད་མེད་པའི་གཞན་ལ་ཡིད་ཆེ་རྩ་བ་ཉིད་ནས་བྱེད་ཀྱི་མེད། དམིག་བསལ་གྱི་མཚན་ཞིག་འདིར་ཁོང་གློག་བཞུས་གཅིག་འཁྱེར་ནས་ཡོང་བཞིན་སྐབས། གློག་བཞུ་གི་སྐྱ་ཐང་གི་འོད་མདངས་འདི་ཤིང་ནགས་བར་གྱི་ཀྱག་ཀྱོག་གི་ལམ་དོག་ཐོག་འཕོས་འགྱུར་བྱེད་བཞིན། འདིའི་དར་ཡམ་ཡོམ་དུ་གསོ་བའི་འོད་དེ་ཉེ་འགྲམ་གྱི་བྲག་སྟེང་དུ་སྡོད་པའི་པུ་གུ་གཅིག་གི་གཟུགས་པོའི་སྟེང་དུ་འཕོགས། མེ་ཛོར་ཡ་མཚན་ཞིང་ཡུད་ཙམ་འགུག་ཏེ། པུ་གུ་ཚོ་དགོང་དྲོ་ཆུ་ཚོད་དྲུག་པ་ཟིན་རྗེས་ཕྱིར་འགྲོ་བཅུགས་ཀྱི་མེད། ད་ལྟ་ནི་དགུ་པ་ཡང་ཟིན་གྲབ་བྱེད་ཀྱི་འདུག་ཅི་ཡིན་སྙམ་མི་ཤེས་ཏེ། ཁྱོད་ཕྱིར་སྡོད་ནས་ཅི་བྱེད་ཀྱིན་ཡོད། ཞེས་མེ་ཛོར་གྱིས་དྲག་པོའི་ངང་ནས་དྲི་བཞིན་པུ་གུ་སྤྱོད་ནང་དེ་ངོ་ཤེས་ཆེད་འགྲམ་དུ་སླེབས། འོན་ཀྱང་ཁོང་པུ་གུ་འདིའི་ཙར་སླེབས་སྐབས་པུ་གུ་དེ་ངུ་བཞིན་ཡོད་པ་མཐོང་ཏེ་མི་འགྲིགས་པ་ཞིག་ཆགས་ཡོད་པའི་རྟག་མཚན་གསལ་པོ་ཞིག་བྱུང༌། པུ་གུ་དེ་ཁོ་རང་གི་མགོ་ལག་པ་ནང་དུ་འཇུས་བཞིན་གཟུགས་པོ་ཡོང་རྫོགས་འཁྱགས་ཏེ་བརྐྱང་སྐུམ་གྱི་འདར་བཞིན་འདུག། འོན་ཀྱང་སྒྲ་མེད་པ་ཤུམས་པའི་སྐད་ནི་ནམ་རྒྱུན་དང་མི་འདྲ་བའི་ཡ་མཚན་ཞིག་དང་འཚོར་སྣང་མི་བདེ་བ་ཞིག་བྱུང༌། ཡ་མི་འགྲིགས་པ་ག་རེ་བྱུང། ཞེས་མེ་ཛོར་གྱི་སེམས་གསོ་བྱེད་ཕྱིར་མེ་ལྟར་འབར་བའི་ཁོང་ཁྲོ་དེ་གཏིང་འོག་འབད་བཞིན། ག་རེ་བྱས་ངུ་གྱིན་ཡོད། ཞེས་དྲིས། པུ་གུ་དེ་ནི་ད་དུང་ལན་གཅིག་ཀྱང་མ་རྒྱབ་ཏེ་ཡར་ཡང་མ་ལྟ་སྟེ་གཟུགས་པོ་ཡང་ད་དུང་ཟུར་གྱི་ཨིག་ཀ་རྒྱབ་བཞིན་བསྡད་འགུག། ཡ་སླབ་ཏ་དཀའ་ངལ་ག་རེ་འདུག་ཡ་ལྟོས། པུ་གུ་འདིའི་གདོང་སྟེང་གི་ལག་པ་ཕ་བྱས་ཏེ་དགེ་རྒན་ལ་ལྟ། མ་ཛོར་གྱིས་གློག་བཞུག་གི་འོད་མདངས་དེ་པུ་གུ་འདིའི་གདོང་ཏུ་སྤར། གདོང་པར་མིག་དང་སྣ་རྣ་དང་ཁ་ཡང་མི་འདུག། ཁོའི་ངོ་གདོང་དེ་ལ་ཁྱོད་རང་གི་ཕལ་ཆེར་འཇམ་ཞིང་གཉེན་པའི་ཞ་མོའི་བཀབ་པའི་མགོ་ཀྱང་ལབ་ན་སྒྲིག་པ་ལྟར་འདུག། མེ་ཛོར་ཧ་ཅང་འཇིགས་ཏེ་གློག་བཞུག་ཀྱང་ལག་ནས་ཤོར་སོང༌། ཁོང་ལམ་སོང་ཁ་ཕྱི་ཕྱོགས་སུ་འགྱུར་ཏེ་འཇིགས་སྣང་གི་ཧབ་ཤ་རྒྱབ་བཞིན་སློབ་གྲྭའི་རྒྱལ་སྒོའི་མར་ཕྱོགས་སུ་རྒྱུགས། ཁོང་ད་དུང་ལམ་ཕྱེད་ཀར་རྒྱུགས་ནས་འགྲོ་བཞིན་སྐབས་གློ་བུར་དུ་ལམ་དཀྱིལ་དུ་སྒང་བཞུ་ཕྲ་ལམ་ལམ་དུ་འབར་བཞིན་མཐོང༌།

མེ་ཛོར་མཚན་སྲུང་སྒོ་སྲུང་བ་དེ་མཐོང་ནས་སེམས་སུ་སྔར་མི་སྐྱེས་དགའ་བ་ཚད་མེད་བྱུང༌། འགྲམ་དུ་སྦྱོར་བ་དང་རྐང་པ་འཁོན་སེན་རྒྱབ་ཏེ་རིལ་དབུགས་ཀྱང་རྔུབ་བཞིན་སྐད་ཆ་ཡང་རྡབ་ལྡིབ་གྱི་མི་བསལ་བའི་བཤད་པ་མཐོང་ནས། སྐུ་ཞབས་ག་རེ་བྱས། ཞེས་སྒོ་སྲུང་བས་དྲི་བཞིན་ག་རེ་གདོང་ཐུག་རྒྱབ་སོང་ངམ། ག་རེ་བྱས་ནས་རྒྱུགས་གནང་གི་ཡོད། ངས་ངས་བཀྲ་མི་ཤེས་པའི་སྡུག་ཆ་འཁྱད་མཚར་ཞེ་བོ་ཞིག་མཐོང་བྱུང༌། པུ་གུ་གཅིག་ཤིང་ནགས་སུ་ངུ་བཞིན་འདུག། ཁོའི་ང་ལ་ལྟས་དུས། ཁོ་ལ་གདོང་པ་མི་འདུག། ལ་ཁོ་ལ་གདོང་པ་མི་འདུག་ཨེ། མདོར་ན་ཁོ་ལ་ཁ་དང་རྣ་དང་སྣ་མི་འདུག། འདི་ཁྱོད་རང་སེམས་འཁྲེལ་གནང་དགོས་མ་རེད། ཞེས་སྒོ་སྲུང་བ་དེའི་སྤྲོད་ཀྱི་ངང་ནས་ལབ་བཞིན་ཁོའི་ལག་ཏུ་འཇུས་ཡོད་པའི་སྒང་བཞུ་ཡར་བཀྱག་ཏེ་རང་གི་གདོང་པར་སྤར། ཁོ་ལ་ཡང་མིག་དང་ཁ་དང་རྣ་ཁུང་་མིག་བརྗི་ཡན་ཆད་མེད་པ་མཐོང་ཏེ། མེ་ཛོར་ནི་ཧ་ཅང་ཞེ་སྣང་སྐྱེས་ཏེ་བརྡོ་བཟོས་ཀྱི་སྐུ་རྟེན་ལྟར་དུ་འགྱུར་སོང༌། དུས་རིང་རླུང་ཤུགས་ཆེན་པོ་ཞིག་རྒྱབ་ཏེ་སྒང་བཞུ་དེ་ཀྱང་བསད་སོང༌།

སྐྱོ་སྣང་བསམ་པའི་རང་གཟུགས། ཁ་ནས་གྲོགས་པོའི་ཚིག་གིས་སྙན་སྙན་དུ་བསྒྲོག་ཀྱང་། །སེམས་ཀྱིས་མགོ་སྐོར་གཏོང་བའི་བྱ་ཐབས་ལ་འབད་པ། །དེང་གི་གཡོ་སྒྱུ་ཆེ་བའི་གྲོགས་ངན་དག་མཐོང་ཚེ། །བསམ་བཞིན་སྐྱོ་བའི་སྣང་བ་ལྷང་ལྷང་དུ་ཤར་བྱུང༌། འབྱོར་ཚེ་དགའ་བའི་འཛུམ་གྱིས་སོ་དཀར་རྣམས་སྟོན་ཅིང༌། །རྒྱུད་ཚེ་སྡུག་པའི་གཏམ་གྱིས་འཕྱ་དམོད་ལ་བྲེལ་བ། །དེང་གི་བསམ་མེད་བྱིས་པའི་གྲོགས་ངན་གྱི་ཕྱོགས་ལ། །བསམ་བཞིན་སྐྱོ་བའི་སྣང་བ་ལྷང་ལྷང་དུ་ཤར་བྱུང༌། དགའ་བར་མཐོང་ཚེ་བསྟོད་པའི་མེ་ཏོག་གིས་གཏོར་ཞིང་། །སྡུག་པར་མཐོང་ཚེ་དམོད་པའི་མཚོན་རྣོན་གྱིས་སྣུན་པ། དེང་གི་བརྩེ་སེམས་དབེན་པའི་གྲོགས་ངན་གྱི་ཕྱོགས་ལ། བསམ་གཞིན་སྐྱོ་བའི་སྣང་བ་ལྷང་ལྷང་དུ་ཤར་བྱུང༌། དགའ་ན་ཕ་མ་བས་ཀྱང་བརྩེ་མདོག་གི་རྣམ་འགྱུར། །མ་དགའ་གྱུར་ན་གཏན་གྱི་དག་པོ་ལས་ཐུ་བ། །དེང་གི་བརྩེ་བའི་ཕོངས་པའི་གྲོགས་ངན་གྱི་གཤིས་ལ། བསམ་བཞིན་སྐྱོ་སྣང་ཆར་པ་ཟིམ་ཟིམ་དུ་འབབ་བྱུང༌། རང་གི་འབྱོར་པ་སེར་སྣའི་ཐག་པ་ཡིས་བཅིངས་ཤིང༌། །གཞན་གྱི་དརྒྱུལ་ལ་འཕངས་མེད་སུ་བཙུགས་ཀྱིས་སྤྱོད་པ། །དེང་གི་འདོད་རྔམ་ཆེ་བའི་གྲོགས་ངན་དག་མཐོང་ཚེ། །བསམ་བཞིན་སྐྱོ་སྣང་ཆེ་བའི་གངས་དཀར་དེ་འབབ་བྱུང༌། ཉམ་ཆུང་ཚུལ་མཐུན་བྱེད་ལ་ཐམས་ཅད་ཀྱིས་བརྙས་ཤིང༌། །ཡོན་ཏན་འབདཔས་སྦྱང་ལ་བསམ་མེད་ཀྱི་གྲོགས་འགས། །ཕྲག་དོག་འགྲན་སེམས་དུག་གི་ཚེར་མ་ཡིས་འཐབ་པ། །ཀྱེ་མ་བསམ་མེདགྲོགས་ཀྱི་བྱེད་ཐབས་འདི་སྐྱོ་བ། །མཆན་རྟགས་འདིའི་ཚིག་རིས་རྣམས་མཁས་དབང་དགེ་ཆོས་ཀྱིའོ། གང་སྒྲའི་གསང་བའི་ལབ་གླེང༌། ཨ་མདོའི་གྲོགས་ཤིག་ལ་ཕུལ་བ། གང་ཉིད་ཐོག་མར་གང་གིས་ངོ་ཤེས་ཀྱིས་སྟོང་ཞིང༌། །གང་གི་གཉེན་ཉེ་གྲོགས་ཀྱི་འབྲེལ་བ་ནི་དེ་བས། །འོན་ཀྱང་མཐོང་བའི་མོད་ལ་གཟུགས་མེད་ཀྱི་སེམས་སུ། སྔོན་མེད་དགའ་བའི་སྣང་བ་ལྷང་ལྷང་དུ་འཆར་ཡོང༌། གང་གིས་གང་ལ་བཅོས་མིན་དགའ་བ་ཞིག་སྐྱེད་པ། །གང་གིས་གང་ལ་འདོད་པའི་འཁྲབ་གཞུང་ཕྱིར་མིན་ཡང༌། །གང་གིས་གང་ལ་གང་གི་ངེས་དོན་གྱི་གྲོགས་བཞིན། །གང་གི་སླད་མེད་སེམས་ཀྱི་བརྩེ་བ་ནི་སྦྱིན་ཡོད། གང་གིས་གང་ལ་གང་ཕྱིར་དངོས་ཤུགས་ཀྱི་འབྲེལ་བ། །གང་ལ་མེད་པས་ཉོམ་ཆུང་གྭ་རྐྱང་གི་འཁྱམ་པོས། །གང་ལ་བཤད་བྱ་གསང་བའི་སྙིང་གཏམ་གྱི་ཚིག་གསུམ། གང་ལ་བཤད་པའི་སྤོབས་པ་གང་ཉིད་ལ་མ་མཆིས། བརྩེ་གདུང་ནད་ལས་བསྐྲུན་པའི་སྙིང་གཏམ་གྱི་གསང་ཚིག། །ཚིག་གིལམ་ནས་གང་གི་རྣ་བ་རུ་འབུལ་འདོད། །འདོད་ཀྱང་ཤིན་ཏུ་ལྐོག་འགྱུར་གང་ཉིད་ཀྱི་སེམས་ཁམས། །འབྱུང་བཞི་མསྙོམས་རབ་ཏུ་འཁྲུགས་པ་ལ་དྭོགས་སོ། གང་གིས་མང་པོ་མང་པོ་གང་ཉིད་ལ་མི་འཆད། གང་ཉིད་སློབ་ལ་བརྩོན་པས་གང་ཉིད་ལ་བར་ཆད། །གང་གིས་གང་ལ་སླད་མེད་བརྩེ་སེམས་ཤིག་མཆིས་ན། །གང་ལ་མ་གསང་བརྗོད་ངེས་དོན་གྱི་གྲོགས་པོ། །ཞེས་པ་ནི་གུས་འབྲི་གུང་བྱང་གྲོལ་མི་འཇིགས་པས་སྤྱི་༠༢ཟླ༡༠ཚེས་༢༠ཉིན་ལ་ཕུལ། མི་རབས་གཅིག་ སྒོ་མང༌། སེར་ལག་འཇམ་དབྱངས་བསྟན་རྒྱས་ཀྱིས། ཕུག་རོན་ཚོ་ལོ་རྒྱུས་ཀྱི་ཉིན་སྲིབ་འགྲིམ་ས་ནས། །ཞེན་ཆགས་ཀྱིས་སྔོན་མཉི་ཚང་གཞི་སྲུད་དུས། །དྲང་བདེན་མིན་པའི་ཁྱེད་ཚོས། །ལོ་རྒྱུས་ལ་མུན་ནག་གི་ཡོལ་བ་བཀབ་སྟེ། ངེས་དོན་ལ་ལྕགས་སྒྲོག་གི་ཐམ་ཀ་ཕབ། སོས་དཀའ་བའི་རྨ་ཁ། །དྲན་གདུང་ལྕི་མོ་ཞིག་གི་འཚོགཞེས་སུ་བཞག་པས། ཕུག་རོན་ཚོས་གཤོག་པར་དུ། །གདུང་སེམས་ཀྱི་ཕམ་ཁ་བཙིར་ཏེ། །དོན་རྐྱེན་གྱི་གཏིང་རིམ་སློག་ །དུས་དེ་ནས། དུ་ཅུག་གི་སྒྲ་འདབས་སུ་བསམ་གཞིག་གི་ཁ་བ་བབས་ཏེ། བྲང་གཞུང་དུ་ཨུ་ཚུགས་ཀྱི་ལ་རྒྱ་གཟེང་དུས། འདི་ལྟར་མི་རབས་ཤིག་རྫོགས་འགོ་ཚུཌ། འོན་ཀྱང་ཁོང་གི་སྐུ་དྲིན་ལས། གRKཱའི་ཁུགས་སོག་ཞིག་ལ་གནས་ཚང་གཡར་ཏེ། ལ་རྒྱའི་གདུང་དབྱངས་མཁའམཐའ་ནས་གྱེར་བས། འཛམ་གླིང་གི་དྲང་བདེན་བ་ཚོ་བཏང་སྙོམས་ཀྱི་བསམ་གཞིག་ལས་བསླངས། ང་ཁྱོད་དང་མཇལ་ཡོང༌། ༡༽ ཟླ་དགུ་ངོ་བཅུ་འཁུར་བའི་བྱམས་ལྔན་གྱི་ཡུམ་ཆེན། །མཚུངས་མེད་དྲིན་གྱི་བསྐྱངས་པའི་བཞིན་བཟང་གི་ཨ་མ། །བུ་ང་སྙིང་ལྟར་གཅེས་བའི་བརྩེ་ལྡན་གྱི་མ་ཡུམ། །ཁྱོད་ཉིད་གང་དུ་ཕེབས་སམ་གས ལ་བར་ཞིག་གསུང་དང༌། ༢༽ མ་བཙས་ལུས་ལ་འཁུར་བས་ན་ཟུག་གི་སྡུག་བསྔལ། །སྐྱེས་ནས་གཉོམ་ལག་མ་རྒྱས་དྭོགས་པཡིས་ངལ་བ། །མི་གཙང་གཅིན་སྐྱག་ཕྱིས་པའི་གསོ་སྐྱོང་གི་སྡུགབསྔལ། །མི་འཛིན་སྙིང་ལྟར་གཅེས་པའི་ཨ་མ་ཁྱོད་གང་ཡོད། ༣༽ ལྟོགས་སྐོམ་སྡུག་བསྔལ་མི་དགོས་ཞིམ་མངར་རྣམས་སྦྱིན་མཛད། །དགུན་དུས་གྲང་བར་དྭོགས་ནས་འཇམ་གིས་རྣམས་སྦྱིན་མཛད། །ཐམས་ཅད་བདག་གི་དོན་དུ་ཕམ་མེདདུ་སྦྱིན་མཛད། །ཡུམ་ཆེན་གང་དུ་ཕེབས་སམ་དྲང་པོ་ཞིགགསུངས་དང༌། ༤༽ དྲོད་འཇམ་ཉལ་སའི་ནང་དུ་ཚད་མེད་དུ་ངུལ་དུས། །འཛུམ་དམུལ་ཕྱག་ཏུ་ལེན་ནས་བུ་ཆུང་གི་ལོ་ལོ། །སྲོག་ལྟར་གཅེས་པར་འཛིན་མཁན་དྲིན་ལྡན་གྱི་ཨ་མ། །ཁྱོད་ཉིད་སེམས་ལ་དྲན་བཞིན་མིག་ཆུ་འདི་བབས་བྱུང༌། ༥༽ བཅུ་དྲུག་ལང་ཚོ་རྗོགས་པའི་རང་མགོ་ཞིག་ཐོན་དུས། །འཛུམ་ལྡན་ཨ་མ་ཁྱོད་ཀྱི་བཀའ་དྲིན་རྣམས་བརྗེད་དེ། །གནའ་མེད་རྒྱ་གར་ཡུལ་དུ་ངེས་མེད་དུ་འཁྱམས་དུས། །གང་རེ་ཡུལ་ེན་མ་བཞུགས་སེམས་པ་དེ་སྐྱོ་སོང༌། ༦༽ ཉེས་ཆར་ཁ་པར་རྒྱུད་ནས་ཚིག་གསུམ་གྱི་འཕྲིན་ལ། །བྱམས་ལྡན་ཨ་མ་རྒན་མོ་ལྔ་པ་ཡི་ལམ་དུ། །སོང་ཞེས་ཉན་པར་མི་སྤྲོ་སྙིང་གཟེར་གྱི་གཏམ་འདི། །བདག་གི་ཐོས་ཀྱང་ལྷུང་རྒྱུ་མཆིས་མ་ལས་མི་འདུག ། ༧༽ ད་རིང་ཁྱོད་ཀྱི་རྣམ་ཤེས་སྐམ་པོ་དེ་འཚོལ་ཕྱིར། །མདང་དགོང་རྨི་ལམ་ཞིང་དུ་གང་ས་རུ་བསྐྱོད་ཀྱང༌། །གཟུགས་མེད་རྣམ་ཤེས་སྐམ་པོ་མཐོང་ལམ་དུ་བྲལ་བས། །གང་དུ་བསྐྱོད་ཀྱང་ཐམས་ཅད་སྟོང་རྐྱང་དུ་གྱུར་འདུག ། ༨༽ དལ་འབྱོར་མི་ཚེ་གང་པོ་ངལ་དུབ་ངང་རྫོགས་པའི། །དྲིན་ཆེན་ཨ་མ་རྒན་མོ་ལེན་གསུམ་དུའབོད་ནས། ཨ་རྩི་དངོས་གནས་ཁྱོད་ཉིད་ཕྱི་མ་རུ་གཤེགས་ཀྱང༌། བདག་ལ་ཚིག་གསུམ་ཁ་ཆེམས་མི་གནང་འདི་སྐྱོ་སོང༌། ༩༽ གང་ཁྱོད་འཇིག་རྟེན་འདི་ནས་བཞུད་པ་ནས་བཟུང་སྟེ། །ཐམས་ཅད་སྟོང་རྐྱང་ཆགས་འདུག་བྱམས་ལྡན་གྱི་མ་ཡུམ། །ཁྱོད་ཉིད་གང་དུ་ཕེབས་སམ་དྲིན་ཅན་གྱི་ཨ་མ། །བུ་ང་མི་སྡོད་ཁྱོད་དང་མཇལ་འཕྲད་ལ་སླེབས་ཡོང༌། ༡༠༽ གང་ཁྱོད་སྲིད་པ་འདི་རུ་མེད་པ་ནས་ཚུན་ཆད། །བུ་ང་གང་དུ་འགྲོ་ཡང་སྙིང་པོ་ཞིག་མི་འདུག། །ས་མཐར་ཁྱི་བཞིན་ཉུལབའི་བསམ་མེད་གྱི་བུ་ང༌། །ཨ་མའི་བཀའ་དྲིན་བསམ་བཞིན་དྲན་མེད་དུ་བརྒྱལ་སོང༌། ༣།༧། ༢༠༠༢ ཉིན་མེ་འཁོར་ནང་དུ་བྲིས། ཆོས་འཕེལ་ཚེ་རིང་ནས་བྲིས། ཀ་བཤད་དུང་མདའ། ཀ་བ་བུམ་པའི་རྩོད་པ་བོར་སོང༌། །ཁ་བ་རི་པའི་རིག་གཞུང་བརླག་སོང༌། །ག་ས་ག་ལ་འཁྱམས་ཉུལ་བྱས་སོང༌། །ང་ཡི་སེམས་ལ་རྨ་ཁ་བཟོས་སོང༌། ཅ་ལག་འབྱོར་པའི་རྗེས་སུ་རྒྱུགས་སོང༌། །ཆ་ལུགས་བོད་ཀྱི་ལས་དོན་བརྗེད་སོང༌། །ཇ་ཆང་འདོད་ཡོན་ཁོ་ན་རྔམས་སོང༌། །ཉ་པ་ཇི་བཞིན་སྡིག་པ་བསགས་སོང༌། ཏུ་ལའི་བླ་མའི་བཀའ་དང་འགལ་སོང༌། །ཐ་ན་སྐྱབས་འགྲོའི་བསླབ་བྱ་འགལ་སོང༌། ད་དུང་སྐྱབས་གནས་འདྲེ་ལ་བཅོལ་སོང༌། །ད་གཞོན་ང་དངསེམས་གཏིང་སྐྱོ་སོང༌། །པ་ལོ་མགོ་ནས་བཅད་ཁུལ་བྱས་སོང །ཕ་རོལ་དག་ལ་རང་མཚང་སྟོན་སོང༌། །བ་ལྟར་རྨོངས་པའི་ཚོགས་བད་བཅུག་སོང༌། །མ་རབས་སྤྱོད་ངན་ལས་རྣམས་བརྩམས་སོང༌། ཙ་རི་བསྐོར་བའི་དཀའ་སྤྱོད་དཀྲུག་སོང༌། །ཚ་གྲང་ཁྱད་གསོད་སློབ་གཉེར་དཀོག་སོང༌། །ཛ་ཡི་བསྟན་ལ་རྒྱབ་འགལ་བྱས་སོང༌། །ཝ་ལྟར་གང་སར་དཀྲུགས་ཤིང་སླང་སོང༌། ཞྭ་མོ་ནག་པོ་གཞན་ལ་བསྐོན་སོང༌། །ཟ་བཏུང་འབབ་ཞིག་དོན་དུ་རྒྱུགས་སོང༌། །འ་ཅག་བོད་ཀྱི་དང་སྟོན་སོང༌། །ཡ་ཡུག་སྒྲིགས་སྟེ་དམ་པ་བཀྲོངས་སོང༌། ད་བ་གངས་ཅན་ཙ་དོན་གཏོང་སོང༌། །ལ་མོ་རྒྱབ་ནས་ཕྱི་རྒྱལ་བསྐྱོད་སོང༌། །ཤ་ཁྲག་གཅིག་པའི་སྤུནཚོགས་དཀྲུགས་སོང༌། །ས་ལམ་རྟོགས་པའི་བགྲོད་ལམ་བཀག་སོང༌། ཧ་ཅང་བཤད་བཤད་ལྕེ་ཡང་འདར་སོང༌། །ཨ་ཕྲུག་ང་ཡང་ཨ་ཐང་ཆད་སོང༌། །ཧ་ཙང་འཆལ་གཏམ་ཚིག་མདའ་མང་སོང༌། མཁས་པའི་ཚོགས་ལ་བཟོད་གསོལ་ལོས་ཞུས། ཅི་ལ་ཕན། ཀ་ཁའི་སྦྱོར་ཀློག་ཤེས་ན་ཅི་ལ་ཕན། །ཁ་བ་རག་པའི་རིག་གཞུང་མ་འཛིན་ན། །ག་པར་འགྲོ་སྟོངས་ཤེས་ན་ཅི་ལ་ཕན། །ང་ཚོའི་ཡབ་མེས་སྲོལ་རྒྱུན་མ་འཛིན་ན། ཅ་ག་འབྱོར་པ་འཛོམས་ཀྱང་ཅི་ལ་ཕན། །ཆ་ལུགས་སྤྱོད་པ་མི་དང་མ་མཐུན་ན། །ཇ་ཆང་འདོད་ཡོན་འཛོམས་ཀྱང་ཅི་ལ་ཕན། །ཉ་བ་བཞིན་དུ་ཅི་དྲན་མེད་པ་ན། ཏུ་ལའི་འདབ་ལྟར་མཛེས་ཀྱང་ཅི་ལ་ཕན། །ཐ་ན་རྒྱལ་ཁའི་བཀའ་དགོངས་མ་སྒྲུབ་ན། །ད་ལྟ་ཟས་གོས་འཛོམས་ཀྱང་ཅི་ལ་ཕན། །ན་གཞོན་རང་ཡུལ་རང་དབང་མེད་པ་ན། པ་ཕས་ཕྱག་བྲིས་འབྱོར་ན་ཅི་ལ་ཕན། །ཕ་རོལ་དགྲ་ལ་རང་མཚང་རང་གིས་སྟོན། །བ་སོ་ནོར་རིགས་ཡོད་ཀྱང་ཅི་ལ་ཕན། །མ་མཐའ་ཐར་པའི་ལམ་ལ་མའཇུག་ན། ཙ་ཙིག་བྱ་བ་མང་ན་ཅི་ལ་ཕན། །ཚ་གྲང་ཁྱད་གསོད་རང་དོན་མ་སྒྲུབ་ན། །ཛ་ཡི་ལུང་རྟོགས་ཤེས་ཀྱང་ཅི་ལ་ཕན། ཝ་སྐྱེས་བཞིན་དུ་གང་སར་འཁྱམས་གྱུར་ན། ཞ་ཞོར་ཁ་འདོན་སྒྲུབ་ཀྱང་ཅི་ལ་ཕན། །ཟ་བཏུང་འབའ་ཞིག་བསམ་པའི་དོནགཉེར་ན། །བཀུར་འོས་ཆོས་པ་བྱེད་ཁུལ་ཅི་ལ་ཕན། །ཡ་རབས་སེམས་ལ་སྐུལ་མ་མ་ཐེབས་ན། ར་བ་གངས་རིའི་མཛེས་ལྗོངས་ཅི་ལ་ཕན། །ལ་ཞེན་ཆེན་པོས་བོད་དོན་མ་བསམ་ན། །ཤ་གཅིག་རིགསསུ་སྐྱེས་ཀྱང་ཅི་ལ་ཕན། ས་ཆེན་འདི་ལ་དོན་ཆེན་མ་སྒྲུབ་ན། ཧ་ཅང་བཤད་བཤད་མང་ན་ཅི་ལ་ཕན། ཨ་ཕྲུག་ང་ཡངཨ་ཐང་ཆད་ནས་སྡོད། འཆལ་གཏམ་འདི་ལ་སྙན་རྒྱུ་མེད་ན་ཡང༌། །སྤྲང་ཕྲུགང་ཡིས་ངག་ནས་དབང་མེད་ཐལ། མུ་ཏོ་བ་བསྟན་འཛིན་ནས་བྲིས། མི་ཚེ་སྐམ་པོ་རྫོགས་པས་སྐྱོ་གདུང༌། འཆི་མེད། ༄༅། ཀ་ཁ་སློབ་སའི་སློབ་གྲྭའི་ཁང་ནས་སྙན་སུམ་རིགས་གནས་མ་སྦྱངས་ལ། །ཁ་དོག་རྩོད་སའི་ཆོས་རྭའི་ནང་དུ་རིགས་ལམ་རྩ་བ་མ་ཚུགས་ཤིང༌། །ཚ་རླབས་འབར་བའི་ལྷོ་མཐའི་མཚམས་ན་ངེས་མེད་འཁྱམས་པའི་འཁྱམས་པོ་ང༌། །འདི་ཕྱི་གཉིས་མེད་དལ་འབྱོར་རྟེན་བཟང་ཕལ་ཆེར་རྫོགས་འདི་སྐྱོ་བ་ལགས། ག་སར་བསྐྱོད་པའི་ལག་འཁྱེར་ལྟ་བུ་རྒྱ་བོད་སྐད་ཡིག་མ་སྦྱངས་ལ། །ང་དང་ཁྱེད་ཀྱི་གྲུབ་མཐའ་འཛིན་པའི་རྣམ་བཞག་འགྲོ་སྟངས་མི་ཤེས་ཤིང༌། །མི་ཚེ་གང་པོ་ས་མཐར་ཉུལ་བའི་ཁྱི་སྤྱོད་འཛིནཔའི་སྤྲང་པོ་ང༌། །འདི་ཕྱི་གཉིས་ཀའི་དོན་ལ་དབེན་པའིདོན་མེད་མི་ཚེ་སྐམ་པོ་རྫོགས། ཅ་ཅོ་སྙན་པོ་ངག་ནས་ཐོན་པའི་གཟན་འགུག་སྤྲེལ་ལད་མི་ཤེས་ལ། །ཆ་ལུགས་བཟང་པོ་གཞན་དང་མཐུན་པའི་མགོ་སྒུར་ལྕེ་གནར་མི་ཤེས་ཤིང༌། མི་ཚེ་གང་པོ་སྐུ་དྲགས་མཐོན་པོས་རྡོག་པའི་འོག་ཏུ་གནན་པ་ལས། །སྤྱི་སྒེར་གཉིས་མེད་ས་མཐའ་བསྐོར་བའི་ལས་མེད་འཁྱམས་པའི་འཁྱམས་པོར་གྱུར། ཇ་ཆང་ཞིམ་པོས་མདུན་ནས་བསུ་བའི་ཐམས་བྱུས་སྣ་ཚོགས་མི་ཤེས་ལ། ། ཉ་གང་ཟླ་བའི་བཞིན་རས་དམར་པོས་འཇོ་སྒེགསྟངས་སྟབས་མི་ཤེས་ཤིང༌། །མི་ཚེ་གང་པོ་ས་མཐར་འཁྱམས་འི་ལས་མེད་གནས་ལ་ལྷུང་པ་ལས། །ཆོས་མེད་སྡིག་མེད་ཚེ་སྐམ་པོ་དོན་མེད་རྫོགས་འདི་སྐྱོ་བ་ལགས། ཏུ་ཐ་ག་ཏིུ འདི་ཕྱི་དོན་ལ་ཡང་ཡང་བསམ་བློ་མ་གཏོང་བར། །ཐར་པ་འདོད་པའི་ཚོགས་གཉིས་རབ་རྫོགས་སྒྲིབ་པ་སྦྱངས་པར་མི་བྱེད་ཅིང༌། །མི་ཚེ་སྐམ་པོ་ངང་གི་རྫོགས་པའི་ས་མཐར་འཁྱམས་པའི་ངང་ཚུལ་འདི། །བདག་གི་འཛིན་པས་ཡང་ཡང་བསམ་ཤིང་སེམས་པ་གཏིང་ནས་སྐྱོ་བ་ལགས། ད་ལྟ་ན་འང་རང་མགོ་ཐོན་པའི་ཤེས་བྱའི་གནས་ལ་མ་སློབ་ལ། །ན་ནིང་བཞིན་དུ་གྲོད་ཁོག་རྒྱག་ཙམ་གང་སར་ཁྱི་བཞིན་ཉུལ་བ་ན། །མི་ཚེ་གང་པོ་རིན་ཐང་དབེན་པའི་དོན་མེད་སྟོང་ཟད་འཁོར་བ་ལས། །བསམ་ལྡན་ཀུན་གྱི་སྙིང་རྗེ་སྐྱེ་བའི་གནས་ན་འདི་འདྲ་ལྷུང་འདི་སྐྱོ། པ་ཕའི་བཀའ་དགོངས་ལེན་གཅིག་ཡིན་ཡང་ཐ་ན་སྣ་གཅིག་མ་བསྒྲུབ་ལ། །ཕ་རོལ་དགྲ་ལ་རྒྱལ་ཁ་ཐོབ་པའི་རང་དགོས་ཤེས་ཡོན་མི་སློབ་ཤིང༌། །ལྟོ་གོས་གཏམ་གསུམ་གྲོདཁོག་རྒྱག་ཙམ་ས་ཕྱོགས་གང་སར་ཉུལ་བ་ལས། །རང་གཞན་གཉིས་ཀའི་དོན་གྱི་དབེན་པའི་མི་ཚེ་སྐམ་པོ་རྫོགས་འདི་ལས། བ་སོ་ཇི་བཞིན་རིན་ཐང་ལྡན་པའི་ཤེས་བྱའི་རིག་པ་མ་སློབ་ལ། །མ་ལྟར་བརྩེ་བ་ཀུན་ལ་བསྐྱངས་པའི་ཉམས་ལེན་ཚུལ་མཐུན་མི་ཤེས་ཤིང༌། །དམིགསཡུལ་ངེས་མེད་ཁེར་རྐྱང་མགོ་རིལ་ས་མཐར་ངེས་མེད་འཁྱམངས་པ་ལས། །འདི་ཕྱི་གཉིས་སྟོང་དལ་འབྱོར་མི་ལུས་དོན་མེད་ངངས་གིས་རྫོགས་པ་ལཌ། ཙ་ཀྲའི་གཞུང་ལ་གོ་རྟོགས་འཆར་བའི་གུས་རྟག་བརྩོན་པ་མ་བྱེད་ལ། །ཚ་གྲངས་ཁྱད་གསད་རང་ཡུལ་སྐྱོང་བའི་སྲིད་དོན་ལམ་སྣེ་མི་ཟིན་ཞིང༌། །ལེགས་ཉེས་དབྱེ་འབྱེད་སྤུ་ཙམ་མེ་ཤེས་ས་མཐར་ཉུལ་བའི་འབྲས་རྟགས་སུ། །ཆོས་སྲིད་གཉིས་སྟོང་མི་ཚེ་སྐམ་པོ་སྐད་ཅིག་ཉིད་དུ་རྫོགས་པ་ལགས། ཛ་དྲག་གནས་སྐབས་ལེགས་ཉེས་འབྱེད་པའིམ་འོང་བདེ་སྡུག་མི་བསམ་ལ། །ཝ་ན་མཐོ་སློབ་ཚུལ་བཞིན་འགྲིམས་པའི་ལག་འཁྱེར་མཐོན་པོ་མ་རགས་ཤིང༌། ཚ་རླབས་འབར་བའི་ལྷོ་མཐའི་མཚམས་ན་སྤྲང་པོའི་བརྟུལ་ཞུགས་འཛིན་པ་ལས། །ང་མེད་ཁྱོད་མེད་མི་ཚེ་གང་པོ་དོན་མེད་རྣམ་ཐར་སྐྱོང་འདི་ལགས། ཞྭ་སེར་བསྟན་པའི་རྒྱལ་མཚན་འཛིན་པའི་རྣམ་དག་ལྷ་ཆོས་མི་སྒྲུབ་ལ། །ཟ་ཧོར་རྒྱལ་པོའི་རིགས་དང་མཚུངས་པའི་དཔའ་མཛངས་ཤེས་རིགམི་བཀྲ་ཞིང༌། །འཇིག་རྟེན་ཆོས་བརྒྱད་གྲངས་སུ་ཚང་བའི་ཆོས་མེད་རྣམ་ཐར་སྐྱོང་བ་ལས། །མཐར་ཐུག་དོན་མེད་མི་ཚེ་སྐམ་པོ་ངང་གིས་རྫོགས་འདི་སྐྱོ་བ་ལགས། འ་འུར་སྒྲ་སྙན་མགོ་འཁོར་ཚུད་པའི་ཕྲ་ཕྲ་ཟིང་ཟིང་གིས་བསླུ་བར། །ཡ་རབས་སྤྱོད་པ་རིང་དུ་དོར་ཞིང་ཐ་ཤལ་སྤྱོད་པས་སྲབ་སྐྱོག་གཡོ། །ཡར་མེད་མར་མེད་རིན་ཐངདབེན་པའི་མི་ཚེ་གང་འཁྱོལ་བྱས་པ་ལས། །དལ་བརྒྱད་འབྱོར་བཅུ་ཐོབ་དཀའི་རྟེན་འདི་དོན་མེད་སྐམ་པེ་རྫོགས་པ་ལགས། ར་བ་གངས་ཅན་བསྟན་འགྲོའི་དོན་དུ་རང་སྲོག་ཕང་མེད་མ་འཕུལ་ལ། །ལ་མོ་རྒྱབ་ཀྱི་མེས་པོ་གོང་མིའི་ཐུགསརེ་ཇི་བཞིན་མི་བསྐང་ཞིང༌། །བདེ་སྡུག་བྲོ་བ་དབྱེ་འབྱེད་མེད་པའི་ཀླས་མེད་གང་སར་འཁྱམས་པོ་བདག། །མི་ཚེ་གང་པོ་ཕོངས་ལ་སྦྱོར་བའི་དོན་མེད་ས་མཐར་འཁྱམསའདི་ལགས། ཤ་གཅིག་སྤུན་ཟླ་མི་རིགས་ཞེན་ཁོག་སེམས་པའི་ཟུར་ན་མི་ཉར་ལ། །ས་རྒྱུས་མེད་པའི་ཡུལ་འདིར་སླེབས་པའི་དམིགས་ཡུལ་དགོས་པ་མི་ཤེས་ཤིང༌། །མི་རིགས་ལ་ཞེན་ཡེ་ན་མེད་པའི་དུས་ཚོད་གང་འཁྱོལ་བྱེད་པ་ལས། །ཀྱེམ་དལ་བའི་རྟེན་བཟང་འདི་འདྲ་དོན་མེད་སྐམ་པོ་རྫོགས་པ་ལགས། ཧ་ལས་ཧང་སངས་རང་གི་འཁྲབ་པའི་དོན་སྟོང་རྣམ་ཐར་འདི་ཀོ་ལ། །ཨ་རོགས་ཁྱོད་ལ་སྙན་པོ་མེད་ཀྱང་སྨྱུག་གུས་གར་སྟབས་དབང་མེད་བསྒྱུར། །ཡ་ཡ་གྲོགས་ཚོ་ནོར་བ་མཆིས་ན་མགོ་རིལ་བདག་གིས་བཟོད་གསོལ་ཞུ། །འབྲས་སྤུངས་ཞེས་བྱ་ཆོས་སྡེ་ཆེ་རུ་ཉམ་ཆུང་འཆི་མེད་རང་མཚང་ལགས། ཕྱི་ལོ་༢༠༠༢ཟླ་༤ཚེས་༡༤ཉིན་བྲིས། དབུལ་པོའི་ཆ་སྒོ། ནམ་མཁར་སྤྲིན་ནག་འཁྲིགས་ཤིང་ས་གཞིར་རྨུག་པས་གཡོགས་ལ་དབྱར་རྔག་སྐད་བསངས་ལྡིར་བཞིན་མཆིས་ཅི་འདྲའི་སྐྱིད་སྡུག་མི་མཉམ་པ་ཞིག་ནི་ལལ་དབུལ་ཞིང་ཕོངས་ལ་ལྟོ་གོས་ཉིན་རྒྱགས་ཙམ་ལ་ལ་ནི་འདོད་ཡིན་གྱི་གཡོག་ཏུ་གྱུར་པས་ཉིན་མཚན་གྱི་དུས་ལས་འདའབ་དང་། ལ་ལ་ནི་ཟང་ཟིང་གི་འཁོར་བ་འདིར་ངེས་པར་འབྱུང་བས་དབེན་བདེན་པའི་རི་ཁྲོད་འགྲིམས། འབུམ་སྡེ་གྲོང་གི་ཕ་ལྷ་རྒྱལ་དང་མ་གཡུ་མཚོ་རྒན་རྒོན་གཉིས་ལ་ཡུན་རིང་པོ་ནས་རེ་བས་བསྐྱངས་པས་སྙིང་ལྟར་གཅེས་པའི་བུ་ཞིག་བྱུང་། རང་རྒན་འཁོགས་གཉིས་ཀྱི་དགོས་མཁོ་སོགས་ཆུང་རྩག་ལ་མ་འཛིན་པར། རྫོངས་མི་རིགས་སློབ་གྲྭར་གཏོང་རྒྱུའི་ཐག་ཡོངས་སུ་བཅད་དེ། ཨ་མ་རྒན་མོས་རང་གི་ལུས་ལ་གོན་བཞིན་པའི་རྒྱན་ཆ་འགའ་ལས་མེད་པ་དེ་བཙོང་ནས་བུ་ཅང་མེད་ཀྱི་ཆེད་དུ་ཉེར་མཁོ་ཤ་མར་སོགས་ཅ་དངོས་རྣམས་གང་འཛོམས་གྲྭ་སྒྲིག་བྱས། རེད་ལགས། བུ་ཅང་མེད་ནི་ཕ་མར་གུས་བཀུར་ཆེ་ལ་གྲོགས་གཞན་དང་མཐུན་ལམ་ཟབ་པའི་ཡ་རབས་ཚུལ་མཐུན་ཞིག་ཡིན་པས། གྲོང་པ་ཁྱིམ་མཚེས་ཀུན་གྱིས་བསྔགས་བརྗོད་ཀྱི་རོལ་མོ་བཀྲོལ་སའི་བཟང་དགུ་འཛོམས་པའི་ཕྲུ་གུ་ཞིག་ཡིན་པ་ནི་སྨྲས་ག་ལ་དགོས། སྤྱིར་གཏང་ནི་བུ་ཅང་མེད་ཁོང་ཕ་མ་དང་བྲལ་བར་འདོད་པ་མེད་མོད་འོན་ཀྱང་དོན་ཆེན་བསྒྲུབ་པར་ངག་རིང་དགོས་ཞེས་པའི་ཁ་བར་འདོད་པ་མེད་པས་སློབ་གྲྭར་དགའ་ཚོར་གྱི་བསྐྱོད་དོ། དུས་ཀྱི་སྐར་མདའནི་ཅི་འདྲ་ཞིག་མགྱོགས་ལ་ལགས་ཡུད་ཙམ་ཞིག་ནས་བུ་ཅང་མེད་སློབ་གྲྭར་ལོ་གཅིག་འཁོར་ནས་ཡིག་ཞིང་བརྩོན་འགྲུས་ཀྱི་གྲོགས་བཟང་བསྟེན་པས་གྲུབ་འབྲས་ཀྱང་ཨང་དང་པོའི་བྱ་དགའ་ཐོབ་པར་ཀུན་གྱིས་དགའ་མགུའི་གནས་སུ་རྒྱུར། གནས་ཚུལ་དེ་རྣམས་རེ་རེ་ནས་ཕ་མ་རྒན་གཉིས་ཀྱིས་མཁྱེན་པས་ཕ་མ་གཉིས་ཀྱིས་ཀྱང་ད་ཤི་ནའང་འགྱོད་པ་མེད་ཅེས་བརྗོད་དེ་སྙིང་སྐར་གཅེས་འི་བུ་འདིའི་མི་ཚེ་ཡག་པོ་ཞིག་ཡོང་རྒྱུ་ཡིན་པར་ཡིད་ཆེས་བརྟན་པོ་སྙེད་དེ། ལས་སྟ་ཆུང་རྩག་རིགས་ཀྱང་འགུལ་དུ་མ་བཅུག་པར་ཅི་དགའ་ཟས་གོས་སོགས་སྟེར་ནས་ཟླ་བ་གཉིས་ཀྱི་གུང་སེངས་ལྟོད་པོར་སྡོད་དུ་བཅུག་གོ། དེ་ནས་བསྐྱར་དུ་སློབ་གྲྭ་ཚོགས་འགོ་ཚུགས་པས་བུ་ཚང་མེད་སློབ་གྲྭར་ཕྱིར་ནས་ཟླ་བ་གཅིག་ཙམ་སོང་བ་ན། རང་གི་ཨ་མ་རྒན་མོར་བཅོས་སུ་མེད་པའི་ནད་གཞི་དྲག་པོས་མནར་ཏེ། སྨན་དང་རིམ་འགྲོ་ཇི་ལྟར་བྱས་ཀྱང་དེ་ཐོམ་ཅད་བྱེ་མའི་ཆུ་སའིས་པ་བཞིན་ཕན་འབྲས་གང་ཡང་མེད་པར་གྱུར་ཏེ། དེ་ནས་རེ་ཞིག་རིང་པོ་མ་ལོན་པར་དྲིན་ཅན་ཨ་མ་རྒན་མོ་འཇིག་རྟེན་ཕྱི་མི་ཡུལ་དུ་གཤེགས་པའི་གཏམ་དེབུ་ཐོས་པ་ན་སེམས་ལ་བཟོད་ཐབས་བྲལ་བའི་གདུང་བ་དྲག་པོཞིག་སྐྱེས་ནས་ཕལ་ཆེར་ཆོུད་གཅིག་ཙམ་དྲན་མེད་དུ་བརྒྱལ། འོན་ཀྱང་བྱ་ཐབས་ག་ལ་ཡོད། སྐྱེ་རྒ་ན་འཆིིའི་སྡུག་བསྔལ་ནི་དབང་ཆེ་བ་ཚངས་པས་ཀྱང་འགོག་པར་མི་ནུས་པ་ཞིག་རེད་བསམ་ཏེ། སེམས་ཤུགས་ཆེས་ཆེར་འཕར་ཏེ་མུ་མཐུད་ནས་ཨ་མའི་རེ་བ་འགྲུབ་ཕྱིར་སློབ་གྲྭར་འགྲིམས། ནང་གི་ཨ་མ་རྒན་པོས་ཀྱང་བུ་ལ་སེམས་གསོ་དང་འབྲེལ་འཇིག་མི་ལ་སྐྱིད་གསུམ་སྡུག་གསུམ་ཡོང་རྒྱུ་ོད་པས་བུ་ཁྱོད་ཀྱང་སེམས་ཕྲལ་མ་མཛད་པར་མུ་མཐུད་དེ་སློབ་སྦྱོང་ལ་བརྩོན་དང་ཨ་ཕའི་བུ་ཡིན་ཞེས་ངག་འདར་སིག་སིག་ཐོག་བརྗོད། བུ་ཅང་མེད་ཀྱི་སེམས་སྐྱོ་ལྟང་ངེར་ཚེ་འདས་ཨ་མ་རྒན་མོའི་བཞིན་རས་དྲན་བཞིན་ཡིད་ལ་འཇོག་པའི་དམ་བཅའ་ནི་སེམས་ཅན་དགའ་ན་དགེ་བ་དང་ཕ་མ་དགའ་ཡང་དགེ་ཡིན་ཞེས་པའི་ངག་རྒྱུན་འདི་དོན་ལ་གནས་པའི་སློབ་སྦྱོང་ཧུར་བརྩོན་བྱས་པས་ཀུན་གྱི་མིག་དཔེ་འོས་པའི་སློབ་ཕྲུག་བཟང་པོ་དེ་སློབ་མཐར་ཕྱིན་ལ་ཉེ་བའི་སྐབས་དེར་གློ་བུར་དུ་ཉན་ན་རྣ་བར་མི་སྤྲོ་བའི་གཏམ་ཐོས་པ་ནི་ཁྱོད་ཀྱི་ཨ་ཕ་རྒན་པོ་གཟུགས་ཁམ་མི་བདེ་ན་མགྱོགས་མྱུར་ཐུག་སར་ཤོག་ཅེས་པའི་ཚིག་ཕྲེང་གཉིས་པོ་རྣམ་བར་ལྷུངས། དེ་ཕྲལ་བུ་ཙང་མེད་ཀྱི་སྙིང་ངོས་སུ་ལྕགས་མདའ་རྣོན་པོ་ཞིག་ཟུག་པ་བཞིན་མི་མངོན་པའི་ན་ཟུག་དྲག་པོ་ཞིག་དང་མིག་མཐར་མཆིའ་མས་ཁེངས་རེ་ཞིག་གྱང་སབས་སུ་བྲིས་པའི་རི་མོ་ཇི་བཞིན་གྱུར། དེ་ནས་རེ་ཞིག་གཉིས་ལས་སད་པ་བཞིན་སློབ་གྲྭར་ལུགས་མུན་གྱི་དགོས་ཞུ་ཞུས་ཏེ་རང་ཁྱིམ་དུ་ལོག་པ་དང༌། འོན་ཀྱང་ལྟབས་མ་ལེགས་པ་ཞིག་ལ་ནང་གི་ཁང་པའི་ཉེ་འཁྲིས་སུ་འབྱོར་བ་ན་སྔར་དང་མི་འདྲ་གཡས་གཡོན་དུ་ཟང་ཟིང་གི་མི་མང་འདུ་འཛོམས་བྱེད་པར་བལྟས་ན་རང་གི་ཨ་ཕ་རྒན་པོ་ལ་ཆག་སྒོ་ཆེན་པོ་ཞིག་ཡོང་ཡོད་པ་དཔོག། དེ་ནས་རིམ་བཞིན་ཁྱིམ་མཚེས་རྨོ་བོ་བཀྲ་བསམ་ལགས་ཀྱི་བུ་ཅང་མེད་ཡོང་བར་མཐོང་ནས། དེ་མར་བུ་ཁྱོད་སློབ་གྲྭ་ནས་ཐག་རིང་པོ་སོང་ཙང་དཀའ་ལསཁ་ཡོད་ཤག་རེད། ཨ་ལད་དང་པོའི་དེར་ཤོག་ཇ་ཕོར་གང་འཐུང་ནས་ལལ་གསོ་ཅུང་རྒྱབ་དང་དེ་ནས་ནང་ལ་ལོག་ཆོག་གི་རེད་ཅེས་ངག་འཇོམ་པོས་བཤད། འོན་ཀྱང་བུ་ཅང་མེད་ཀྱིས་རྨོ་ཝོ་བཀྲ་བསམ་ལགས་ཀྱི་གསུངས་པ་རྣམས་རྒྱབ་ཏུ་སྐྱུར་ནས་ནང་དུ་འཛུལ་པ་ན་རང་ལ་བཀའ་དྲིན་ཆེ་བའི་ཨ་ཕ་རྒན་པོ་ཕྱི་མའིལྔ་ལམ་དུ་གཤེགས་ཟིན་པ་མཐོང་འཕྲལ། དེ་མ་ཉིད་ནས་སྨྱོན་པ་པ་ལྟར་བུ་ངུ་བ་དང་དགའ་བ་དུས་མཉམ་དུ་བྱས་ཏེ། བཀའ་དྲན་ཆེ་བའི་ཨ་ཕ་ལགས། ཁྱིམ་ཀྱིས་ང་གཅིག་བུར་འདི་ན་བཞག་སྟེ་འགྲོ་བར་བཟོད་དམ། ཁྱོད་ཁྱོད་ང་ལ་སྙིང་མི་རྗེའམ། གསུང་དང་ཨ་ཕ་ལགས། ཨ་ཕ་ང་ཡང་རིང་པོ་མི་སྡོད་ཁྱོད་ཀྱི་རྗེས་སུ་ཡོང་ངེས། ཞེས་ཡང་ཡང་སྐད་ཤུགས་ཆེན་པོས་བོས་ཐོག་རེ་ཞིག་དྲན་མེད་དུ་བརྒྱལ། ནང་དུ་བཞུས་པའི་ཕ་མའང་མེད་པས་མིང་དོན་མཚུངས་པའི་ཅང་མེད་དྭ་ཕྲུག་ཅིག་ཏུ་གྱུར། དུས་དེ་ནས་བཟུང་ཁོས་དྲིན་ཅན་གྱི་ཕ་མ་གཉིས་པོ་དྲན་དྲན་པས་ས་མཐར་ཉུལ་བའི་སྤྲངས་ཕྲུག་གམ་སྨྱོན་པ་ཞིག་གྱུར། ནས་ཆགས་ས་མེད་ལ་བརྟན་སར་ཡང་ག་ན་ཡོད། གྲོགས་པོ་ཚོས་གཅིག་བྱས་ན་ཁོང་སྙིང་རྗེས་གཟིགས་གཅིག་བྱས་ན་ཁོ་ལ་སྨྱོན་པ་ཞེས་ཚིག་རྩུབ་ཀྱང་སྨྲ་ཡོད་ཤས་ཆེའོ། གང་ལྟར་ཡང་ཁོ་ལ་ གང་སར་ངེས་མེད་དུ་ཉུལ་བས་ངེས་གི་ཆར། ཨ་ལས་ཁོ་འཕགས་ཡུལ་དུ་འགྲོ་ཡོད་ཅེས་དང་ཁ་ཅིག་གིས་ཁོ་གཙང་ཆུ་ན་ལྕེབ་ཟིན་ཞེས་གླིང་རྙོག་མང་དག་ཅིག་འབུམ་སྡེ་བར་ཁྱབ་བཞིན་ཡོད་མོད། འོན་ཀྱང་དོན་དངོས་ཁོ་གང་དུ་ཡོད་མེད་སུས་ཀྱང་ད་དུང་བཤད་ཐུབ་ཀྱི་མེད། གལ་ཏེ་ཀློག་མཁན་གྱི་གྲོགས་པོ་རྣམས་ཀྱིས་ཤེས་ཚེ། མཚམས་འདི་ནས་ལོ་རྒྱུས་གསལ་པོ་ཞིག་དགོས་རྒྱའི་རེ་བ་ཡོད། ༣༨ ༡༠ ༠༠༡ འཆི་མེད་པས། ཀ་བཤད་སྙིང་གི་ན་ཚ། འབྲས་ཏྲེ་བློ་བཟང་ཐུབ་བསྟན། ཀ་ཅ་ང་ཡི་བསམ་ཚ་ུལ། །ཁ་ནས་ཚིག་གསམ་ཤོར་སོང༌། ག་ས་གང་དུ་བཞུགས་པའི། །ང་ཚོ་བoད་རིགས་གསོན་དང༌། ཅ་ཅོ་སྐད་འབོད་གནང་དང༌། །ཆ་ལུགས་དོན་གཉིས་འགྲུབ་ཡོང༌། །ཇ་ཆང་མགོ་བོ་མ་འཁོར། །ཉ་འཁྱུག་བཞིན་དུ་བརྩོན་དང༌། །ཏྭ་ལའི་བླ་མའི་ཅིག་སུང་། ཐ་དད་ཡུལ་མའི་བསྒྲབས། །ད་ལྟ་སྐུ་གེགས་ཞབས་རིམ། །ན་ནིང་ནང་བཞིན་ལོས་བསྒྲུབ། །པ་ཕའི་དགོངས་པ་མ་དཀྲུག། །ཕ་མའི་རེ་བ་མ་བརླག། །བ་རྒན་བཞིན་དུ་མ་ཉལ། །མ་རྒན་སྙིང་རླུང་མ་བཟོ། །ཙ་རི་གནས་ལ་སློབས་རུས། །ཚ་གྲང་ཁྱད་བསད་བྱེད་ནས། །ཛ་དྲག་ཆབ་སྲིད་ལས་ཀ། །ཝ་མོའི་གར་ལྟའ་འཁྲབ་དང༌། །ཞྭ་མོ་མགོ་ལ་གྱོན་ནས། ཞ་འཕྲུག་ལངས་བཞིནམ་བསྡད། །འ་ཅག་བོད་མི་རྩམ་ཟས། །ཡ་རབས་སྤྱོད་པས་སྐྱོངས་དང༌། །རྭ་བ་གངས་ཅན་ཞིང་དུ། །ཤ་ཟ་རྒྱ་མི་དམར་པོས། །ཧ་ལོ་སྙན་པོ་མེད་ཀྱང༌། །ཨ་རོ་སྙིང་གི་ན་ཚ། ༄༅། །སྙིང་རྩ་ལསབབས་པའི་ཁྲག་ཐིགས་སེར་ཏྲེ་བསོད་ནམས་རྡོ་རྗེ། ཚ་ཟེར་འོད་སྣང་ཕྱོགས་བཅུར་འཕྲོས་པའི་ཉིན་བྱེད་བུམོའི་བཞིན་རས་ལོག །གྲེ་འགྱུར་དབྱངས་ཀྱི་འགྱུར་ཁུག་ དཀྲོལ་མཁས་ལྷ་བྱའི་ཚོགས་ནི་ཚང་དུ་ཡུབ། མུནའི་རབ་རིབ་འཛུམ་གྱི་གང་བཞིན་རྒྱུ་དཀར་བདག་པོ་བསུ་བ་བྱོན། བདག་གི་གོམསཔའི་འདེགས་འཇོག་དེ་ནི་རྗ་མའི་སྐྱིལ་བུའི་ཕྱོགས་སུ་བསྒྱུར། རིན་ཆེན་ཤེལ་གྱི་དྲ་བ་དངརིང་ལྕགས་ཀྱིས་ཁུང་གཡོག་པའི་ནང༌། མ་ཤི་གསོན་པའི་རེ་ཅན་ཞིག་གི་བཀྲེས་སྐམ་མེ་ÇUེ་དམར་པོ་དེ། བསད་ཕྱིར་འབྲས་དང་རྡ་ལའི་རྫས་སྦྱོར་བྱུ་རུ་ཁུག་མའི་ནངདུ་རྫོང༌། གྲང་རེག་ཆུ་བོའི་འཇིགས་ལས་དགྲོལ་ཆེད་ཉལ་གོས་གྲུབ་བོའི་དཀྱིལ་དུ་ནུབ། རྒྱུ་དཀར་བདག་པོ་འཛམ་པའི་འོད་ཞགས་སྒེའུ་ཕག་ནས་དལ་གྱི་འཛུལ། མུན་པའི་དག་གི་དཔུང་ཚོགས་ཕམས་པས་ངོ་ཚའི་བཞིན་མདོག་དཀར་སྐྱ་གཡུར། གཉིད་ཀྱི་བུ་མོ་གྲགས་ལ་སྒྲོན་པའི་བདག་སེམས་བུ་ཆུང་། བསིལ་བྱེད་བུ་མོའི་འོད་ཕྲེང་ལྕགས་ཀྱུས་དབང་མེད་དྲན་གདུང་ཡིད་ལ་སྦྱིན། ཟླ་དགུ་ངོ་བཅུ་གཅེས་པའི་སྲོག་དང་མཉམ་དུ་ཉར་བའི་དྲིན་ཅན་མ། སྐྱེ་མ་ཐག་ནས་ཁོ་བོའི་བུ་ཞེས་སོར་བཅུའི་འདབ་རྩེར་བསྐྱོན་པའི་མ། ཞིམ་པའི་ཟས་དང་འཇམ་པའི་གོས་ཀྱིས་མེ་ཚེ་བྲག་འཕྲང་བསྒྲལ་བའི་མ། སྙན་པའི་གཏམ་གྱིས་བུ་ངའི་གཤིས་སྤྱོད་ཡོད་འཁྱོག་སྲང་བའི་དྲིན་ཅན་མ། དངུལ་དཀར་མེ་ལོང་ལན་བརྒྱ་ཕྱི་འདྲའི་ལང་ཚོའི་གཟི་བྱིན་ཉམས་གྱུར་ཀྱང༌། ཉམས་མེད་བརྩ་དུང་འོད་སྣང་འཕྲོས་པས་སྣང་བདག་འོད་ཕྲེང་བག་ལ་བཀུམ། རང་གི་བེད་སྐྱེད་སྦྲང་ཆང་མངར་མོ་གཅེས་འཛིན་དབང་པོའི་གཞུ་ལྟར་ཡལ། བུ་ཡི་མི་ཚེ་ཆུ་ཁའི་བྱེ་མ་གསེར་ལྷག་གཅེས་པའི་མ་ལུ་དྲན། ཞིམ་པའི་ཟས་དང་ཁ་གཉིས་ཕྲད་ཀྱང་བུ་ལ་ཕྲུ་གུར་བརྩེ་བའི་ལྕགས་ཀྱུ་ཡིས། དམ་དུ་བཟུང་སྟེ་དམར་པོའི་གཞུང་ལ་བོད་མིའི་ཁྲལ་འདེགས་ངང་ཚུལ་གྱིས། ཡོད་ཚད་བུ་ངའི་ཁ་སྒོར་བསྐྱལ་བའི་བྱམས་ན་མ་ལུ་མི་དྲན་ཅི། བུ་ངའི་ལང་ཚོའི་བུ་མོ་བག་མ་ལེན་པའི་ལོ་དེ་ནས། སློབ་གྲྭའི་ཁྱིམ་ཐབ་གསར་པའི་ནང་དུ་མེས་པོས་བཞག་པའི་ཕུ་ཡི་ནོར། གསེར་གྱི་སྦྲང་བུར་ཞེན་པ་དཀང་པོས་དུས་དྲུག་རྒྱ་མཚོའི་རྦ་རླབས་དཀྱིལ། བརྩོན་པའི་གྲུ་བོ་བྱམས་པའི་གཏམ་གྱིས་ཡང་ཡང་བསྐུལ་བའི་མ་ལུ་དྲན། སྨུ་ངག་དང་བཅས་མ་ལུའི་མིང་ནས་མཚན་དེ་སྐད་གསང་ཆེན་པའི་སྒྲོགས་ན་ཡང༌། སྙན་ལ་བྱམས་པའི་ཨ་ལན་རིངཔོ་དགུན་གྱི་ཁུ་བྱུག་སྔོན་མའི་ཟླ། དྲན་ཤིང་དུང་བའི་རླུང་གིས་གཡོ་བའི་མིག་ཆུའི་ཕྲེང་ཤག་དལ་གྱི་ཆད། སྨད་པའི་མགོ་བོ་ལག་ཞུང་འདེགས་པས་སྨྱུག་རྩེ་རྒྱུ་ཕྱོགས་འདེར་རུ་ལས། ༢༠༠ ༤ ༢༦ ཉིན། འཆར་སྣང་ཁ་བའི་མེ་ཏོག་ དཀར་མཛེས་སངས་རྒྱས། མིས་པོའི་ཕྱག་སོར་འཁྲུལ་ལས་བལྟམ་པའི་ཀུ་མུད་བརྩེགས་འདྲའི་ལྷུན་པོའི་སྤོར། སྡེར་ཆ་རྒྱལ་པོའི་རིང་སུ་གཏོགས་པ་གཡུ་ལོའི་རལ་པ་དང་ལྡན་ཞིང༌། སྤྲུལ་པའི་གར་སྟབས་ཅི་ཡང་བསྒྱུར་ལ་དཔོག་དཀའི་རྫུ་འཕྲུལ་མཐུ་ལྡན་པའི། ཚུལ་མཐོང་ཕལ་པའི་བློ་ལས་འགོང་པའི་བརྗིད་ཆགས་སེང་ཞིག་མཆིས་སོ་སྐད། ཆུ་འཛིན་ཕོན་པོའི་འཕུར་རྩལ་བསྡུས་བཞིན་ཐོག་མེད་ཤུགས་ཀྱིས་མཁའ་ལ་འཁྱེར། བ་ཁེངས་སྤྲིན་ཏུམ་ཉུག་པོའི་ཀློང་ནས་སྒྲ་བརྒྱའི་ངར་སྐད་རབ་ཏུ་སྒྲོག་ བསྲེགས་བྱེད་འབར་བའི་དཔལ་དང་སྡིབ་པའི་གནམ་ལྕགས་སྡིར་མོའི་ཀྱིལ་ཤུགས་ཀྱིས། སྡེར་ཆགས་སྟོང་གི་སྙིང་གྲོག་སྟོར་བའི་རྙུལ་ཕོད་ཅན་ཞིག་ཡིན་སྐད། བརྒྱ་ཕྲག་ཁྲོ་བོའི་གྲངས་བཞི་བཞིན་བཟང་ལྷས་ཀྱང་མི་སྙེད་པའི། རབ་དཀར་བཅུད་ལྡན་ཞིམ་མངར་འོ་རྒྱུན་རྒྱུན་དུ་ལུས་སེམས་གཡོ་མེད་པའི། དྲང་སྲོང་དག་ལ་ཕངས་མེད་ཕུལ་ཞིང་ཞིང་མཆོག་རྣམས་ལ་དད་དོ་སྐད། ཀུན་གསལ་སྒེག་མོའི་འགྲམ་པའི་ངོ་གླངས་སེང་ཟླ་བ་རྒོད་པ་ཉིད། ཀུན་རྟོག་བུང་བའི་གཡོ་འཕྲུལ་ལ་ཆགས་འདམ་སྐྱེས་རིང་ལ་གདུང་བའི་མུན། ཀ་ག་བདུད་རྩིའི་བཏུང་བར་གོམས་པའི་ཀུ་མུད་འདས་བརྒྱ་བཞད་པའི་གཉེན། བརྟན་གཡོའི་ཆོས་ཀྱི་གཤིས་ལུང་སྟོན་པའི་སློབ་དཔོན་ཞིག་ཀྱང་ཡིན་ནོ་སྐད། གཡའ་དག་ཤེས་གྱི་མེ་ལོང་རི་བཞིན་སྒྲ་སྤྲོས་དང་གཏན་བྲལ་བའི། ཚངས་དབྱངས་མཁྱེན་པའི་ཀུན་གསལ་ངོགས་ན་སྣང་བསྙན་འཕོས་བཞིན་གསལ་ལེར་ཤར། རྒད་པོའི་ལག་མཐིལ་བྱད་གཟུས་འཆར་བཞིན་རང་གི་བློ་ལས་འགོང་པའི་ཚེ། གཏན་མེད་ཡིན་ཞེས་ཐ་ཚིག་བསྒྲོགས་ཕྱིར་རྩོད་གཞི་ཞིག་ཀྱང་ཡིན་ནོ་སྐད། མངོན་རྗེས་ལམ་ནས་ཡོད་མེད་གཞལ་བའི་རིང་པའི་ཚངས་ཐིག་མི་ལྡན་ཡོད། གསེར་བུས་བསྐུལ་བའི་ཆུ་རིས་བཞིན་བརྒྱུན་གསལ་དུས་མེས་པོའི་ཞལ་རྒྱུན་ལས། གངས་སེང་དར་མོས་མར་གད་གཡུ་རལ་ཐོག་མར་ཁ་བའི་གསེང་ནས་སྙེད། ཐ་མའི་ཤ་ཁྲག་གངས་ལ་ཕུལ་བའི་ལ་རྒྱ་ཅན་ཞིག་ཡིན་ནོ་སྐད མཐུ་ལྡན་ཡིད་འཕྲོག་གངས་སེང་དཀར་མོ་འདྲེན་བྱེད་ཡལ་ལས་འདའ་མོད་ཀྱི། དབང་པོ་རྣམ་ལྔའི་བུ་གར་བྱེ་ཞིང་གངས་དཀར་མཇལ་བའི་ཉིན་དེ་ནས། གངས་སེང་དཀར་མོའི་གཏམ་རྒྱུད་སྙནམོ་ཐོས་འཛིས་རྭ་བའི་སྒོ་མོར་ལྷུང༌། དེ་ཡི་ཕྱིར་ན་གྭངས་སེང་ཁྱོད་བདག་ནི་ཅི་བས་དགའ་བ་ལགས། ༄༅། །རྒྱལ་སྲས་མཉེས་པའི་མཆོད་སྤྲིན་ཨུཏ྄པ་ལའི་ཕྲེང་བ་ཞེས་བྱ་བ། དཀོན་མཆོག་སྐྱབས། ན་མོ་གུ་རུ་ཡ། བསྟན་པ་རིས་མེད་ཀུན་གྱི་སྟོན་པ་ཁྱེད། །འཛིན་མའི་ཁྱོན་དུ་ཐུབ་བསྟན་སྤེལ་བ་ལ། །རྒྱ་གར་གྲུབ་ཆེན་རྒྱན་དྲུག་མཆོག་གཉིས་དང༌། །མཚོ་སྐྱེས་རྡོ་རྗེ་ཇི་བཞིན་དཔེ་ཟླ་བྲལ། ༡༽ ཆོས་དཔེ། ཞི་དུལ་བསླབ་ཁྲིམས་འོ་མའི་མཚོ་བཞིན་གཙང༌། །ཞི་ལྷག་ཏིང་འཛིན་རྡོ་རྗེ་ལྟ་བུར་བརྟན། །ཆོས་ཀུན་གཟིགས་པའི་མཁྱེན་རབ་མཁའ་ལྟར་ཡངས། །འཇིག་རྟེན་གསུམ་མགོན་ཡིད་བཞིན་ནོར་ལས་དཀོན། ༢༽ དངོས་དཔེ། དྲི་མེད་སྐུ་གཟུགས་ཡོངས་སྦྱངས་ལྷ་ཡི་རྔ་ཆེན་ལྟར། འདིར་ཆད་འདུག ༣༽ བཟློག་པའི་དཔེ། ཟབ་རྒྱས་ལེགས་བཤད་རྒྱུན་ལྟརསྩོལ་བ་བཞིན། །འཆི་མེད་ལམ་ནས་གྲུ་ཆར་རྟག་ཏུ་འབབ། །ཞི་བསིལ་དྲམ་ཆོས་རིན་ཆེན་རྗེས་འགྲོ་བའི། །ཟིམ་བུའི་ཟེགས་མ་རེས་ཀྱང་སྐོམ་པ་སལ། ༤༽ ཕན་ཚུན་གྱི་དཔེ། མི་མཇེད་ཞིང་དུ་ཤཀྱཱ་ཐུབ་ཆེན་བཞིན། །གངས་ཅན་ཞིང་ད་ུཔད་དཀར་འཆང་དབང་སྐུ། །ཁྱེད་ཀྱིས་མཐའ་བྲལ་དབུ་མའིལམ་སྟོན་བཞིན། །རྒྱལ་བས་ཐེག་གསུམ་ལམ་བཟང་གསལ་བར་བྱས། ༥༽ ངེས་པའི་དཔེ། ཆོས་ལྡན་ཞིང་གི་ལྷ་གཅིག་གྲུ་འཛིན་མགོན། །བསམ་ཡས་མཛད་འཕྲིན་ཕྱོགས་བཅུར་རྒྱས་པ་འདི། །སྟོན་གྱི་ཉ་གང་ཟླ་བ་ཁོ་ན་ཡི། །རྗེས་སུ་འགྲོ་ཡི་རིགས་མཐུན་གཞན་མ་མཆིས། ༦༽ ངེས་མེད་ཀྱི་དཔེ། དམིགས་མེད་བརྩེ་བའི་རང་གཟུགས་གང་ཉིད་ཀྱིས། །འགྲོ་ལ་རྟག་ཏུ་གཟིགས་པའི་ངང་ཚུལ་འདི། །རྒྱལ་རྣམས་རིགས་སུ་མཐུན་མོད་དེ་ལྟ་བུའི། །དངོས་གཞན་མཆིས་ན་དེ་རྗེས་རྐང་པ་འཇོག་ ༧༽ བསྡུས་པའི་དཔེ། གངས་རིའི་མགོན་ཁྱོད་མཁྱེན་པའི་སྤྱན་ཡངས་པ། །ཁོ་ནས་བཅོམལྡན་འདས་དང་མཚུངས་མིན་ཏེ། །མཚན་དཔེའི་གཟི་བྱིན་འབར་འི་སྐུ་གཟུགས་ལས། །ཚུལ་ཁྲིམས་གཙང་མའི་བསུང་དད་འཐུལའདིས་ཀྱང༌། ༨༽ ཕུལ་བྱུང་གི་དཔེ། འགྲོ་ལ་མ་ལྟར་བརྩེ་བའི་པད་དཀར་འཛིན། །འཛིམ་གླིང་སྐྱེ་འགྲོའི་གཙུག་གི་ནོར་བུ་མཆོག །ཟས་གཙང་སྲས་པོ་རྒྱལ་བུའི་རིགས་ཙམ་དུ། །གྱུར་བ་ཙམ་ལས་འབྱེད་པའི་ཆོས་གཞན་བྲལ། ༩༽ རབ་བཏགས་ཀྱི་དཔེ། སྤྱན་རས་གཟིགས་དབང་ཐུགས་བསྐྱེད་རབ་བརྟན་པར། །མི་གཤིག་རྡོ་རྗེ་ཕ་ལམ་སྙེམས་མི་འཚལ། །རིན་ཆེན་གསེར་གྱི་ལྷུན་པོ་གཡོ་མེད་པར། །རབ་ཏུ་སྲ་ཞིང་བརྟན་པའི་དཔལ་ཡོན་ལྡན། ༡༠༽ རྨད་བྱུང་གི་དཔེ། དཀར་གསལ་དྲི་མེད་ནམ་མཁའི་ནོར་བུ་ཡིས། །མ་རིག་བློ་མུན་མཐའ་དག་སེལ་ནུས་ན། །འཇིག་རྟེན་དབང་ཕྱུག་སྐུ་ཕྲེང་བཅུ་བཞི་པའི། །མཁྱེན་རབ་དཀྱིལ་འཁོར་ཉིད་དང་མཚན་ཉིད་མཐུན། ༡༡༽ རྨོངས་པའི་དཔེར། ལྷ་ཁྱོད་ཆོས་ཀྱི་སྐུ་ལས་མི་གཡོ་བར། །འགྲོ་འདུལ་སྤུལ་པའི་སྐ་ུརུ་བཞེངས་པ་ན། མཆོག་སྤུལ་རྣམ་འདྲེན་བཞི་པར་འཁྲུལ་གྱུར་ཏེ། །ཉི་མའི་གཉེན་གྱི་གསེར་ཞལ་འཇལ་དུ་བྲེལ། ༡༢༽ ཐེ་ཚོམ་གྱི་དཔེ། སྤྲིན་བྲལ་མཐིང་སྔོན་ལྷ་ཡི་རྫིང་རིང་ནས། །དབྱར་སྐྱེས་རྔ་གསང་སྒྲོག་པའི་དབྱངས་སྙན་ནམ། །ཡང་ན་འདྲེན་མཆོག་ཁྱེད་ཀྱི་ཚངས་དབྱངས་གསུང༌། །ཅི་ལས་བདག་གི་ཡིདནི་འཕྱང་མོ་ཉུག ༡༣༽ གཏན་ལ་འབེབས་པའི་དཔེ། སྙིང་རྗེའི་ལྷ་མཆོག་ཁྱེདཀྱི་རྗེས་བརྩེ་ཡིས། །དཔལ་ལྡན་དུས་འཁོར་དབང་ཆེན་སྩལ་བའི་ཕྱིར། །བདག་ཉིད་ཆེན་པོ་གཎ་དཱི་ཞབས་མིན་ཏེ། །དེ་ནི་འཚེ་མེད་ལམ་ནས་གཤེགས་པ་ཙམ། ༡༤༽ སྦྱར་བའི་དཔེ། སྒྲིབ་བྲལ་མཐའ་མེད་མཁྱེན་པའི་དཀྱིལ་འཁོར་རྒྱས། །སྐལ་ལྡན་སློབ་མར་ལེགས་བཤད་རྟག་འཇོ་བ། འདིར་ཆད་འདུས། །འཆི་མེད་ལམ་གྱི་རྗེས་སུ་རྐང་པ་འཇོག་ ༡༥༽ མཉམ་ཉིད་ཀྱི་དཔེ། ཞི་དུལ་མཛེས་པར་གཤེགས་པ་ཁྱོད་ཀྱི་སྐུ། །རབ་མཐོ་བརྗིད་ཆགས་གངས་ཀྱི་རི་བོ་བཞིན། །རབ་ཏུ་དཀར་ཞིང་མཛེས་པས་དགའ་བའི་དཔལ། །ཡོངས་སུ་སྟེར་བའི་ངང་ཚུལ་འདི་རྨད་དོ། ༡༦༽ སྨད་པའི་དཔེ། རྟ་བདུན་འོད་སྣང་ལྡན་ཡང་ནུབ་རིར་ཡིབ། །ཟླ་བས་མུན་པ་སེལ་ཡང་བྲི་གང་ཅན། །གང་གི་མཁྱེན་གཉིས་ཡེ་ཤེས་འོད་འབར་འདི། །དེ་དང་མཚུངས་ཀྱི། ང་ཁྱད་ཆོས་བླ་ན་མེད། ༡༧༽ བསྔགས་པའི་དཔེ། གྲུབ་རྟགས་ས་བཅུའི་རྟོགས་པ་མངོན་དུ་གྱུར། །རླུང་སེམས་དབང་ཐོབ་མར་པ་མི་ལ་བཞིན། །མཚན་ཉིད་ཀུན་ལྡན་རྡོ་རྗེ་འཛིན་པ་ཁྱེད། །སྒྲུབ་རྒྱུད་བསྟན་འཛིན་ཀུན་གྱི་དབུས་ནའང་མཛེས། ༡༨༽ བརྗོད་འདོད་ཀྱི་དཔེ། ཐར་འདོད་རྣམས་ཀྱི་དད་པའི་རྟེན་གྱུར་རམ། །རྒོལ་ངན་རྒྱ་ཡི་མི་མཐུན་དགྲར་གྱུར་རུང༌། །ཐུགས་རྗེ་གཏེར་ཆེན་ཁྱེད་དང་ཉི་མའི་གཉེན། །རྣམ་ཀུན་མཚུངས་པར་བསྙད་འདོད་ཟློག་མ་ནུས། ༡༩༽ འགལ་བའི་དཔེ། མཐིང་སྔོན་བཻཌཱུར྄་ཡ་དང་ཨུཏ྄པ་ལ། །འཕགས་མཆོག་མནར་མེད་གཟིགས་པའི་སྤྱན་སྟོང་དང༌། མཚུངས་མོད་ཕན་ཚུན་རྣམ་པ་སོ་སོ་བའི། །རང་གཤིས་རྣམ་པ་ཀུན་ཏུ་འགལབ་ལགས། ༢༠༽ དགག་པའི་དཔེ། བསལ་བའི་རིག་བྱས་དགའ་བདེའི་དཔལ་སྟེར་བའི། །རབ་དཀར་འཆི་མེད་བདུད་རྩིའི་འབྱུང་གནས་ལ། །ཁྱེད་གསུང་རིན་བྲལ་ལེགས་བཤད་ཟབ་མོ་རུ། །འགྲན་ནུས་སྤོབས་པ་ནམ་མཁའི་པདྨ་ཉིད། ༢༡༽ ངོ་བསྟོད་དཔེ། ཁྱེད་ཞལ་འོད་དཀར་ཅན་གྱི་མདངས་འཛིན་ཞིང༌། །མཚན་མོའི་མགོན་པོ་དཀར་གསལ་ཟླ་བ་ཉིད། །ཡིན་མོད་དཀར་མཛེས་དྲི་མ་མེད་པའི་མདོག་ །འདྲེན་བྱེད་ཡུལ་དུ་གྱུར་ལ་ཁྱད་ཅི་ཞིག་ ༢༢༽ དེ་ཉིད་བརྗོད་པའི་དཔེ། ཀློང་ཡངས་འདི་ནི་འདྲེན་མཆོག་ཁྱེད་ཀྱི་ཐུགས། །ཡིན་གྱི་གཏིང་མཐའ་བྲལ་བའི་རྒྱ་མཆོ་མིན། །རྦ་རླབས་གཡོ་བ་མ་ཡིན་མཁྱེན་གཉིས་ཀྱི། །ཡེ་ཤེས་ཡོངས་སུ་རྒྱས་པ་ཉིད་ལགས་སོ། ༢༣༽ ཐུན་མིན་གྱི་དཔེ། དཀར་མཛེས་པདྨ་མཛེས་པར་བཞད་པ་ལས། །ཁྱད་དུ་འཕགས་པ་འཚེ་མེད་ལམ་སྟོན་རྗེའི། །འཛུམ་ཞལ་དཀྱིལ་འཁོར་ཉིད་ཀྱི་དཔེར་གྱུར་པ། །སྲིད་འདིར་ཡོངས་དབེན་རང་ཉིད་རང་དང་མཚུས། ༢༤༽ འབྱུང་མིན་གྱི་དཔེ། སྲིད་ཞིའི་རིན་ཐང་བྲལ་བའི་ཆོས་ཇི་སྙེད། །གཅིག་ཏུ་གྱུར་པ་ཡིད་བཞིན་དབང་རྒྱལ་ལྟར། །ཁྱེད་ཀྱི་ཐུགས་བཅུད་འཕགས་པའི་ནོར་བདུན་གྱིས། །ཕོངས་པ་ཀུན་སེལ་དགོས་འདོད་རེ་བ་སྐོང༌། ༢༥༽ སྲིད་མིན་གྱི་དཔེ། དུས་གསུམ་རྒྱལ་བའི་བཀའ་ལ་འཁྲུལ་པའི་སྐྱོན། །སྨྲ་བའི་དབང་པོས་ཉེས་པར་བཤད་པ་ལྟར། །ཁྱེད་ཀྱི་རྗེས་བརྩེས་གདམས་བའི་ལེགས་བཤད་ལ། ཉེས་སྐྱོན་རྡུལ་ཕྲན་ཙམ་ཡང་ག་ལ་མཆིས། ༢༦༽ མང་བའི་དཔེ་གསེར་གྱི་ལྷུན་པོ་པདྨ་འདབ་བརྒྱད་དང༌། །དཔྱིད་དུས་སྐབས་གསུམ་གནས་ལྟར་རབ་མཛེས་པའི། །ཁྱེད་སྐུ་མཚན་དཔེའི་གཟི་འོད་འབར་བ་གང༌། །བགྲང་ཡས་འགྲོ་བའི་དད་གསུམ་འཕེལ་བའི་རྟེན། ༢༧༽ རྣམ་འགྱུར་གྱི་དཔེ། མཁའ་ཁྱབ་འགྲོ་ལ་རྟག་ཏུ་གཟིགས་པའི་སྤྱན། །དྲི་ལྡན་ཨུ་ཏ྄ལ་དཀྱིལ་ནས་ཕྱུང་བ་བཞིན། །ཁྱེད་ཀྱི་དཀར་མཛེས་ཞལ་རས་རྒྱས་པ་ཡང༌། །དྲི་མེད་ཟླ་བའི་དཔལ་ལས་དྲངས་པ་བཞིན། ༢༨༽ ཕྲེང་བའི་དཔེ། འཆི་མེད་ལམ་ནས་བདུད་རྩིའི་ཆར་རྒྱུན་ལྟར། །དེ་ལས་ཡན་ལག་བརྒྱད་ལྡན་ཆུ་བོ་འབབ། །དེ་བཞིན་རྒྱལ་དབང་ཐམས་ཅད་མཁྱེན་པ་ཡི། །འགྲོ་བློར་མཐུན་པའི་ལེགས་བཤད་དགའ་སྟོན་འབྱེད། ༢༩༽ ངག་དོན། བཞིན་སྒྲ་གཅིག་པ་ཅན། རྒྱལ་ཁྱོད་སྐུ་ལ་བསུང་ངད་འབུམ་རྫོགས་ཤིང༌། །ཆོས་མཐུན་ལྷ་ཡི་གས་བཟང་ལེགས་གསོལ་བ། །ཧ་རིའི་ཙན་དན་ལྗོན་པའི་དབང་པོ་ལ། །མཚམས་སྤྲིན་གསར་པས་འཁྱུད་བཞིན་བལྟ་ན་སྡུག བཞིན་སྒྲ་དུ་མ་ཅན། སྒྱུ་སྐར་རྒྱལ་པོ་བཞིན་དུ་མཛེས་པའི་སྐུ། །དཔྱིད་ཀྱི་ཕོ་ཉ་བཞིན་དུ་སྙན་འཇེབ་ས་གསུང༌། །སིན་Reུའི་བདག་པོ་ཇི་བཞིན་གཏིང་ཟབ་ཐུགས། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་བརྗོད་ལས་འདས། ༣༠༽ ཟླ་བོ་དངོས་པོའི་དཔེ། བསིལ་ལྡན་ལྗོངས་སུ་སྐྱེས་ཆེན་གྲངས་མང་ཡང༌། །ཁྱེད་ཀྱི་རླབས་ཆེན་མཛད་པར་འགྲན་བཟོད་གང༌། །འཕགས་འི་ཡུལ་གྱི་ས་སྐྱོང་རིམ་བྱོན་ལས། །ཆོས་རྒྱལ་མྱ་ངན་མེད་འདྲ་ཤིན་ཏུ་དཀོན། ༣༡༽ མཚུངས་སྦྱོར་གྱི་དཔེ། བློ་ལྡན་གཎ་དཱི་འཕགས་ཡུལ་སྐྱེ་འགྲོ་དང༌། །གང་ཉིད་ཁ་བ་རི་པ་ཀུན་གྱི་མགོན།།དེ་ཡིས་ཐུན་མོང་ཤེས་བྱ་རིག་པའི་གནས། ཁྱེད་ཀྱི་ཟབ་རྒྱས་ལེགས་བཤད་ཕྱོགས་བཅུར་སྤེལ། ༣༢༽ རྒྱུའི་དཔེ། འཆད་ལ་མཁས་པས་ཀླུ་སྒྲུབ་ཐོགས་མེད་དང༌། །རྩོདལ་མཁས་པས་ཕྱོས་གླང་ཆོས་ཀྱི་གྲགས། །རྩོམ་ལ་མཁས་པས་དཔལ་ལྡན་དཎ྄ཌི་ཡི། །མཚན་ཉཱིད་མཐུན་ལ་ཁྱེད་ཀྱི་ཞབས་བརྟན་ཤོག་ །ཅེས་དཔེ་རྒྱན་སོ་གཉིས་ཀྱི་དཔེར་བརྗོད་འདི་བཞིན་འབྲས་བློ་གླིང་དཔེ་ཐུབ་ཁང་ཚན་དུ་ཕྱི་ལོ་༢༠༠༢ ཟླ་༡ ཚེས་༡ནས་སྙན་ངག་ཟུར་སྦྱོང་བྱེད་སྐབས་དགེ་སློང་དཀོན་མཆོག་སྐྱབས་ཀྱིས་བྲིས་པའོ། ༄༅། བསྟོད་སྤྲིན་ངང་མོའི་གཤོག་རླབས། སེར་བྱེས་ཏྲེ་བྱམས་པ་བསོད་ནམས། རབ་དཀར་གངས་ཀྱི་རི་བོའི་ངོ་འཇལ་ལ། སྟོན་ཀའི་ཟླ་གཞོན་ཟེར་འཕྲོའི་མཛེས་སྡུག་ཀྱང༌། རྣམ་གནོན་དག་གི་དངོས་གྲུབ་ལྟེར་བའི་ལྷ།། འདིར་ཆད་འདུག་ཐོན་མིའི་སྒྲ་རིགས་མ་དྲོས་མཚོ་ཆེ་ལས། ལྷག་བསམ་གྱིས་དྲངས་ལེགས་བཤད་བདུད་རྩིའི་ཆར། བདག་སོགས་རྒྱས་འགྱུར་སེམས་ཀྱི་དབྱིག་འཛིན་དུ། བྲིམ་མཛད་སློས་དཔོན་བཀའ་དྲིན་ཡང་ཡང་དྲན། བློ་གསལ་མཁས་རྣམས་དགྱེས་པའི་མཆོད་སྤྲིན་དུ། །སྡེབ་ལེགས་མི་ཏིག་ཕྲེང་མཛེས་ག་ལ་ཞིག་ འོན་ཏང་རང་གི་འམྱོང་བས་བློ་གསལ་འགའ། རྩོམ་རིག་རྩེ་རི་འོ་མཚོར་འཇུག་འདུན་བསྐྱེད་ཕྱིར་སྤྲོ། ས་གསུམ་དཀྱིལ་འཁོར་གྲགས་པའི་རྫ་རྔ་ཡིས། མཁས་སྙན་སྒྲོག་པའི་རིན་ཆེན་འབྱུང་གནས་ཆེ། གདན་གསམ་གླིང་གི་དབྱར་ཟླའི་ལྗོངས་བཞོན། ན་མཁས་པའི་ཁྱུ་མཆོག་མིག་གི་ལང་ཚོ་བཞིན་ཤག་ཐུབ་བསྟན་པ་གངས་ཆུ་ཞུན་མའི་ཁམས། བློ་གཏེར་ལུགས་བཟུངཡུང་བ་ལས་དྲ་མཁས་ངས་ཏེ། སྐལ་བཟང་བློ་གསལ་བྱེ་བའི་སྐྱེད་ཚལ་ན། བྲིམས་མཛད་དགེ་བའི་བཤེས་རྣམས་ཕྱག་གིཡུལ། གང་སྐུ་ལྷུན་ཆགས་དཔག་བསམ་ལྗོན་ཤིང་གི །རྗེས་ཆགས་བརྩེ་བས་བདག་སོགས་འགྲོ་བ་ལ། ཐབས་མཁས་ཆོས་ཚུལ་གདམས་པའི་བཅུད་འཇོ་བར། བསམས་གྱིན་དད་པའི་ལག་སེར་སྙིང་གར་ཟུམ། སྐྱེས་སྦྱངས་མཁྱེན་རབ་གསེར་ཀྱི་སྦྲང་བུ་ཡིས། ཐུགས་རྒྱུད་ཕྱུག་པའི་བཤེས་གཉེན་ཀླུ་དབང་ཚོས། བདེ་གཤེག་གསུང་རབ་ལེགས་ལམ་གང་གའི་རྒྱུན། ཟབ་བརླིང་དགོངས་པའི་བཅུད་དུ་ལེགས་འཁྱིལ་བར། ཐོས་བརྩོན་ནོར་ལྡན་བློ་གསལ་གཞོན་ནུའི་ཁྱུར། དྲི་མེད་ལེག་བཤད་རིགས་པའི་སྐྱ་རེངས་ཀྱིས། དངོས་འཛིན་རྨོངས་མུན་སེལ་དང་ལྷན་ཅིག་པར། བཅུ་ཕྲག་རིག་པའི་རྒྱལ་ཞམས་སྣང་བར་བྱས། བྱམས་སྙིང་ཐིག་པ་མཆོག་གི་སྤྲིན་རུམ་ནས་བསམ་བཞིན་སྲིད་པར་བདུད་རྩིའི་ཆར་རྒྱུན་གྱིས་ཁམས་རླབས་ཆེན་མཛད་བཟང་ཡལ་འདབ་རབ་རྒྱས་པས། ཁྱི་གལི་ུལ་ན་འང་སྔོན་མེད་འབྲས་བཟང་སྨིན་ཐུགས་ཀྱི་བུམ་ཟང་ཐབས་ཤེས་བདུད་རྩི་ཡིས་ཡོངས་བལྟམས་པའི་བཤེས་གཉེན་རི་དབང་དཀྱུས་བློ་གསལ་མཁས་ནོར་རྒྱན་འཕྱང་མུ་འཁྱུད་ཀྱི་མཛེས་བར་བཅིངས་འདིས་འཛིན་རྒྱན་དུ་ལྷག་གངས་ཅན་ཁན་བདེའི་གདན་གསུམ་དགའ་བའི་ཚན་སྐལ་བཟང་གསུམ་ལྡན་བལོ་གསལ་ནུང་བའི་ཁྱུས་རྒྱ་ཆེར་མང་ཐོས་བརྩོན་འགྲུས་འཕུར་ལྡིང་གིས་ལེགས་བཤད་སྦྲང་རྩིའི་རོ་རོ་ཅི་ཡང་མྱོང་བློ་གསལ་བརྩོན་ལྡན་བྱེ་བ་དང་མོའི་ཁྱུས་འཛིན་མའི་རྒྱན་ཅིག་སྡེ་ཚེན་རེལ་བའིམཚོན་མང་དག་ལུང་དང་རིགས་པའི་རླབས་ཕྲེང་གིས་སློབ་བརྩོན་ཞི་བའི་བག་ཕེབས་ངོ་མཚར་འབུལ་གཤིག་བཟང་བློ་སྡན་དྲང་སྲོང་རྒན་པོའི་བློས་འདོད་ཡོན་མི་རྔམ་རང་སྐྱོན་ལ་བརྟགས་ཏེ་རང་དགོས་སློབ་གཉེར་གཅིགས་སུ་མཛད་གན་བའི་རིན་བྲལ་དགེ་འདུན་ོགས་ལ་སྙིང་ནས་དད། མེས་པོའི་བརྟསྤྲོ་རིན་ཆེན་དངཔོའི་ནོར་གཅེསཔར་མི་འཛིན་རང་རིགས་དུ་མའི་ཁྲོད་ལྔ་རིགས་ལེགས་བཤད་གསེར་གྱི་རི་བོའི་རྩེར་འཛེགས་འདོད་རེ་བའི་བློ་ལྡན་རྣམས་ལ་བསྔགས་སྔོན་བྱོན་དྲན་ལྡན་མཁས་པའི་ཐུས་མཚོ་ལས་བཁྲུར་བའི་ལེགས་བཤད་ར་བརྒྱའི་བདུད་རྩིའི་བཅུད་མདུན་སར་བཤམས་ཚེ་ལྟོགས་སྐོ་གདུང་ས་ཡིས་གཟིར་ཡང་མི་ཟ་སྨྱོན་པ་ཇི་ལྟར་མིན སྐབས་གསུམ་ལྷ་དབང་མདུན་པས་མ་བསྒྲུན་པའི་ལྔ་རིག་ུན་མདུད་བཀྲ་བའི་གདན་ས་འདིར་དཔོན་སློབ་མདངས་མཐས་མཛེས་པའི་ཟློས་གར་ཅན་བདེ་རྩལ་འཁྲུག་པའི་ཞུག་རྟའི་ཁྱུ་བཞིན་མཆིས་ནང་གི་ཐུགས་མཐུན་བསླབ་ཁྲིམས་གཙང་མའིག་ཕྱི་ནང་སྣོད་བཅུད་མ་ལུས་ཡང་ཟླའི་དཕྱིད་འབྱུང་འགྱུར་འཇིན་རྟེན་གསར་པའི་ཁངབ་རྒྱུ་ཐུབ་སྟན་གངས་རི་སྤེས་བའི་དཔལ་དུ་ཤར་གནམ་ཞུན་སྔོན་མོ་འཁྱིལ་འདྲའི་སྤང་གཤོང་ན། ཀུན་གསལ་འོད་ཆགས་གཞུལ་ཡས་ཙུ་ལག་ཁང་རབ་དཀར་གངས་སེར་དཔལ་ལ་ཅོ་འདྲི་བས་འཁོར་ཡུག་འཁྲི་ཤིང་གཡུ་རལ་སྟོལ་གྱིས་འཁྱུད་དགེ་ལྡན་བཤད་སྒྲུས་ཀླུ་དབང་རོལ་བའི་མཚོ་ས་གསུམ་འགོངས་པ་ཅན་གདན་ས་ཆེནཔོ་གསུམ་གྱི་བཀོད་པ་ནི་སུམ་རྩོན་གནས་ལས་འཕེས་དང་གཉིས་སུ་མེད་བརྗོད་འདོད་སྦྱོར་བའིརབ་དཀར་ཤམ་གུ་ལསོར་མོའི་ཡལ་འདབ་སྤྲིན་གྱིས་འཁྱུད་པ་ལས་བལྟོད་སྤྲིན་ངང་མོ་གཞུན་ནུའི་གཤོག་རླབས་འདི་བློ་གསལ་རིས་སྨྲའི་སྐྱེད་ཚལ་ཀློང་ན་འཕུར། ཞེས་ཕྱི་ལོ་༢༠༠༠ ༡༠ ༢༡ ཉིན་བྲིས། ༄༅། །སྙིང་གསོན་པོ་དུམ་བུ་སོང་བའི་སྒྲུང༌། སྤྱིར་ལོ་གཅིག་སྟོང་དགུ་བརྒྱ་དགུ་ཅུ་གོ་བརྒྱདལོ་སྤྱིར་ཟླ་བརྒྱད་པའི་ཚེས་གཅིག་ཉིན་ཉིན་དགུང་ཚ་དུལ་གདུངས་གསུམ་གྱིས་གདུངས་བས་ང་རང་གཉིད་ལ་ཡུང་སོང༌། རྨི་ལམ་གྱི་གྲོང་ཁྱེར་དེ་ནས་གངས་ཅན་ལྗོངས་སུ་སླེབས་པས་བཀའ་དྲིན་ཅན་གྱི་ཕ་མ་གཉིས་ཞལ་འཇལ་ཞིངའདས་པའི་མི་ལོ་བདུན་གཡི་རིང་གི་སྒྱིད་སྡུག་ཆུ་བོའི་གཉེར་མ་བཞིན་རིམ་གྱིས་བགྲངས་ཞིང༌། འབྲུ་ཡི་འོམ་མངར་པའི་བྲོ་མྱོང་སྐབས་སུ་ཡིད་འཕྲོག་ལགས་ཁྱོདརང་ཡང་ཡང་མཐོང་རྒྱུ་བྱུང་ན་དགའ་བ་ལ། གཞས་ཚིག་སྒྲ་གདངས་སྐྱོ་པོ་ཞིག་སྒྲ་འཛིན་ནང་ལྷང་ལྷངདུ་གྲག་པས་གཉིད་ལས་སད་སྐབས། རྨི་ལམ་དུ་དྲིན་ཅཅ་ཕ་མའི་ཞལ་རས་འཇལ་ཚུལ་ཡིད་ལ་འཆར། འདྲེན་བྱེད་གཉིས་ལས་ཆུ་ཐིག་སྤྲིན་གྱི་མེ་ཏོག་བཞིན་འཐོར་པའི་དུས་སུ། དཀར་ལ་གཞོན་ཤ་དོད་པའི་ལག་ཆུང་ཞག་གིས་ངའི་གདོང་ལ་ཞུམ་ཞུམ་བྱེད་ཚུལ་གསལ་བྱེད་དུ་འཆར་ནན་གྱིས་ལྟོས་པས་དེ་ནི་ཤ་ཁྲག་གཅིག་པའི་སྤུན་ཟལ་མ་ཡིན་ཡང་བརྩེ་སེམས་དུང་ལྟར་དཀར་བའི་སྤུན་སྲོགབདག་རེད་འདུག་ ཁོང་གི་ཞལ་རས་མཐོང་མ་ཐག་རང་གི་སྡུག་བསྔལ་དྲན་འཛིན་མ་ལོང་ནས་དགུན་གྱི་ཁུ་བྱུག་གི་སྒྲ་བཞིན་ཡལ་སོང༌། ཁོང་གི་ཞལ་ངོ་དུང་ལྟར་དཀར་ཞིང་མཛེས་སྡུག་ལྷ་བུ་ལ་འགྲེན་ཐུབ་པ་དེ་ཉིད་དེ་རིང་འཆི་ད་ཀྱིས་ཟིན་པའི་སྲོག་དབང་འགག་ལ་ཉེར་བའི་གདོང་བཞིན་ཐོང་མ་ཐག་སྤུན་ཆུང་གི་སྡུག་བསྔལ་ཝ་ལེ་སེམས་ལ་ཤར། སྤུན་སྲོག་བདག་གིས་བརྩེ་་བའི་ཕ་མ་བཞག་ཏེ་སྤྱིད་སྡུག་འཕྲང་ལམ་ཆུ་བོ་རབ་མེདསེམས་ཤུགས་ཀྱིས་བགྲད་དེ་མཐོ་སློབ་སློབ་དེ་ནས་ལོ་གཉིས་རྗེས་ཁོང་གི་སྲོག་ལྟར་བརྩེ་བའི་ཤེས་རབ་ལྷ་མོ་ཡང་སླེབས་ཤེས་བ་ལྷ་མོའི་སྐྱེ་གཟུགས་ང་ཚོ་ལྷ་མོ་དངོས་དང་མཚུས་ཚུལ་འདི་ལྟར་ལགས་གསལ་བྱེད་ཟུང་དེ་ཚེས་བཅུ་ཟླ་བ་འདྲ་དྲེ་འཛིན་ཅུ་རིང་མཛེས་འི་དབྱིབས་རུས་པའི་མེ་ཏོག་སོ་གཉིས་དུང་ལས་དཀར་མཆུ་སྒྲོས་དམར་ཚད་རན་ཞིང་མཚམས་སྐུ་ལུས་དྲང་པོ་རྒྱ་ལྕ་སྨྱུག་མ་དེ་བརྩེ་བའི་རླུང་གིས་ཡིད་འཕྲོག་འུ དུ་གཡོ། བམ་ཤེས་རབ་ལྷ་མོའི་ཁོང་ལ་ཚེ་གཅིག་གི་ཚེ་གྲོགས་ཡིད་ལ་འཁོར་ཚུལ་ཡི་གེ་འདྲེན་བྱེད་ཟུང་གི་མིག་བརྡ་དམར་ཆུང་མཆུ་སྒྲོས་དབུས་ནས་སྙིང་གཏམ་དབྱར་ཟླ་འབྲིང་གི་ཆུ་བོ་བཞིན་ཡང་ཡང་སྒྲོགས་འོན་ཀྱང་ལོ་ངོ་གསུམ་གྱི་བར་ལ་ཁོང་གཉིས་བརྩེ་སེམས་རྒྱམཚོ་ཁོག་ནས་ཕྱུར་ཀྱང་རྦ་རླབས་མཐའ་ལ་མ་སླེབས་ནས་ལུས་མཐའ་མ་ཁོང་གཉི་ཀའི་བརྩེ་གདུང་རྦ་རླབས་མཁའ་ལ་ཤོར་བས་སྤྲིན་གྱི་མེ་ཏོག་ཕྱོགས་བཅུ་བཐོར་རྐྱེན་ས་ལས་ལྗང་གུའི་འབྲས་བུ་སྨིན་པས་འབྲལ་མི་ཕོད་པའི་གཞོན་ནུ་ཟུང་ཞིག་དུ་གྱུར་ནས་ཟླ་བ་ལྔ་དྲུག་ཙམ་སོང༌། ལོ་ཟླ་དེ་འདྲའི་གོམ་སྟབས་འགཡོགས་པ་ལ་ཨང༌། ཉིན་ཞིག་ཁོང་གཉིས་ཀྱིས་མདང་དགོང་རྨི་ལམ་དང་ཞོགས་པ་ཁཱ་ཏ་ནག་པོ་སྐད་ངན་ལ་ལྟོསན་ཞེས་ཡིད་མ་རངས་པའི་སྐད་ཆ་བགོ་རྔ་མ་རྫོགས་གོང་འབོད་སྒྲ་ཐོས་ཤེས་རབ་ལྷ་མོ་སྒོ་འགྲམ་ལ་སླེབས་མཐག་རྒྱ་གར་བ་བྱ་མ་རྟ་ཞིག་གི་ཐོག་ཏུ་དབྱིན་ཡིག་འག་ཏུ་རྒྱ་ཡིག་རྒྱབ་དུ་བོད་ཡིག་དཔུ་ཆེ་ཡིག་འབྲ་ཆེ་ཡིག་འབྲ་ཆེ་བ་གཡག་འདྲ་ཆུང་བ་མིག་གིས་མི་སལ་བ་འགའ་བྲིས་འདུག་པའི་ཡིག་བསྐུར་དེ་ལག་དུ་སྤྲེད་བྱུང༌། ཤེས་རབ་ལྷ་མོའི་གདོང་པ་ནག་པོ་རྒྱུར་སོང༌། །དེ་ནི་ཕ་མ་དགེ་རྒན་གཉིས་པོ་དེའི་ལོ་ཚད་དྲན་ནས་རེད། སྲོག་བདག་གི་སེམས་ལ་ལྟར་འཆར། གང་ལགས་ཟེར་ན་ཤེས་རབ་ལྷ་མོའི་སྔོན་མ་ནས་སྡུག་བསྔལ་གཙོབོ་ཡང་ཕ་མ་དགེ་རྒ་གཉིས་ལོ་མཐོ་ལྟ་སྐྱོབས་བྱེད་མི་ཕྲུ་གུ་ང་གཅིག་པོ་ཡིན་ང་རང་ཡང་ས་མཐའ་འདིར་ལ་ལུས་ཞེས་དུས་ཚད་གང་རག་ལ་བཤད་ཡ་སྐད་ཆ་དེ་རང་རེད། ད་ཕར་ཆེན་ཁོ་ཡི་ཕ་མ་དགེ་རྒན་གཉིས་ལས་ཡ་གཅིག་སྲོག་བདག་དུདའགྲོ་བརྩེ་བ་མེད་པ་དེས་ཞགས་ནག་བཏབ་པ་རེད་བསམ་ཞིང༌། ཡིག་བསྐུར་ཁ་ཕྱེ་ནས་ཀློག་དུས་བརྩེ་བའི་སྙིང་གི་ེར་འབྲུ་ཞེས་པའི་ཡིག་འབྲུ་དྲུག་ལ་བྲོ་བ་མྱོང་ཙམ་གྱིས་སྲོག་བདག་རང་གི་ཕ་མ་དྲན་ནས་གསལ་བྱེད་ཟུང་དེ་ཆུ་མའི་བཀང་དེ་ཡིག་འབྲུ་རིམ་གྱིས་མི་གསལ་བ་གྱུར། ཚུལ་དེ་ཤེས་རབ་ལྷ་མོའི་བློ་ལ་སྣང་དང༌། དགན་ཟླ་འབྲིང་གི་ཆུ་ལ་བཀྱན་ལྟར་གྲང་བའི་སྡུག་བསྔལ་བཟོད་གླགས་མེད་པ་ཞིག་འཐད་དེ་ལུས་དང་རྣམ་ཤེས་རང་བཞིན་བྲལ་བས་དྲན་མེད་བརྒྱལ་ལོ། །དུས་ཀྱི་ཐུན་མཚམས་གཅག་ཟིན་རྗེས་དྲན་པ་སོས། དེ་དང་ཆགས་ཅིག་ཡི་གེ་འཇུག་བཡང་ལ་ལྟོས་པའི་ཕ་མ་གཉིས་ནས་ཞེས་པའི་ཚིག་དེ་འདྲེན་བཡེད་ཟུང་ལ་གློག་དམར་ཚབ་པ་བཞིན་ཡང་ཡང་འཆར་སྟོབས་ཅུངབློ་སེམས་ལྷོད་པའི་ངང་ཡི་གེ་ཀློག་མགོ་ཚུགས། སྐབས་དོན་ཞེས་ཀློག་ནས་ཅུང་ཙམ་སོང་ཚམས་ལོང་གཉིས་ཀའི་མི་སྨྲ་བའི་མཉམ་པ་བཞག་ཅིང༌། འདྲེན་བྱེད་འཐར་འཁོར་དུ་ཆུ་བོར་རྡོལ། གཉིས་ཀའི་བྲལ་མི་ཕོད་པའི་བརྩེ་འདུད་དམ་ཚག་ཇེ་ཟབ་དུ་སོང་བའི་རྣམ་འགྱུར་མངོན་སུམ་བྱུང༌། ཤེས་རབ་ལྷ་མོ་ནས་སྲོག་བདིག་འགྲིན་པ་ནས་འཁྱུད་ཏེ་བྲལ་མི་ཕོད་པའི་རྒྱུ་མཚནབཤད་ཅིང་དྲག་ཆར་ལྟར་མིག་ཆུ་བབས། གང་ལགས་ཞེ་ན་སྐབསདོན་ང་རང་ཕ་མ་གཉིས་ལོ་ན་མཐོ་བར་མ་ཚད་གཉིས་ཀ་ནད་གཞི་རྐྱེན་གྱིས་ཉལ་སར་སུལ་ཡོད། མ་རྒན་ཉལ་ས་ལུས་ནས་ཟླ་བ་གཅིག་ཙམ་སོང༌། སྔོན་མར་བུ་ཆོ་ཁྱོད་ཀྱིས་སློབ་སྦྱོང་བསམ་ནས་ཡི་གེ་བཏང་མ་ཐུབ་ནས་ལུས་དེང་ཆ་ཕ་རྒན་ཡང་ཉི་མ་བཅུ་ཙམ་ཡིན་ཉལ་ས་ལུས་ནས་ཡོད། ད་ལྟར་ཁྱིམ་ཚེས་སོང་བུ་བསྐལ་དགབ་ནས་གཡོག་བྱེ་ཀྱི་ཡོད། འཛམ་གླིང་ཞི་པོའི་དོད་དཔོན་ོངས་ས་སྐྱབས་མགོན་རིན་པོ་ཆེན་དང་དགེ་རྒན་དམ་པ་རྣམས་ཀྱིས་བཀའ་དགོངས་བྱུང་ན་ད་ལྟར་རང་དུ་ཕ་ཡུལ་སླེབས་ཐུབ་ན་མ་གཏོགས་ཕ་མའི་གསོནཞལ་འཇལ་བཀའ་བ་འདུག་ ཞེས་པའི་ཡི་གེ་འདི་ལ་བརྟེན་ནས་ཡན་པ་རེད། སྐབས་དེ་སྲོག་བདག་ནས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་བློ་རྩེ་ཉི་ཤུར་རྩ་ལྔ་བཀོད་མཐའ། རང་གི་ཕ་མར་གཡོག་བྱེད་མཁན་ཕྲུ་གུ་དེ་ཙམ་ཡོད་ཀྱང་ང་རང་གི་ཕ་མའི་བདེ་སྡག་དྲན་མཚམས་སུ་སྙིང་མར་པོའི་གཏིང་ནས་ཚ་ཤ་ཡང་ཡང་ཤོར་གྱི་ཡོད། ང་རང་ཕ་མ་དང་བྲལ་བའི་སྡུག་བསྔལ་ལས་འདབས་འགྱུར་ལྷ་མོ་ཆེ་བརངེས་བསམ་ཞེས་སྲོག་བདག་གིས་སེམས་གསོ་དང་འབྲེལ་ནས་འདི་ལྟ་བཤད། ཡིད་འཕྲོག་མཆོག་ཉིད་ཀྱི་ངའི་ངོ་ལ་བལྟནས་མ་སྡོད་དྲིན་ཅན་ཕ་མའི་ཕྱོགས་ལ་ཕེབས་རོགས། ཁྱོད་རང་སྡོད་ན་ང་གཉིས་བོད་མི་ཡོངས་ཀྱི་འཕྱ་སླད་འགྱུར་ངེས་མ་ཚད་དྲིན་ཕ་མའི་བདེ་སྡུག་ལ་བསྟ་དགོས་པ་འདི་ང་ཚོ་བོད་མི་རྣམས་ཀྱི་སྲོལ་བཟང་ཞིག་ཡིན་ལ་ལས་རྒྱུ་འབྲས་ལ་ཡང་འཐད་གྱུར་རེད། ོངས་ས་མཆོག་དང་སྔོན་གྱི་ཆོས་རྒྱལ་རྣམས་ཀྱི་དགོངས་པ་ཡིན་ལ་ད་ལྟར་བཞུགས་པའི་དགེ་རྒན་དམ་པ་རྣམས་ཀྱི་དགསང་པ་དང་མཐུན་ལ། བོད་ཕྲུག་རྣམས་ཀྱིས་གཟི་བརྗེད་ཡན་ལ་ལ་རྒྱ་ཡང་ཡིན་ད་ནི་ཐུགས་བསམ་གཞན་མ་བཞེས་ཐོན་གྲྭ་སྒྲིགས་རོགས་ཅེས་ཆུས་ལབ་བརྒྱབ་པ་དང་མགོ་བོལོག་ཡག་གཉེར་མ་ལྟར་གུག་ཅིང་ཡིད་མུག་པའི་རང་བཞིན་གྱི་སྙིང་ལ་གུ་འབྲུག་སྟོང་གི་གད་རྒྱོངས་སྒྲོགས་པའི་ལུས་སེམས་བདེ་བས་ཚ་ཟེར་འཇོམས་ཏེ་སྡུག་བསླ་གྱིས་གྲང་རླུང་གིས་ཆར་སྤྲིན་འཁྲིགས་ཀྱང་སྐྱེ་པ་ཕོ་ཡི་མགོ་རྣ་བསམ་ནས་ཕྲ་ཆུང་ིག་ནས་ཆུ་མ་ཕྱིར་མ་དོན་ནས་སྡོད་ཤེས་རབ་ལྷ་མོའི་དྲིན་ཅན་ཕ་མ་གསོན་འཇལ་ཨེ་ཡང་བསམ་བློ་དང༌། མ་ཚད་སྙིང་ལས་གཅིས་པའི་ཚེ་གྲོགས་དང་གསོན་བྲལ་གྱེད་དགོས་པའི་སྡུག་བསྔལ་གྱིས་དུས་དྲུག་ཏ་སྨོན་ངག་ཤོར་བའི་འགྲིན་པ་འགག་ སྐད་གདངས་བར་དོའི་འཇིགས་སྐྲགས་གི་སྐྱབས་གནས་འོ་འདོད་བྱེད་པའི་གདངས་ལྟར་གྱུར། འབ྄ུང་གཞི་མཉམ་པའི་གཟུགས་ཕུང་དེས་ཤ་མདོག་སྐྱ་སེང་དུ་གནས། དེ་ནས་བཟུང་ཤེས་རབ་ལྷ་མོ་རང་ཡུལ་འགྲོ་རྒྱུ་ངེས་སོ། སྲག་བདག་ཁོང་གཉིས་འགྲོ་ཁར་འཁྱམ་འཁྱམ་འགྲོ་ཚུལ་སོགས་མ་བྲིས། ཤེས་རབ་ལྷ་མོ་འགྲོ་ཁར་གློང་འཁོར་མདུན་དུ་མག་ཆུ་ཕྲེང་རྡོག་འགའ་ཤས་བགྲང་ཏེ་དྲན་རྟེན་འདྲ་པར་དང་དུས་བརྡ་སྟོན་པའི་འཁོར་ལོ་བཅས་སྲོག་བདག་ལག་ཏུ་སྤྲོད་དེ། སྙིང་སྡུག་ལགས་ང་ནི་གསོན་ན་ཁྱོད་ཀྱི་གཡོག་མོ་འཆི་ན་ཁྱོད་ལ་འཁོར་བའི་འདྲེ་ཞིག་བསམ་ཀྱང༌། གནས་སྐབས་ལས་ལས་མ་བསྐོས་ཐལ། འོན་ཀྱང་ཁྱོད་ཀྱི་གསུང༌། ལྟར་བོད་ཀྱི་སྲོལ་བཟང་དང༌། དྲིན་ཅན་ཕ་མའི་དྲིན་ལན་ཆེད་འགྲོ་ན་མ་གཏོགས། དྲིན་ཅན་ཕ་མར་བྱས་བོད་ཆེད་དུ་ཇ་ཕོར་བ་གང་དང༌། གོས་ལག་པ་ཙམ་ཡང་ཆུ་ལ་བཀྲུམ་མྱོང༌། དེ་འདྲ་བྱེད་ན་ཚེ་འདིའི་བདེ་སྤྱིད་དང་ཕྱི་མའི་ལས་འབྲས་ལ་གནོད་ངེས་སྙིང་སྡུག་ཁྱོད་ཀྱས་སྔོན་རང་གཉིས་འབྲེལ་བའི་ཆེད་དུས་དུ་མི་ཚོགས་འཕྱ་སྨད་དང་ཚིག་མཚོན་སོགས་སྡུག་བསྔལ་སྣ་དགུ་ལ་བཟོད་སྒོམ་བྱེད་ཆུང༌། བར་དུ་རང་གཉིས་བརྩེ་སེམས་དམ་ཚག་མཐུན་ཕྱིར་སོ་སོའི་ཡིད་འཕྲོག་ཀུན་དང་འབྲེལ་བ་དོར། ཐ་མར་འཆི་གསོན་མཉམ་མ་དུ་བྱེད་ཐུབ་པའི་གཞོན་ནུ་ཟུག་ཞིག་དུ་གྱུར། མདོར་ན་དྲན་རྟེན་འདི་ཉལ་ཏེ་སྔོན་དང་ད་ལྟར་མ་འོངས་སོགས་ཀྱི་ཕུགས་བསམ་ལ་རྒྱ་གཞི་བཟུང་རོགས། ང་རང་ཁགངས་ཅན་ཕྱོགས་ལ་ཕྱོགས་ཀྱང་སེམས་བསམ་པ་ཁྱོད་ཀྱི་ང་དུ་ཡོད་པའི་ལམ་བར་བཀྲ་མི་ཤེས་པའི་བྱ་བ་མ་བྱུང་ཞེས་ཚིག་ལྡབ་ལྡུབ་ལབ་ཏེ་མིག་ཆུ་དབང་མེད་བགྲང་ཏེ་གློང་འཁོར་ནང་དུ་འཛུམ་ཚམས་དམ་ཚིག་སྲུང་རོགས་ཨ་དམ་ཚག་དམ་ཚིག་ཞེས་པའི་ཚིག་འབྲུ་གཉིས་ལབ་མཚམས་ཁ་གདང་མིག་བགྲད་དེ་རང་བཞིན་གྱིས་བེམ་གཟུགས་ཞིག་གྱུར་མཚམས་གློང་འཁོར་འུར་སྒྲ་བཅས་ཤུགས་ཀྱིས་བཤེགས་སོ། སྲོ བདག་ནས་དར་དཀར་ཤེས་རབ་ལྷ་མོའི་དབུ་ལ་བསྒྲོན་མ་ཐུབ་པ་ལགས་ཏུ་བཟུང་ནས་གཡུག་གཡུག་བྱེད་བཞིན། ང་མ་བརྗོད་རོགས་གྱིས། ངའི་སྲུང་ཐུབ་ཞེས་པའི་ཚིག་གཉིས་བགྲང་ཞིང་སྙིང་དམར་པོའི་དྲན་པའི་སྐོར་ལོག་ཅིག་ཐེབས་ནས་ལུས། དེ་ནས་བཟུང་སྲོག་བདག་སེམས་གཏད་ས་དང༌། སྙིང་གཏམ་བཤད་ས་མདོར་ན་མིག་གིས་གཟུགས་མཐོང་བའི་བདེ་བ་ནས། ལུས་ལ་རེག་ཀྱ་འཇམ་པའི་བདེ་པ་སོགས་ཐམས་ཅད་དབེན་ཞིང༌། རང་བཞིན་གྱི་སྐྱེ་བུ་སྡུག་བསྔལ་ཅན་ཞིག་གྱུར། འོན་ཀྱང་ད་མཚམས་སྤུན་སྲོག་བདག་གི་ལྷའི་བུ་མོ་བའི་གཟུགས་མཛེས་མ་ཞིག་དང་འབྲེལ་བ་བྱེད་ཀྱིས་དུག་སྤུན་སྲོག་བདག་ལ་ངའི་སྡུག་བསྔལ་བཞིན་ཕྲད་ང་དྲན་ཀྱི་འདུག་ངའི་སྡུག་བསྔལ་ཨེ་ངའི་སྡུག་བསྔལ་བཤད་ན་ཁྱོད་ཆོས་ང་ལ་འཕྱ་སྨད་བྱེད་ངེས། ཡ་ད་བཤདན་ང་ལ་གཟུགས་མཛེས་ལྟན་སྡུག་པའི་ཡིད་འཕྲོག་འགྱུརམེད་སྒྲོན་མ་ཟེ་བ་ཞིག་ཡོད། ཁོ་བྱ་བྱེད་ལས་རྣམས་ལ་ཀུན་གྱིས་ཡིད་སྨོན་ཤོར་གི་ཡོད། འོན་ཀྱང་ཁོ་ལྷ་ས་ར་གནས་བསྐོར་འགྲོ་ནས་ལོ་གཉིས་སོང་ཡང་སླེབས་མ་བྱུང༌། རང་གཉིས་བརྩ་བའི་ལོ་འདབ་རྒྱས་ཞིང་བདེ་སྤྱིད་བྱིས་པའི་ཚོ་བ་ལ་རོལ་སྐབས། མཆོགགི་བེཌཱུར་དབྱིང་ལྟ་དཀར་ལ་འཇལ་པོའི་ལག་ཆུང་དེའི་མཐོ ལ་མ་མཐོང་ངམ་ཡིག་ལྐོག་སྤྲོད་པའི་ནང་གི་འདྲ་པར་དེ་སྔོན་ཐོང་ཙམ་ཉིད་ནས་འདོད་པའི་བདག་པོ་དབང་ཕྱུག་མོང་ན་བདེ་འབྱུང་ཞེས་བཤད་པ་བཞིན་འབྱུང་གི་དེ་ཆར་འདྲ་པར་མཐོང་ཚེ་སྡུག་བསྔལ་བཟོད་པ་བཀའ་པ་ཞིག་འབྱུངགི་འདུག་སྤུན་མཆོད་ནས་བཤད་པ་བཞིན་སྙིང་གསོན་པོ་དུམབུ་སོང་ནས་ལོ་གིས་བསྒུགས་ཀྱང་སླེབས་མ་བྱུང༌། ད་ནི་ཚེ་རོགས་གཞན་ཞིག་བཙལ་བའི་དུས་ལ་བབས་སྙམ་ཏེ་བསོད་མས་དབྱངས་ཅན་དང་འབྲེལ་བ་བྱེད་ནས་ཟླ་བ་གཅིག་སོང་མཚམས་འགྱུར་མེད་སྒྲོན་མ་ཕ་ཡུལ་ནས་ཕྱིར་ལོག་བྱུངསདཀོན་མཆོག་མཁྱེན་ད་གང་ལ་བསམ་ཀྱང་འཆི་ན་དགའ་གཅིག་དང་འདྲིས་ན་གཅིག་སང་གི་དགྲ་ལངས་གི་ཡིན་ཞེས་པའི་སྒྲ་ཉན་མཚན་དུས་དྲུག་ཏུ་ཁོང་ཁག་གཉིས་ཀྱིས་ངའི་རྣ་ལམ་སྒྲོག་ཡ་དེ་གར་རང་ལགས། འཁྲུག་ན་མི་ཐུབ་བསམ་པ་སེམསལ་མེད། དམར་ཡག་སྟག་དང་བྲེ་སེར་འབྲོག་ལ་ཡང་ལན་ཡ་ཐུབ་པའི་ཤེས་ཤུགས་དང་བློ་ཁོག་འདུག་འོན་ཀྱང་སྲོག་ལས་ཅིག་པའི་ཡིད་འཕྲོག་གཉིས་ཀྱི་ཁྱིམ་མི་བསད་ན་ལས་འབྲེལ་ལ་མི་རུང་བསམ་ཞིང༌། ངའི་བློ་གྲི་དེ་ཤུག་ནས་དབྱུང་ཏེ་སོ་སོའི་ལྟོ་བ་ལ་སྣུམ་ཀྱང༌། ན་ཚའི་སྡུག་བསྔལ་གིས་སྲོག་རྩ་བཅད་པ་ཞིག་བཅུགས་མ་ཐུབ་བོ། ཁོ་ཚོ་ཁག་གཉིས་ཀྱི་ཤེས་སྐབསདར་དཀར་སྤྲོད་དེ་དེ་འདྲ་བྱེད་མི་རུང༌། མཆོག་ཉིད་རབ་དུ་ཀྱུག་ན་རྙོག་གྲ་གང་ཡང་མེད། ཁྱོད་རང་ང་ཚོ་ཁག་གཉིས་ཀྱི་མཆོད་གནས་ཡིན་བཤད་སྐབས་ང་རང་གྲྭ་ས་འགྲོ་དགོས་བསམ་པའི་ཀྲན་སློང་གསར་དུ་བཙུགས་པ་ཡིན་རྗེས་མ་ང་རང་རྒྱ་གར་སླེབས་ཚལ་དང་ཤེས་རབ་ལྷ་མོ་ཚལ་ལ་སླེབས་ཐུབ་ཡོད་མེད། ད་ལྟར་ཁོ་གཉིས་འབྲེལ་བ་འཇགས་ཉེར་ཆེ་ཡང༌། མ་ཐར་གང་འདྲ་བྱུང་ཚུལ་ཀློག་པ་པོ་རྣམས་ལ་སྤྱན་འབུལ་ཞུ་རྩིས་ཡོད། ཁོའི་ཡིད་འཕྲོག་གས་ཞེས་པའི་བཞེས་ཚིག་བཏང་ཚུལ་ལྟ་ན་ཤེས་རབ་ལྷ་མོ་དྲ་ས་འདྲ། སྙིང་རྗི་སྔོན་གནས་དམ་ཚིག་སྲུང་ཐུབ་ན་རྙོག་གྲའི་དྲ་བ་ལས་ཐར་ཐུབ། ལྷག་བམ་བརྩེ་བ་སོགས་རྒྱན་ཏེ་བྱ་བྱེད་གང་བྱེད་ཀྱང་གཟི་བརྗིད་དང་ལྡན་པ་འགྱུར། རེ་ཞེས་བྲིས་མཙམས་ཡིནམ་གཏོགས་ངའི་དུང་སེམས་འཁྲུག་རྐྱེན་ལག་པ་འདར་ནས་མཚམས་འདུར་མ་བཞག་རང་བཞག་ཏུ་གྱུར་སོང་ལགས། ལྷག་བསམ་ཟོལ་མེད་བརྩེ་བའི་ཡིད་འཕྲོག་དེ་རིན་ཆེན་སྲོག་ལས་གཅིས་པ་བཟུང་ཐུབ་ཅིང་ཕ་མའི་བརྩེ་འདུན་བཀྲོལ་ཀྱོང་གྲལ་མི་སྲིད་ཁམས་ཕྲུག་བུ་ཡི་བརྩེ་བ་གསེར་དང་འདྲ་འདུ་ཤེས་གསུམ་པ་བ་བསོད་རྒད་ནས་གཟུར་གཏམ་སྤལ།། ཚེ་སྲོག་འབུམ་ཕྲག་བཅད་པའི་ཁྲག་རྒྱུན་གྱི་རི་མོདེ་ང་ཚོའི་སྙིང་ནད་ཅིག་ཡིན། དགུན་གྱི་གྲང་ལྷགས་གཏུམ་པོས་ཆུ་ཀླུང་རྣམས་འཁྱགརོམ་གྱི་འོག་ཏུ་འདྲེན་པ་འདྲིས་ཀླ་ཀློའི་དཕུང་ཚོས་རང་དབང་ཞི་རྒོལ་བ་རྣམས། བཙོན་འཇུག་མནར་གཅོད་བཏང་འི་དོ་ཟླ་མི་ནུས་མོད། ས་གཞིས་ཁ་བ་དཀར་པོའི་དར་གོས་མབས་ཏེ་མྱ་ངན་ཞུབ་བ་འདིས། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚས་སྙིང་སྟོབས་ལ་ཞུམ་པ་ེད་པར་གདུང་སེམས་མཉམ་སྐྱེད་བྱེད་པའི་བོད་མི་རིགས་ཀྱི་སེམས་ཁམས་མཚོན། དབྱར་ཟླ་དང་པོའི་འགོ་འཛུགས་ེར། ས་གཞིས་ཁ་བ་དཀར་པོའི་དར་གོས་ཕུད་ནས་མེ་ཏོག་དང་རྩེ་ཤིང་སོགས་འཛུམ་མདངས་རྒྱས་པ་ནི། རྒྱ་དམག་སྲན་པོ་དེ་དག་དོང་དུ་སྦས་ནས་གཞེས་བྱེས་བོད་རིགས་སྤུན་ཟླ་རྣམས་ལ་སྐྱེད་པའི་དུས་བཟང་ཞིག་ཤར་བའི་མཚོན། གནམ་སྔོན་པོ་ཐང་ལ་ལྷུང་འདྲིའི། མཐའ་ཡས་པའི་རྩྭ་ང་འདི་རུ་མེ་ཏོག་ལ་སོགས་རྒྱན་དུ་བཀོད་པའི་གཞི། གཡངདཀར་ལུག་གི་འབའ་སྒྲ། ཅང་ཤེས་རྟ་ཕོའི་འཚེར་སྒྲ། ཕྱུགས་རྫི་གཞོན་ནུའི་གླུ་དབྱངས། དེ་ནི་བོད་མི་རིགས་ཀྱི་རང་སྒྲ་རེད། ཕྱོགས་གཞིར་གངས་རིས་བསྐོར་བའི་ཐང་ཆེན་ཞིག་གི་ངོས་སུ། །རྒྱལ་མཚན་གྱི་རྩེ་མོ་ང༌། ཁ་མཆུ་ནག་པོའི་དར་ལྕོག་རླུང་གིས་བསྐྱོད་བཞིན་འི་ད་བ་སྔོ་ལྷོག་ལྷོག་འཕྱུར་བའི་འབྲིག་པ་སྦྲ་ས་ཅིག། རྭ་ལུག་དགུ་བཅུ་ཙམ་གྱི་ལྷས་རྭ་ཞིག་གི་ཉེ་གྲམ་དུ་འབྲི་གཡག་བརྒྱ་ཕྱག་ཅིག་ལྷག་ཙམ་བཏགས་ཡོདཔ་ཞིག་འདུག ། དེ་ནི་ངའི་ནང་རེད། དྲང་པོ་ཞུས་ན་ང་རང་རྒྱ་དམར་བོད་ལ་བཙ་འཛུལ་བྱས་རྗེས་མི་ལུ་ཉུ་ཤུ་ནང་ཙ་ན་མདོ་སྟོད་ཕྱོགས་སུ་སྐྱེས་ཤིང༌། དེ་དུས་ང་ཚོའི་ནང་དུ་ཕ་མ་གཉིས་དང་སྤུན་གསུམ་ཡོད། ང་སྤུན་ཐམས་ཅད་ནང་ནས་ཆེ་ཤོསདེ་ཡིན། ང་རང་དང་པོ་ལྟེ་བ་མ་དང་འབྲེལ་ནས་ཡོང་བའི་དུས་སུ། རྐང་པ་ཡོད་ཀྱང་གོམ་ཁ་བསྒྱུར་མི་ཤེས། །ནུའོ་ཁ་ལ་སྦྱར་ཡང་འཐུང་མི་ཤེས། །སེམས་ལ་དྲན་རྒྱུ་ཨ་མ་ལས་མེད་པར། །གདོང་ལ་འཁོར་བའི་སྦྲང་མ་སྐྲོག་མི་ཤེས། ད་དུང་འཁྱག་དུ་ལྷོག་དུ་རྒྱག་པའི་དུས་སུ་དྲིན་ཅནགྱི་ཡབ་ཡུམ་གཉིས་པོ་དགོང་མོའི། གཉིད་ཐེབས་བཅག་ །དེ་ལྟར་བྱམས་པའི་ཕ་མའི་བཀའ་དྲིན་འདི་སེམས་ལ་དྲན་བཞིན་དྲན་བཞིན། ལོ་ངོ་དྲུག་ནས་ཟུང་ར་ལུག་རྣམས་འཚོ་སྐྱོང་བྱས་ནས་ཕ་ཡུལ་གྱི་རྩ་ཐང་དུ་ང་དང་མཉམ་པའི་རྫི་རོགས་རྣམས་ཀྱི་ལྷན་དུ། རང་བྱུང་གི་མེ་ཏོག་འབུམ་ཕྲག་མང་པོ་ཁྲ་ལམ་མེར་བཞདཔའི་ཁྲོད་ནས་བསྟོད་གླུ་འདྲ་མིན་ལེན་རེས་བྱས་ཀྱི་ཡོད། དེ་ནས་ངས་དྲི་མ་ཞིམ་པོ་དང་ཚོན་མདོག་མི་འདྲ་བའི་མེ་ཏོག་རྣམས་རྐང་རེ་རེ་བཞན་འཐུས་སྟེ། དཀོན་མཆོག་ལ་མཆོད་པ་འབུལ་རྒྱུ་ཁྱེར་བའི་སྐབས་ཨ་མ་དའ་ནས་ངའི་འགྲམ་པ་ལ་འོ་བསྐྱལ་ནས། བུ་འདི་ཨ་མའི་མཉམདུ་ཉི་མ་ལྷ་སར་འཁྲིད་དགོས་ཟེར་ནས། མགྱོགས་མྱུར་དུ་འཁྲིད་ནས་བུ་རམ་དང་མངར་ཆའི་རིགས་སྤྲོད་ནས་བྱམས་པོ་བྱེད་ཀྱི་ཡོད། དེ་ནས་ང་ལོ་ངོ་བདུན་ལ་སླེབས་དུས་ཕ་མ་གཉིས་མ་གྲོས་བམ་པ་གཅིག་མཐུན་བྱས་ནས། ང་དང་ཨ་མ་གཉིས་ལྷ་སར་གནས་སྐོར་འགྲོ་རྒྱུ་གཏན་འཁེལ་བྱུང༌། རིམ་བཞིན་ལོ་གཅི ལ་འགོར་བའི་ཁ་བ་ལྷུབ་ལྷུབ་ཏུ་འབབ་ཅིང་སྡོང་ལོ་ཤགཤག་ཏུ་ལྷུང༌། འཇའ་ཚོན་མཁའ་ནས་ཡལ་ཞིང་མེ་ཏོག་སྤང་ལ་ཐམ་ཁྲུང་ཁྲུང་དཀར་མོའི་གཤོག་རྩལ་ལྷོ་མཐར་གཏོད་ལ་གར་གཡུ་སྦྲང་མའི་རྣམ་ཤེས་རླུང་པོས་ཁྱེར། དེ་དུས་མ་ལོས་བཀའ་དྲིན་གྱི་ཕུང་པོ་ཨ་མ་ངེད་གཉིས་བྱུང་མཚམས་བརྒྱུད་དེ་ཉི་མ་ལྷ་ས་ཕྱོགས་སུ་གོམ་ཁ་བསྒྱུར་རོ། ཟླ་གཅིག་མ་འགོར་བའི་ཙན་རིམ་གྱིས་ཉི་མ་ལྷ་སའི་གྲོང་ཁྱེར་གྱི་དབྱིབས་བཀོད་མ་ལུས་པ་ལག་མཐིལ་གྱི་རི་མོ་བཞིན་དུ་གསལ་བར་བྱུང༌། དེ་ནས་ཨ་མས་ལག་ཉིསཐལ་མོ་སྦྱར་ཏེ་མིག་ཟུང་ལསཆུ་མ་ས་རུ་ལྟུང་བཞིན་བརྗོད་དོན། དཀོན་མཆག་མཁྱེན་ཁྱད་པར་མ་སེམས་ཅན་ཐམས་ཅད་ཀྱི་དོན་ཟེར་བཞིན་ཚིག་འབྲུ་གསལ་ལ་མི་གསལ་བའི་འགའ་ཟློ་སོང༌། བརྩེ་ལྡན་ཡབ་མེས་རྣམས་ཀྱི་ངག་སྒོ་ནས་ཡང་ཡང་སྐྱོར་ཞོན་གྱི་བྱིས་པ་ལོ་གསུམ་བཞི་ཡིན་ཡང་རྣ་བར་ལེགས་པར་བྱང་ནས། དགོན་པ་དང་སྐུ་འདྲ་སོགས་མཇལ་དུས་ལག་པས་ཐལམོ་སྦྱར་བ་དང་མགོ་བོ་ས་ལ་གཏུགས་པོ་དེ་གོམས་འདུག ། ཨ་མ་ངེད་གཉིས་རིམ་བཞིན་གཙུག་ལག་ཁང་དུ་ཕྱིན་ནས་ངོ་བོརིན་པོ་ཆེ་ལ་ཐོག་མར་མཇལ་དར་ཕུལ་བ་ཡིན། ཨ་མས་མཇལ་དར་ཕལ་ནས་མ་འོངས་པའི་བདེ་སྐྱེད་སྙིང་ལ་བཟུང་བའི་བོད་མི་རིགས་ཀྱི་ན་བཞོན་རྣམས་ཀྱི་བསམ་དོན་འབད་མེད་འགྲུབ་པའི་སྨོན་ལམ་ཤུགས་ཆེན་པོ་བཏབ་སོང༌། བདུན་ཕྲག་འགའ་ཤས་ཀྱི་རྗེས་སུ་སེར་འབྲས་དགའ་གསུམ་ོགས་ལ་གནས་འཇལ་དུ་སོང་ནས་ཡུལ་མི་རྣམས་ཀྱི་བསྐུར་བའི་བསྔོ་རྟེན་དང་ཞལ་འདེབས་རིགས་ཕུལ་པ་ཡིན། ཨ་མ་ངེདགཉིས་ལྷ་ས་རུ་འབྱོར་ནས་ཟླ་བ་གཅིག་གི་རྗེས་སུ་དཀའལྡན་སྨོན་ལམ་ཆེན་མོ་ཡང་ཚོགས་སོང༌། མདོ་སྟོད་སྨད་སགས་ནས་གནས་མཇལ་བ་སྟོང་ཕྲག་མང་པོ་སླེབས་འདུག་ཅིང༌། ཙུག་ལག་ཁང་གི་མཐའ་སྐོར་གཡས་གཡོན་ཐམས་ཅད་དགེ་འདུན་པས་ཁེངས་ནས་ས་ཆ་ཡོངས་རྫོགས་རིམ་བཞིན་དུ་ཁ་དོག་དམར་པོལྟབུ་ཞིག་ཆགས་འགྲོ་བཞིན་འདུག ། དེ་ནས་ཕྱི་ལོ་༡༩༨༧ཟླ༩པར་ངས་ཚེས་པ་ག་ཚོད་ཡིན་མིན་གསལ་པོ་ཞིག་བཤད་ཐུབ་ཀྱི་མི་འདུག་ །ཉིན་དེར་ང་ཚོའི་བའི་ོད་རྒྱལ་འདི་ནུབ་ཕྱོགས་པས་གཡོ་སྒྱུ་དང་ཧམ་པ་ལ་བྱང་བའི་བདུད་འདྲེ་དེ་ཚོས་ཡུལ་དགོན་གྲངས་མེད་གཏོརབ་དང༌། སྤུན་ཟླ་སྟོང་ཕྲག་དུ་དམར་གསོད་བཏང་བའི་དུསདྲན་ཉིན་མོར་དེ་ཡིན། ངས་ཨ་མའི་ལག་གཡས་པའི་འཛུབ་མོ་ནས་དམ་པོ་འཇུས་ནས་གཙུག་ལག་ཁང་བར་བསྐོར་ལ་བསྐྱོད་བཞིན་ཡོད། དེ་ནས་དབང་ཕྱོགས་ལྷུན་པོའི་རྩེ་ནས་འཕགས་མ་ཐག་པའི་ཉི་གཞོན་གྱི་འོད་མདངས་རྣམས། ཕོ་བྲང་པོ་ཏུ་ལའི་གསེར་གྱི་རྒྱ་ཕིབས་དག་གི་ཐོག་ལ་ཕོག་སྟེ་ཉི་འོད་ཀྱིཛུམ་ཟེར་དང་གསེར་འོད་ཀྱི་ཀྲག་མདངས་གཉིས་ཕན་ཚུན་གང་ིན་མི་ཤེས་པ་ཞིག་གིས། ཕོ་བྲང་པོ་ཏུ་ལའི་གཡས་གཡོན་ཐམས་ཅད་དབྱར་དུས་ཀྱི་རྩ་ཐང་ཞིག་ཏུ་རང་བྱུང་གི་སེར་ེན་མེ་ཏོག་བྱེ་བ་དུང་ཕྱུར་ཞིག་ལྷན་ཅིག་ཏུ་འཛུམ་མདས་རྒྱས་པ་ལྟར་སེར་ལྷམ་མེར་གྱུར་འདུག །ངའི་མིག་གཉིས་ཀས་ཀྱང་ཐད་ཀའི་ལམ་ཕྲེང་མ་གཏོགས་མགོ་བོ་ཡར་བཀྱགས་ནས་ལྟ་མི་ཐུབ་པའི་ལྟབུ་ཚོར་བ་བྱུང༌། ཉིན་རྒྱབ་དེར་ན་གཞོན་སེར་སྒྱ་དུ་མ་ཞིག་གིས་ལག་པའི་ཁུ་ཚུར་གནམ་དུ་སྒྲེང་ནས། སྐད་འབོད་ལྷང་ལྷང་དུ་སྒྲོག་ཤིང༌། རས་དཀར་པོ་ཁ་བ་ལྟབུ་ཞིག་ན་ཡིག་འབྲུ་འགའ་ཤས་བྲིས་པ་ཞིག་དཔྲལ་བར་བསྡོམས་ནས། དངོས་ལ་ཁྲོ་གཉེར་རྩེགས་ཤིང༌། སྙིང་སྟོབས་ལ་ཞུམ་པ་མེད་པའི་ངང་ནས། བོད་རྒྱལ་དར་ལག་ཏུ་བཟུང་བའི་གྲྭ་པ་དེས། འགོ་ཁྲིད་བྱས་ནས་སྐད་འབོད་གནམ་ས་འགས་པ་ལྟར་ཚང་མས་དཔུང་པ་མཉམ་གཤིབ་ངང་ནས། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག ། ང་ཚོའི་བོད་ལ་རང་དབང་དགོས། ཞེས་ངར་སྒྲ་ལྷང་ལྷང་དུ་སྒྲོག་བཞིན་འདུག་།དྲང་པོ་ཞུས་ན་ང་རང་གི་སེམས་ལན་གཞོན་སེར་སྐྱ་ཚང་མ་སེམས་ཤུགས་དང་དགའ་ཞེན་ཆེན་པོ་ིག་ཡིན་པ་ཉི་མ་དེར་མ་གཏོགས་ཤོས་རྟོགས་མེད། ཨ་མས་ལམ་ེང་ངའི་ལག་གཡས་པ་ནས་དམ་པོ་འཇུས་ནས་ཟུར་ཞིག་ལ་ཁྲིད་ན སོང༌། རིམ་བཞིན་སྐད་འབོད་བ་རྣམས་གཙུག་ལག་ཁང་གི་མདུན་ཐང་དུ་སླེབས་པ་དང༌། གློ་བུར་དུ་དྲག་ཆས་སྤྲས་པའི་ཉེན་རྟོག་པ་ཁྱུ་ཚོགས་ལྔ་ཙམ་ཞིག་གིས་འཛིན་བཟུང་བྱེད་པར་བརྩམས། འོན་ཀྱང་སྐད་འབོད་མཁན་སྤྱི་དང་ལྷག་པར་རྒྱལ་དརབཟུང་བའི་གྲྭ་པ་དེས་རྒོལ་འཛིན་དྲག་ཏུ་བྱས། མི་ཚོས་སྐད་ཅོད་སྒྲོག་ཅིང་ཐ་ན་གཡས་གཡོན་ནས་ལྟས་སདོད་མཁན་གྱི་རྒན་གཞོན་དབྱེ་བ་མེད་པར་དེ་ཚོས་ཀྱང༌། རྒྱ་འདྲེ་དེ་ཚོ་དཀོན་མཆོག་མཁྱེན་དང་ཚོའི་མི་ཞེས་རྗོད་བཞིན་འདུག་ །གངས་སེང་ཅན་གྱི་རྒྱལ་དར་འཁྱེརབའི་གྲྭ་པ་དེ་ཉེན་རྟོག་དམག་མི་དེ་ཚོས་ཉེས་བརྡུང་ཇི་ལྟར་བཏང་ནའང༌། ལག་གི་རྒྱལ་དར་རྩ་བ་ནས་མ་གློད་ར་ད་དུང་མི་མཐུད་ནས་དེར་མི་དམངས་ཀྱི་ཁྱོད་ནས་མགྲིན་པ་གཟེངས་སུ་བཏེགས་ཏེ། རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཞེས་འབོད་ཚིག་ལÇËང་ལྷང་དུ་སྒྲོགས་པའི་སྐབས་དེར། ཀླ་ཀློའི་དཔུང་ཚོགས་ཀྱིས་ང་ཚོའི་ཁྲོད་དུ་མེ་མདའ་ཡིས་མདེའུ་ཆར་པ་འབབ་པ་བཞིན་བརྒྱབ་སོང༌། ཕྱོགས་བཞིར་ནས་བལྟ་བཞིན་པའི་མེ་དམངས་ཀྱི་མག་ཆུ་དག་ནི་ཕྲེང་ཐག་ཆད་པ་ལྟར་ས་ུར་ལྷུང་བཞིན་འདུག །ངས་ཨ་མའི་གདོང་ལ་ལ་བལྟས་པས་ཨ་མ་ཡང་ལག་ཡགས་པས་མགོ་ལ་འཁྲུག་འཁྲུག་བྱས་ཏེ་གཡོན་པས་མིག་ཆུ་ཕྱི་ཞིན་ཁོང་ཚོ་ལ་ལྟ་བཞིན་འདུག ། དྲང་པོ་ཞུས་ན། ངས་ཅེ་བྱེད་མེད་པའི་ངང་ཁོང་ཚོ་ལ་བལྟས་ནས་བསྡད་པ་ཡིན། དམག་མིའི་དཀྱིལ་ན་ལག་ཏུ་བོད་ཀྱི་རྒྱལ་དར་བཟུང་བའི་གྲྭ་པ་དེར་དམག་མི་གཉིས་ཀྱིས་སྟོད་གྲི་སྔོ་ཆེམ་མེར་བཏོན་ནས། བཙུགས་ཤིང་དམ་དུ་བཟུང་བའི་བོད་ཀྱི་རྒྱལ་དར་དེ་ཡང་ལེ་ཐང་དུ་འགྱེལ། དམ་པོར་བཅིངས་པའི་ཁུ་ཚུར་གཉིས་ཀྱིས་དམག་གོས་པོ་སྒྲེབ་སོང༌། རྒྱལ་གཅེས་དཔའ་བོ་དཔའ་མོ་དེཚོ་རེ་རེ་བཞིན་ལག་གཉིས་རྒྱབ་ཏུ་བཀྱིགས་ཏེ། དེར་འདུས་པའི་བོད་མི་བརྒྱ་ཕྲག་དང་བྲལ་ནས་ཉེན་རྟག་པས་རླངས་འཁོར་ཞག་གི་ནང་དུ་འཁྲིད་ནས་སོང༌། ཤ་ཁྲག་ཅིག་པའི་སྤུན་ཟླ་རྣམས་པ། ཁོང་ཚོ་མི་ཚེའི་འུན་ལམ་དར་ཅི་འདྲ་ཞིག་བྱེད་རྩིས་ཡོད་མེད་སུས་ཀྱང་བརྗོད་མི་ཐུབ་པ་ཞིག་རེད། ངོ་ཚ་མེད་པའི་གཡོ་སྒྱུ་དང་ཧམ་པ་ལ་བྱང་བའི་མི་ནང་འདི་ཚོས་ང་ཚོའི་བོད་མི་རིག ལ་མཐོང་ཆུང་དང་ཁྱད་གསོད་ཤ་སྟག་བྲིས་ནས་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ལ་འགྲེལ་བཤད་བརྒྱབ་ཀྱི་ཡོད། ང་ཚོའི་བོད་གངས་ན་ལྗོངས་འདི་སྲི པ་ཆགས་པའི་དུས་ནས་བཟུང་ུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་བར་དུ་རྒྱལ་རབས་དང་ལོ་རྒྱུས་གངལ་བལྟས་ན་རང་བཙན་རྒྱལ་ཁབ་ཅིག་ཡིན། ཆགས་སྡང་གི་ཁྲག་མཚོས་སྙིང་ཁམས་དཀྲགས་ཤིང་ཕྲག་དོག་གི་རྭ་ཅོ་གོ་ལ་གཟིངས་པའི་མི་ཡུལ་གྱི་རྒྱ་འདྲེ་འདི་ཚོས། བོད་གངས་ཅན་ལྗོངས་འདི་མུ་མཐུད་ནས་རྒྱ་ནག་གིམངའ་ཁོངས་སུ་བསྡུས་ནས་འགྲོ་རྩིས་བྱེད་བཞིན་ཡོད། ང་ཚོ་དུས་རབས་གསར་པའི་བོད་མི་རིགས་རྣམས་རྒྱ་ནག་གི་དྲག་ཤུགས་འོག་ཏུ་སྡོད་འདོད་མེད་པ་ཤིན་ཏུ་གསལ། ང་དགུ་ལོ་དང་རིག་གནས་གསར་རྗེའི་སྐབས་ཀྱི་རྨ་ཁ་རྣམས་བོད་མི་རིགས་ཀྱི་ལུས་སྟེང་ནས་སོས་ཡོངས་ཀྱང༌། བཙན་འོག་གི་གདུབ་རྩུབ་འོག་ཏུ་བོད་མི་རིགས་ཀྱི་ཚེ་སྲོག་འབུམ་ཕྲག་བཅད་པའི་ཁྲག་རྒྱུན་གྱི་རི་མོ་དེ། ང་ཚོ་བོད་མི་རིས་ཀྱི་ན་གཞོན་རྣམས་ཀྱི་སེམས་ཁུང་དུ་བཞག་པའི་སྙིངནད་ཅིག་ཡིན། གཡོ་སྒྱུར་དང་ངན་རིག་ལ་གོམས་པའི་ཅང་ཙེའུ་མེ་གཙོས་པའི་ཀླ་ཀློ་དཔུང་ཚོགས་ཀྱིས་བོད་མི་རིགས་ཀྱི་མགོའི་སྟེང་དུ་ཕུག་གི་མིགས་ཡུལ་ཅི་འདྲ་ཞིག་འཛིན་བཞིན་ཡོད་མོད། ང་ཚོས་མི་རིག་ཀྱི་སེར་སྐྱ་ཚང་མས་ངེས་པར་དུ་ཤེས་དགས་པ་ཞིག་ཆགས་ཡོད།